Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རི་ཁྲུས།
   
   
   
   
   
   
   
   
   
   
   
   
   


 
previousརི་ཁྲུས།next

རི་ཁྲུས།


CMR043_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲུས་བཞུགས་སོ། །ཐོག་མར་བུམ་པ་ཁ་རྒྱན་མགུལ་ཆིངས་མཚན་ཉིད་དང་ལྡན་པའི་ནང་དུ་ཆུ་དཀར་བུམ་རྫས་བཏབ་ལ་བསྒྲུབ་པ་ནི། སྐྱབས་སེམས་བདག་གི་རྣལ་འབྱོར་སྔོན་སོང་གིས། ཧཱུྃ་ལས་རིན་བ་བུམ་པ་ནི༔ ཞབས་ཞུམ་ལྟོ་ལྡིར་མཆུ་འཕྱང་མགྲིན་པ་རིང་༔ ཁ་ཡངས་ཆུ་དང་བཅུད་ཀྱིས་གཏམས་པའི་ནང་༔ པད་ཟླ་ལྔ་ཚོམ་དབུས་དང་དེ་ཡི་སྟེང་༔ ཀུན་བཟང་མ་ཀི་སྤྱན་མ་ན་བཟའ་དཀར༔ དམ་སྒྲོལ་ལྷ་མོ་རིགས་ལྔ་གསལ་བ་ཡིས༔ སྤྱི་བོར་ཁྲུས་ལྷ་རྣམ་འཇོམས་ལྷ་ལྔ་གསལ༔ མཐིང་དཀར་སེར་དམར་ལྗང་གུ་ཞི་འཛུམ་ཉམས༔ སྣ་ཚོགས་རྡོ་རྗེ་དྲིལ་བུ་མདའ་དར་དང་༔ མེ་ལོང་བསྣམས་པ་སྣང་སྟོང་འཇའ་ལྟར་བསྐྱེད༔ སྤྱན་དྲངས་བསྐྱེད་བསྟིམས་མཆོད་འབུལ་ཕྱག་འཚལ་བསྟོད༔ ཡེ་ཤེས་བདུད་རྩིས་བུམ་པ་གང་བར་གྱུར༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཨེ་ཁཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་སརྦ་པཱ་པཾ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བསྙེན་པ་གཉིས་པོ་བརྒྱ་སྟོང་སྐབས་དང་བསྟུན་ནས་བཟླས། ལྷ་མོ་ལྔ་ཡི་སྟེང་དུ་རྣམ་འཇོམས་བསྐྱེད། གསལ་སྟོང་མ་ཡེངས་ངང་དུ་བུམ་སྒྲུབ་བྱའོ། །ས་མ་ཡ་རྒྱ་རྒྱ་རྒྱ༔ བུམ་ལྷ་འོད་དུ་ཞུ་ནས་བདུད་རྩིས་བུམ་པ་གང་བར་གྱུར༔ དེ་ཡི་དམིགས་པའི་ངང་ལ་ཅུང་ཟད་བཞག །རྡོ་རྗེ་སློབ་དཔོན་གྱིས་


CMR043_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པའམ་པད་འབྱུང་སྐུ་འདྲ་ལ་མེ་ལོང་བསྟན་ལ་བུམ་པ་ཐོགས་དྲིལ་བུ་བསིལ་ཞིང་འདི་སྐད་དོ།། ཧཱུྃ༔ སྔོན་ཚེ་ཤཱཀ་ཐུབ་པདྨ་འབྱུང་༔ འགྲོ་བ་འདྲེན་ཕྱིར་སྐུ་འཁྲུངས་དུས༔ ཀླུ་ཆེན་བརྒྱད་ཀྱིས་ཁྲུས་གསོལ་ལྟར༔ དེ་རིང་བདག་གིས་སྐུ་ཁྲུས་གསོལ༔ ཉོན་མོངས་དྲི་མ་མི་མངའ་ཡང་༔ མཁའ་མཉམ་བདེ་ལ་བཀོད་པ་དང་༔ གཙང་རིས་ལྷ་སྲིན་མཆོད་པའི་ཕྱིར༔ དེ་བཞིན་བདག་གིས་ཁྲུས་གསོལ་ལོ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་སྐུ་ཁྲུས་གསོལ། ཁྲུས་དར་ཐོགས་ལ། ལྷ་དབང་བརྒྱ་བྱིན་ཀཱ་ཤའི་རས་ཕྱིས་ལྟར༔ ལྔ་ལྡན་དར་གྱིས་སྐུ་ཕྱི་ན་བཟའ་གསོལ༔ ཉམས་གྲིབ་དྲི་མའི་བསིལ་བ་མི་མངའ་ཡང་༔ ཡུལ་ལྷ་གཞི་བདག་ལྷ་སྲིན་སྡེ་བརྒྱད་ལ༔ ཕོག་ཐུག་ཉམས་ཆག་མཆིས་པ་གསོ་སློང་ཕྱིར༔ བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་བགྱི༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝལྟ་ཨཱཿཧཱུྃ༔ མེ་ལོང་ངོས་ལ་སྐུ་ཕྱི་ཚུལ་བྱ་ཞིང་ན་བཟའ་སྐུ་ལ་གསོལ་ཁྲུས་ཆུ་བུམ་པ་ནང་དུ་བླུག་བུམ་པ་མེད་ན་གཏོར་འགུས་ཆོག །དེ་ནས་མེ་ལོང་ཡུལ་རིས་ཁང་ཁྱིམ་སོགས་ལ་བསྟན་ཞིང་རི་ཁྲུས་བྱ་བ་ནི། ཧཱུྃ༔ དེ་རིང་བཟང་གསུམ་ཉི་མ་ལ༔ ནམ་མཁའི་ལྷ་མོས་ཁྲུས་གསོལ་བས༔ སྨྱོ་འབོག་བརྒྱལ་འཐིབ་འདར་ཞིང་


CMR043_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་༔ དེ་རྐྱེན་རིམས་བྱུང་དག་གྱུར་ཅིག༔ ཨོཾ་ཨེ་དེ་ཝཱི་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་མེ་ལོང་ངོས་ལ་ཁྲུས་བྱ༔ དེ་ལྟར་རིམ་བཞིན་ཁྲུས་བྱ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་འཕགས་པའི་དགེ༔ མཁའ་འགྲོ་ཆོས་སྐྱོང་ནོར་གྱི་ལྷ༔ གཏེར་སྲུང་ཡུལ་ལྷ་གཞི་བདག་ལ༔ ཆུ་ཡི་ལྷ་མོས་ཁྲུས་གསོལ་བས། ལ་ཞེ་སྡང་ཉམས་གྲིབ་ཕོག་པ་ཡི༔ འཐབ་རྩོད་ཁྱད་གསོད་སྣད་འཆི་བསྐྲད༔ མཚོན་གྱི་སྐལ་ངན་དག་གྱུར་ཅིག༔ ཨོཾ་ཁི་དེ་ཝཱི་སརྦ་པཱ་པཾ་ཤྲིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ ས་སྙིང་ས་ཡི་ལྷ་མོ་བརྟན༔ ལོ་ཟླ་སྤར་སྨེ་རྗེ་བློན་དང་༔ སྣང་སྲིད་ས་བདག་ཀླུ་གཉན་བཙན༔ ཡུལ་རིས་གཞི་བདག་ཐམས་ཅད་ལ༔ ས་ཡི་ལྷ་མོས་ཁྲུས་གསོལ་བས༔ ངོ་རྒྱལ་ཉམས་གྲིབ་ཕོག་པ་ཡི༔ ཆར་མེད་ཐན་པ་བཙའ་སད་སེར༔ མུ་གེའི་བསྐལ་ངན་ཞི་གྱུར་ཅིག༔ ཨོཾ་ལཾ་དེ་ཝཱི་སརྦ་པཱ་པཾ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ སྲིད་པ་ཆགས་པའི་ལྷ་དགུ་དང་༔ བོད་ཀྱི་མགུར་ལྷ་བཅུ་གསུམ་རྗེ༔ བརྟན་མ་བཅུ་གཉིས་དགེ་བསྙེན་དང་༔ སྡེ་དཔོན་སུམ་བརྒྱ་དྲུག་ཅུ་དང༔ ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་ལ༔ མེ་ཡི་ལྷ་མོས་ཁྲུས་


CMR043_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བས༔ འདོད་ཆགས་ཉམས་གྲིབ་ཕོག་པ་ཡི༔ དམར་བཤལ་མགོ་གཟེར་རྒྱུ་གས་དང་ཁོང་ལྷོག་རིམས་ནད་བེ་གེ་འབྲུམ༔ ནད་ཀྱི་བསྐལ་པ་ཞི་གྱུར་ཅིག༔ ཨོཾ་རཾ་དེ་ཝི་སརྦ་པཱ་པཾ་ཤཱིནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ ཕྱོགས་བཅུ་སྟོང་གི་གཞི་བདག་དང་༔ སྲིད་པ་སྟོང་གི་གཞི་བདག་དང་༔ ཡུལ་རིས་སྟོང་གི་གཞི་བདག་རླུང་གི་ལྷ་མོས་ཁྲུས་གསོལ་བས༔ ཕྲག་དོག་ཉམས་གྲིབ་ཕོག་པ་ཡི༔ ས་ལོག་རི་ཉིལ་མཁར་ཁང་སྡིབ༔ མི་མཐུན་འགལ་རྐྱེན་དག་གྱུར་ཅིག༔ ཨོཾ་ཡཾ་དེ་ཝཱི་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ༔ ཕ་ལྷ་མ་ལྷ་ཞང་ལྷ་དང་༔ སྲོག་ལྷ་ལུས་ལྷ་བསྟེན་པའི་ལྷ༔ དགྲ་བླ་ལམ་ལྷ་མགོན་སྐྱོབས་ལྷ༔ སྐྱེས་ལྷ་ཡུལ་ལྷ་གཉེན་པོ་ལ༔ རྣམ་པར་འཇོམས་པས་ཁྲུས་གསོལ་བསཾ༔ བསང་མཆོད་ཞན་དང་གདོན་མར་སྦས༔ དུར་བཏབ་བྲག་བཤིགས་ཤིང་གཉན་གཅད༔ རི་དྭགས་བཤོལ་དང་རི་མེ་བཀྱེས༔ དམེ་རྨུགས་བཙོག་དང་ནལ་གྲིབ་ཕོག༔ མི་ལ་ནད་མང་ནོར་གོད་ཆེ༔ ཞིང་ལ་བཙའ་སད་སེར་ཐན་འབེབས༔་བཀྲ་མི་ཤིས་པའི་ལྟས་དགུ་འབྱུང་༔ ཐམས་ཅད་མ་ལུས་བྱང་གྱུར་ཅིག༔ ཡེ་ཤེས་ཁྲུས་མཆོག་


CMR043_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསོལ་བས༔ ལྷ་ངོ་དགུང་བས་མཐོ་བར་ཤོག༔ སྲིད་གསུམ་ཤེལ་བས་གསལ་བར་ཤོག༔ ཡུལ་ལྷ་བཀྲག་མདངས་རྒྱས་པར་ཤོག༔ འདོད་རྒུའི་། དཔལ་འབྱོར་རྒྱས་པར་ཤོག༔ ཆར་ཆུ་དུས་འབེབས་ལོ་འབྲས་ལེགས༔ བཀྲ་ཤིས་བསྟན་པ་མཐའ་རྒྱས་ཤོག༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ སྭཱ་ཧཱཿ སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་རི་ཁྲུས་འདི་བྱས་པས་ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་ཉམས་ཆག་སོང་བ་རྣམས་བྱང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནམ་ཆོས་ལས་བྱུང་བར་ཨ་རཱ་གས་བསྒྲིགས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousརི་ཁྲུས།next