Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོ་སྒྲུབ།next

མདོ་སྒྲུབ།


CMR043_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཤེས་རབ་སྙིང་པོའི་བཟླས་བརྗོད་ལ། །བརྟེན་ནས་རྒོད་གཏོང་བཟློག་པ་ནི། །རང་ཉིད་ཐུབ་པའི་བསྐྱེད་རིམ་ནི། །སྲུང་བ་དུས་ལྟར་བསྒོམས་བྱས་ཏེ། །སྲུང་འཁོར་བར་དུ་སངས་རྒྱས་ཀྱི། །སྐུ་རྣམས་བསྒོམ་པར་མི་བྱའོ། །རང་ཉིད་ཐུབ་པའི་འོད་ཟེར་ཕྱོགས་བཅུར་འཕྲོས། །གནོད་བྱེད་བྱད་མ་རང་དབང་མེད་པར་བཀུག །ཕྱི་རོལ་འཁོར་ལོའི་རྩིབས་བར་རྣམས་སུ་བཞག །འཁོར་ལོའི་རྩིབས་སྟོང་སྤུ་གྲི་ངར་རྣོ་བས། །གནོད་བྱེད་རྒྱུག་རྒྱུག་གཏུབས་ནས་བེམ་རིག་བྲལ། །མེས་བསྲེགས་རླུང་གིས་གཏོར་ནས་རྗེས་མེད་བཏང་། །ཁོ་ཡི་རྣམ་ཤེས་ཨ་ཡིག་རྣམ་པ་རུ། །སྟོན་པའི་མཛོད་སྤུར་ཐིམ་པས་ཆོས་སྐུ་ཐོབ། །ཟབ་མདོ་བདུན་ནམ་གསུམ་བཟླས་དེ་ཡི་རྗེས། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷྱོ་དྷི་སྭཱ་ཧཱ། གནོད་བྱེད་བྱེད་མ་ལ་བྷྱོ་ཛཿ ཨ་ཝཱཀྐ་ཙིཏྟ་ཧཱུྃ་བྷ་ཡ་ནན་ཟློག །ཨོཾ་ཟློག །ཨཱཿཟློག །ཧཱུྃ་ཟློག་སྭཱ་ཧཱ། སྔགས་གྲངས་བརྒྱའམ་ཉེར་གཅིག་བདུན་སོགས་བཟླས། །རང་ཉིད་ཤཱཀ་ཐུབ་ནམ་མཁའ་ཁྱབ་པའི་སྐུ། །ཕྱག་གཡས་ཉི་མ་བསྐལ་པའི་མེ་ཆེན་འབར། །ཕྱག་གཡོན་ཟླ་བ་བསྐལ་པའི་རླུང་ནག་འཚུབ། །ཐུགས་ཀའི་འོད་ཀྱིས་གནོད་བྱེད་དགྲ་བགེགས་


CMR043_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །རང་དབང་མེད་པར་ཉི་ཟླའི་བར་དུ་བཀུག །ཕྱག་གཉིས་བརྡབས་པས་གདོན་བགེགས་བྱེད་མ་རྣམས། །མེས་བསྲེགས་ཐལ་བ་རླུང་གཏོར་ལུས་ངག་བརླག །སེམས་ཀྱི་གདུག་རྩུབ་ཁོ་རང་ཉིད་ལ་སྨིན། །ན་མོ་བླ་མ་ལ་ཕྱག་འཚལ་ལོ། །ནས། །རབ་ཏུ་ཞི་བར་གྱུར་ཅིག །ཏདྱ་ཐཱ། ཨོཾ་ག་ཏེ་སོགས་དང་། གནོད་བྱེད་བྱེད་མ་ལ་ཨ་བྷྱོ་ཛ། །ཨ་ཝཱཀྐ་ཙིཏྟ་ཧཱུྃ་བྷ་ཡ་ནན་ཟློག །ཨོཾ་ཟློག །ཨཱཟློག །ཧཱུྃ་ཟློག་སྭཱ་ཧཱ། གནོད་བྱེད་སྡེ་བརྒྱད་བྱད་མའི་ཤ་རུས་ཁྲག་རྩ་ལ་ཧུར་ཧུར་ཟློག །ཐལ་མོ་བརྡབ་ཅིང་འབུམ་བཟློག་ཉེར་གཅིག་བཀླག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་བརྗོད། འདི་ལ་ཞལ་ཤེས་ཐུགས་ལ་སྦས། དེ་ནས་དམིགས་མེད་སྟོང་ཉིད་རྒྱ་ཡིས་གདབ། །བཟློག་པ་འདི་ཉིད་ཁོ་ན་བྱས་པས་ཀྱང་། །ལོ་ལ་མི་འགོར་ཕ་རོལ་བརླག་པར་གསུངས། །བཟློག་རྟགས་ནམ་མཁར་སྔགས་སྒྲ་གྲག་པ་དང་། །གཞན་གྱིས་ཕྱག་འཚལ་ནག་ལས་རྒྱལ་བ་དང་། །གཡུལ་ལས་རང་རྒྱལ་སེར་བ་བཟློག་སོགས་འབྱུང་། །འདི་བྲིས་ཉེས་བཤགས་དགེ་བ་འགྲོ་ལ་བསྔོ། །རཱ་ག་ཨ་སྱས་བྲིས་པ་སྤྱི་རྒྱུ། མངྒ་ལཾ།། །།


previousམདོ་སྒྲུབ།next