Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བའི་ཟིན་བྲིས་ལག་ཏུ་བླང་བདེ་བ།
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བའི་ཟིན་བྲིས་ལག་ཏུ་བླང་བདེ་བ།next

རྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བའི་ཟིན་བྲིས་ལག་ཏུ་བླང་བདེ་བ།


CMR043_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བའི་ཟིན་བྲིས་ལག་ཏུ་བླང་བདེ་བ་བཞུགས་སོ། །


CMR043_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྲིན་ལས་བདག་ཉིད་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ཐུན་མོང་མ་ཡིན་པ་འདིའི་ལས་ཚོགས་ཟབ་མོ་གནད་ཀྱི་མཆོག་ཏུ་བསྟན་པ༔ ཤིན་ཏུ་ཟབ་པའི་བཀའ་རྒྱ་ཅན་འདི་ཡིན་ཏེ༔ བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བ་ནི་སྤྱིར་དགེ་འདུན་གྱི་སྟེགས༔ རྒྱལ་པོའི་ཕོ་བྲང་༔ རྣལ་འབྱོར་པའི་སྒྲུབ་ཁང་ལ་སོགས་པ་རྣམས་ས་བཀྲ་ཤིས་ཤིང་༔ ལོངས་སྤྱོད་འདུ་བའི་རྟེན་འབྲེལ་ནི་ཕུར་པ་བི་ཏོ་ཏ་མ་ལ་ནོར་བུ་འབྱུང་བའི་རྒྱུད་ལས་བྱུང་བ་ལྟར་བྱས་ཏེ༔ བཀྲ་ཤིས་པའི་ས་ལས་བྱས་པའི་རྫ་བུམ་བྲེ་གང་ཤོང་བའི་ནང་དུ༔ གྲོ་གའམ་རྒྱ་ཤོག་ལ་རྒྱ་སྣག་གིས༔ ཨོཾ་བྷ་རུ་ན་ཡེ་ཧཱུྃ་སྭཱ་ཧཱཿ ཕུ༔ ཨོཾ་བཱ་སུ་ཀི་མཾ་སྭཱ་ཧཱཿ ཨོཾ་ཝ་རུ་ཎ་


CMR043_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྭཱ་ཧཱཿ ཨོཾ་ནཱ་ག་རཱ་ཛཿ བཱ་སུ་པུཎྜི་སརྦ་མངྒ་ལཾ་སིདྡྷི་སྭཱ་ཧཱཿ ཞེས་པའི་ཤོག་དྲིལ་མཇུག་ནས་དྲིལ་ཏེ༔ མགོ་མཇུག་མ་ལོག་པར་དར་སྐུད་སེར་པོས་བཅིངས་ནས་ནང་གཞུག་བྱས་ཏེ༔ སྤྲ་ཚིལ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་གཟུགས་སོར་བརྒྱད་པ་རྒྱལ་པོའི་ཆ་བྱད་ཅན་སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ༔ ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་༔ གཡོན་ཨུཏྤ་ལ་བསྣམས་པ༔ སྐུ་སྨད་སྦྲུལ་དུ་འཁྱིལ་བ༔ དེ་ལ་གི་ཝཾ་གིས་བྱུག་སྟེ༔ ཨོཾ་ནཱ་གི་མ་ཎི་མུ་གུ་ཎཾ་སརྦ་མངྒ་ལཾ་སྭཱ་ཧཱཿ ཕུ༔ དེ་ནང་གཞུག་བྱས་ལ༔ དེའི་མདུན་དུ་རྫས་གོང་མ་ལ་ཀླུ་མོ་ནོར་བུའི་ཅོད་པན་ཅན་སོར་བདུན༔ སྦྲུལ་མགོའི་གདེངས་ཀ་ལྔ་ཡོད་པ༔ ཐལ་མོ་སྦྱར་ཏེ་ཡབ་ལ་གཟིགས་པ༔ དེ་གཉིས་ལྟོ་སྦྱར་ཏེ་བུམ་པར་


CMR043_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག༔ ལུང་པའི་མདའ་གསུམ༔ ལྔ་བདུན་དགུ་བཅུ་གཅིག་ནས་ཕྱུག་པོ་གཡང་ཅན་ལས་འབྲུ་སྣ་བླང་ལ་བུམ་པར་བཅུག༔ དེ་ཡང་དར་སྣ༔ སྨན་སྣ༔ འབྲུ་སྣ༔ རིན་པོ་ཆེ་སྣ་ལྔ་དང་༔ བུད་མེད་སྔར་ཡུགས་ས་མ་ཕོག་པ༔ ཕ་མ་མ་ཁྱོ་འཛོམ་པའི་བུས་འཐུང་པའི་ནུ་ཞོ་དང་༔ བ་དཀར་སེར་གྱི་འོ་མ་དང་༔ ར་དཀར་མོའི་འོ་མ༔ དེ་གསུམ་ཕྱེ་གཙང་གིས་སྦྲུས་ལ་རིལ་བུ་བྱ༔ དེ་ནས་དཀར་གསུམ་མངར་གསུམ་བླུགས་ལ་ཁེངས་པར་བྱས༔ རྒྱལ་ཟླ་ནག་པ་ཟླ་བ༔ ཆུ་སྟོད་ཟླ་བ་ཐ་སྐར་ཟླ་བ་སྟེ༔ ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་བཟང་བ་ལ༔ དཀོན་མཆོག་ལ་མཆོད་པ་བཤམས༔ འབྲུའི་གཡུང་དྲུང་བྲིས་པའི་སྟེང་དུ་བུམ་པ་བཞག༔ དགེ་སློང་བཞི་སྡེའི་གདིང་བ་བཏིང་ཆོས་གོས་གྱོན་ནས་ཁ་ལྷོ་ཕྱོགས་སུ་གྱུས་ནས༔ མཆོད་པ་རྣམ་ལྔ་དང་དཀར་གཏོར་ཀླུ་སྨན་བཏབ་པ་བཤམས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ལན་བདུན༔ ཨོཾ་སྭ་བྷ་སོགས༔ སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་བུམ་པ༔ ལྟོ་བ་ཡང་བ་མགྲིན་པ་རིང་བ༔ མཆུ་འཕྱང་བ༔ ལྷ་རྫས་གོས་ཀྱི་མགྲིན་པ་དཀྲིས་པ༔ དེའི་ནང་དུ་ཁཾ་ལས་བྱུང་བའི་འོ་མའི་རྒྱ་མཚོ༔ དཔག་ཚད་བརྒྱ་ཁྲི་བཞི་སྟོང་པ༔ མཐའ་གསེར་གྱི་བྱེ་མ་དང་༔ རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་བུ་བདལ་བའི་དབུས་སུ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་


CMR043_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པ་དང་ཟླ་བའི་གདན་བཞི་ཚོམ་གྱི་དབུས་མར༔ ཡི་གེ་དམར་སེར་ཡོངས་སུ་གྱུར་པ་ལས༔ ཀླུའི་རྒྱལ་ང་རྒྱས་སྐུ་མདོག་དམར་སེར༔ རྒྱལ་པོའི་ཆ་བྱད་ཅན༔ སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ༔ ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་༔ གཡོན་པས་ཨུཏྤ་ལ་བསྣམས་པ༔ སྐུ་སྨད་སྦྲུལ་དུ་འཁྱིལ་པ༔ དེའི་མདུན་དུ་ཀླུ་མོ་ནོར་བུའི་ཅོད་པན་ཅན༔ སྦྲུལ་མགོའི་གདེངས་ཀ་ལྔ་ཡོད་པ༔ ཐལ་མོ་སྦྱར་ཏེ་ཡབ་ལ་གཟིགས་པ༔ གཡས་དང་གཡོན་དུ༔ ནོར་རྒྱས་ཀྱི་བུ་དང་བློན་པོ་གཉིས༔ གདེངས་ཀ་བདུན་དང་ལྡན་ཞིང་སྦྲུལ་མཇུག་ཅན༔ ཐལ་མོ་སྦྱར་བའི་བར་དུ་ནོར་བུ་འཛིན་པ༔ བཞི་ཀའང་དར་དང་རིན་པོ་ཆེས་བརྒྱན་ཅིང་༔ འཛུམ་པའི་མདངས་དང་ལྡན་པ༔ གནས་གསུམ་ཡི་གེ་གསུམ་དང་༔ ཐུགས་ཀར་ཟླ་སྟེང་ཕུཡིག་ལ་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས་པས༔ ལྷོ་ཕྱོགས་རྒྱ་མཚོའི་ནང་ནས༔ ཀླུའི་རྒྱལ་པོ་ནོར་རྒྱས་ཡབ་ཡུམ་སྲས་འཁོར་ལོངས་སྤྱོད་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཧཱུྃ༔ རི་རབ་ཆེན་པོའི་ལྷོ་ཡི་ཕྱོགས༔ མཐའ་


CMR043_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱ་མཚོ་ཆེན་པོ་ནས༔ ཀླུ་ཡི་རྒྱལ་པོ་ནོར་རྒྱས་དང་༔ ཀླུ་མོ་ནོར་བུའི་ཅོད་པན་ཅན༔ ནོར་རྒྱས་བུ་དང་བློན་པོ་དང་༔ འཁོར་དང་ལོངས་སྤྱོད་བཅས་པ་རྣམས༔ དད་ཅིང་གུས་པས་སྤྱན་འདྲེན་ན༔ སྔོན་གྱི་དམ་ཚིག་དབང་གིས་ནི༔ སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ༔ བུམ་པ་ཀླུ་ཡི་ཕོ་བྲང་ནི༔ རྒྱ་མཚོ་ཆེན་པོར་གྱུར་པའི་ནང་གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ཧཱུྃ་ཛ་ཛཿ ཧཱུྃ་ནཱ་ག་ཡཾ་སྤ་ར་ཎ་ཧཱུྃ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ནཱ་ག་བཱ་སུ་ཀི་མཾ་ཨཾ་ཀུ་ཤ་ཛཿ ཏིཥྛ་ལྷན༔ ཐུབ་དབང་ཕྱག་རྡོར་རྟ་མགྲིན་དང་༔ པདྨ་འབྱུང་ནས་སྤྱན་སྔ་རུ་ཁས་བླངས་དམ་ཚིག་དྲན་མཛོད་ལ་བདག་གིས་བཅོལ་བའི་ལས་སྒྲུབས་ཤིག༔ ཨོཾ་ཝ་རུ་ཎ་ས་པ་རི་ཝཱ་ར༔ ས་མ་ཡ་མ་ནུ་སྨ་ར་ཡ༔ ས་མ་ཡ་མ་ཏི་ཏཱ་མ་ཏི་ས་མ་ཡ་རཀྵནྟུ༔ ཅོག་རྡོག་ཆངས་བུ་ཏིང་ལོ་བྲན་ལ༔ ཨ་ཀཱ་རོ་སོགས༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ནོར་རྒྱས་ནི༔ བཙུན་མོ་སྲས་དང་བློན་པོ་དང་༔ འཁོར་དང་བཅས་པ་ཐམས་ཅད་ཀྱི༔ རྗེས་འབྲང་ཀླུ་ཐིལ་སྒབ་འདྲེའི་རིགས༔ རྟ་མགོ་ཅན་དང་གླང་མགོ་ཅན༔ སྤྲུལ་པ་བྱ་གཟུགས་སྣ་ཚོགས་སྟོན༔ གནམ་ཐིལ་དགུ་དང་ས་


CMR043_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཐིལ་དགུ༔ སྤང་ཐིལ་དགུ་དང་བསེ་རག་དགུ༔ ཤར་ལྷོ་ནུབ་བྱང་བིལ་རང་བཞི༔ མེ་ཐིལ་ཆུ་ཐིལ་རླུང་ཐིལ་དང་༔ བྲག་ཐིལ་ལ་སོགས་གནོད་བྱེད་ཀུན་།གདུག་པའི་ཞེ་སྡང་སེམས་མ་འཆང་༔ ང་རྒྱལ་རློམ་སེམས་དྲག་པོའི་མཐུས། མི་ལ་གནོད་བྱེད་ཀླུ་གདོན་ཁྱོད༔ གསང་བདག་བཀའ་ལ་མ་འདའ་བར༔ མཆོད་སྦྱིན་གླུད་གཏོར་འདི་བཞེས་ལ༔ གནོད་པ་ཅི་ཡང་མ་བྱེད་ཅིག༔ ཨོཾ་ནཱ་ག་རཱ་ཙ་བ་རུ་བ་ན་ཧྲི་ད་དེ་སྡེ་ཀྲ་ཧཱ་ཡ་མུ་ཁ་མུན་ཛ་ཧཱུྃ་ཕཊ༔ ཨོཾ་ནཱ་ག་རཱ་ཙ་བ་སུ་ཀི་ཏྲི་ཏ་སྟེ་ཏྲ་ཧ་ཡ་བ་ནས་མུ་ཁ་མུན་ཛ་མུན་ཛ་ཧཱུྃ་ཕཊ་སྭཱ་ཧཱཿ ཀླུའི་རྒྱལ་པོ་ནོར་རྒྱས་དང་ནོར་རྒྱས་བུ་ལ་ཕྱག་འཚལ་ལོ༔ ཁྱོད་ཀྱི་གདོན་དང་ཀླུ་སྲིན་ནི༔ རྟ་དང་གླང་གི་མགོ་ཅན་ཡིན༔ ཁྱེད་གཉིས་ཀླུ་དང་ས་བདག་དང་༔ ཐེལ་རང་བཙོན་བདུད་ཆུང་སྲི་དང་༔ རྨོངས་འདྲེ་རྣམས་དང་མ་སྡོངས་ཤིག༔ ཀླུ་མཆོད་པ་གནས་སུ་མཆོད༔ གདོན་ཕྱེ་བ་ཐུར་དུ་བཀར་ཝ་རུ་ན་ཏྲ་ཧཀྵ་མུ་ཁ་ཕུད་ཅིག༔ ཨོཾ་ནཱ་ག་རཱ་ཙ་སརྦ་ཏྲི་ཏ་སྡེ་ཀྲ་ཧ་ཡ་ནན༔ ཨི་དན་ཏེ་ན་ར་ཀན་བ་རཱ་ཧི་ཡ་སརྦ་ས་མ་ཏི་ནན༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ བྱ་ཁྱུང་རྒྱལ་པོའི་


CMR043_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་རྩལ་དང་༔ བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ ཀླུ་ཐིལ་གདོན་ཚོགས་མ་ལུས་ཀུན༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ གནས་འདིར་བདག་ཅག་འཁོར་བཅས་ཀྱི༔ ཚེ་སྲོག་ནོར་ལ་མ་གནོད་ཅིག༔ གསང་སྔགས་ལས་བྱུང་མནའ་ཡི་ཚིག་ཁྱོད་ཀྱི་སྙིང་ལ་གནས་པ་སྟེ༔ དམ་ཚིག་འདི་ལ་མ་འདའ་ཞིག༔ དམ་ཚིག་འདི་ལས་འདས་གྱུར་ན༔ འཆི་བདག་གིས་ནི་གསལ་ཤིང་ལྟར༔ ཁྱོད་ཀྱི་ཡན་ལག་གཅོད་པར་བྱེད༔ དེ་བས་དམ་ལ་མ་འདའ་ཞིག༔ ཨོཾ་བཛྲ་ཧཱུྃ་ཀ་ར་ཏྲ་བ་ཏྲ་བ་ཏྲི་བ་ཡཀྵ་ཧ་ལ༔ ཧཱུྃ༔ ནོར་རྒྱས་གདོན་གྱུར་རྟ་ཡི་མགོ༔ ནོར་རྒྱས་བུར་གདོན་གླང་མགོ་ཅན༔ བདུད་རྩི་སྨན་གྱི་མཆོད་པ་དང་༔ ཡས་དང་གླུད་ཀྱི་གཏོར་མ་འབུལ༔ གཙོ་བོའི་དམ་ཚིག་དྲན་མཛོད་ལ༔ གནས་འདིར་བདག་ཅག་འཁོར་བཅས་ཀྱི༔ ཚེ་སྲོག་སྲིས་ལ་མ་རྐུ་ཞིག༔ བཟུང་བ་ཐོང་ལ་བཅིངས་བ་ཁྲོལ༔ བསམ་སྦྱོར་ངན་པ་ཞི་བར་མཛོད༔ ཨོཾ་པུ་ནེ་པུ་ནེ་ཙན་ཏེ་ཡེ་སྭཱ་ཧཱཿ ནཱ་ག་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཀླུ་ཐིལ་ཝིག་ན་འདི་ཡིན་ཝིག་གོ༔ ཧཱུྃ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་དང་༔ བྱ་ཁྱུང་རྒྱལ་པོའི་བཀའ་བྱུང་གིས༔ ཀླུ་ཆེན་ནོར་རྒྱས་བཙུན་མོ་


CMR043_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྲས༔ འཁོར་བཅས་ལས་བྱུང་གདོན་གྱི་ཚོགས༔ ཀླུ་སྲིན་ས་སྲིན་ཐེའུ་རང་དང་༔ འགོང་པོ་ཡི་དྭགས་འབྱུང་པོ་རྣམས༔ འདི་རུ་འདུག་པའི་གནས་མེད་ཀྱི༔ ཐམས་ཅད་རང་རང་གནས་སུ་སོང་༔ ཨོཾ་ནཱ་ག་རཱ་ཛཿ ཏི་ཕྲལ་ཤག༔ ནོར་རྒན་ཚ་ཚ་ཐ༔ ཨོཾ་བཛྲ་ག་རུ་ཊ་ནཱ་ག་མཱ་ར་ཡ༔ ཨུ་ཙ་ཏ་ཡ་ཕཊ་ཕཊ༔ འདི་དང་པོ་ཚར་གསུམ་བདུན་སོགས་བཏོན་ནས་རྒྱུན་དུ་མཐོན་ཀྱང་བཟོད༔ ཅེས་པ་གད་པ་བྲག་ཕུག་ཤིང་གཅིག་སོགས་གནས་ཁང་དེ་མི་མཐོང་བའི་སར་བསྐྱལ་བཅུག་གོ༔ ཨོཾ་ལས་ཀླུ་རྣམས་དགྱེས་བསྐྱེད་པའི༔ མཆོད་སྤྲིན་བསམ་མི་ཁྱབ་པར་གྱུར༔ ཨོཾ་བཛྲ་སྤ་ར་ཎ་ཁཾ༔ མཆོག་གསུམ་དག་པའི་ཡོན་ཆབ་དང་༔ ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དང་༔ ཙནྡན་ནཱ་གི་སྤོས་དཀར་དྲི༔ དགེ་ཞིང་མུན་འཇོམས་ནོར་བུའི་འོད༔ སྤོས་དང་སྨན་སྦྱོར་ཆུ་གཙང་དང་༔ དཀར་གསུམ་མངར་གསུམ་གཙང་མའི་ཟས༔ སིལ་སྙན་རོལ་མོ་བསྟོད་པའི་དབྱངས༔ རིན་ཆེན་སྣ་བདུན་གཏེར་དང་བརྒྱད༔ ཁྲུས་ཀྱི་རྫིང་བུ་དཔག་བསམ་ཤིང་༔ འདོད་པའི་ཡོན་ཏན་རྣམ་པ་ལ༔ ཀླུ་ཡི་རྒྱལ་པོ་ནོར་རྒྱས་ནི༔ བཙུན་མོ་སྲས་དང་བཅས་ལ་འབུལ༔ གནས་འདིར་ཀླུ་ནད་མི་འབྱུང་


CMR043_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ བཀྲ་ཤིས་ལོངས་སྤྱོད་རྒྱས་པར་མཛོད༔ ཨོཾ་བྷ་རུ་ན་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས༔ ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱཿ ཀླུ་རྒྱལ་ནོར་རྒྱས་འཁོར་བཅས་ལ༔ ནཱ་ག་གེ་སར་སྤུས་པ་དང་༔ རྒྱ་མཚོ་སྦུ་བ་ཨ་རུ་ར༔ ཛཱ་ཏི་པ་ལ་གུར་གུམ་དང་༔ ཙནྡན་དཀར་དམར་པུ་ཤེལ་དབང་པོ་ལག་དང་སྙིང་ཞོ་ཤ༔ ཆུ་སྲིན་སྡེར་མོ་ལེ་བརྒན་དར༔ མགྲོན་བུ་དུང་དང་མུ་ཏིག་དང་༔ ཉི་ཕྱིས་ཟླ་གོར་ཞོ་ཤ་དང་༔ མཁལ་མ་ཤོ་ཤ་རྨ་བྱའི་མདོངས༔ སྟ་རུ་རྒུན་འབྲུམ་མངར་གསུམ་དང་༔ གསེར་གྱི་བྱེ་མ་རས་སྐུད་དང་༔ འོ་མ་དང་ནི་འབྲུ་སྣ་ལྔ༔ རིན་ཆེན་སྣ་ཚོགས་མ་ལུས་པ༔ ཁྱད་པར་དུ་ནི་དབུལ་བར་བྱ༔ ཀླུ་ཡི་ནད་རྣམས་སོས་གྱུར་ཅིག༔ ཀླུ་ནད་ངན་པ་ངས་གསོ་འི༔ མི་ནད་ངན་པ་ཁྱོད་ཀྱིས་སོལ༔ ཨོཾ་ནཱ་ག་རཱ་ཙ་བུདྡྷ་བྷ་ག་ཝན༔ ན་མོ་རཏྣ་ཏྲ་ཡ་ཡཱ་ཧ་ཧ་ཧུ་ཧུ༔ ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱཿ ཨོཾ་ཨ་ཀཱ་རོ་སོགས༔ ཨོཾ་བྷ་རུ་ན་ཡ་ཧཱུྃ་སྭཱ་ཧཱཿ ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ནོར་རྒྱས་ནི༔ དམར་སེར་རྒྱལ་པོའི་ཆ་བྱད་ཅན༔ སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན༔ སྐུ་སྨད་གདུག་པ་སྦྲུལ་དུ་


CMR043_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ༔ པད་ཟླ་རིན་ཆེན་ཁྲི་ལ་བཞུགས༔ དེ་ཡི་བཙུན་མོ་དམར་སེར་མདོག༔ ཀླུ་མོ་ནོར་བུའི་ཅོད་པན་ཅན༔ སྦྲུལ་མགོའི་གདེངས་ཀ་ལྔ་དང་ལྡན༔ ཐལ་མོ་སྦྱར་ཏེ་ཡབ་ལ་གཟིགས༔ གཡས་སུ་ཀླུ་ཆེན་ནོར་རྒྱས་བུ༔ གཡོན་དུ་དེ་ཡི་བློན་པོ་གཉིས༔ གདེངས་ཀ་བདུན་ལྡན་སྦྲུལ་མཇུག་འཁྱིལ༔ སྐུ་མདོག་དཀར་སེར་འོད་ཟེར་ཕྱག་མཚན་རིན་ཆེན་འབར་བ་བསྣམས༔ སྣ་ཚོགས་པད་ཟླའི་གདན་ལ་བཞུགས༔ ཀླུ་ཆེན་ནོར་རྒྱས་འཁོར་བཅས་ལ༔ རབ་ཏུ་གུས་པས་བདག་གིས་བསྟོད༔ བུམ་པ་ཀླུ་ཡི་གཞལ་ཡས་ཁང་༔ རྒྱ་མཚོ་ཆེན་པོའི་གཏིང་རུམ་འདིར༔ རྟག་ཏུ་བརྟན་པར་བཞུགས་ནས་ཀྱང་༔ ཀླུ་གཡང་དངོས་གྲུབ་བསྩལ་དུ་གསོལ༔ ཀླུ་ཡི་འཕེན་གཡང་ཕྱུགས་གཡང་དང་༔ ཀླུ་ཡི་བཀྲག་མདངས་གཟི་མདངས་གཡང་༔ ཀླུ་ཡི་ཆུས་སྲིད་བཀྲ་ཤིས་གཡང་༔ བསོད་ནམས་ཕུན་ཚོགས་ཀླུ་ཡི་གཡང་༔ དངོས་གྲུབ་ཕུན་ཚོགས་ཆུ་ཡི་ཡང་༔ སྟོན་ཟླ་འབྲིང་པོའི་ཉ་གསུམ་ལ༔ ཀླུ་ཡི་དངོས་གྲུབ་དམ་པ་སྩོལ༔ ཕྱུགས་གཡང་དར་གཡང་སྐྱིད་གཡང་རྣམས༔ ཁུ་ཡེ་ཕྱྭ་དང་གཡང་དུ་བྱོན༔ ཀླུ་ཡི་བཀྲ་ཤིས་


CMR043_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མི་ཁྱབ༔ བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག༔ ཀླུ་རྣམས་ཆུས་སྲིད་དབང་ཐང་ཚེ༔ བཀྲ་ཤིས་དེ་ཡང་འདིར་འབྱུང་ཤོག༔ ཀླུ་ཆེན་ནོར་རྒྱས་དངོས་གྲུབ་མཚོ༔ གནས་འདིར་འགྲུབ་པའི་བཀྲ་ཤིས་ཤོག༔ རྒྱ་གར་རྒྱལ་པོའི་རྒྱལ་སྲིད་དང་རྒྱ་ནག་རྒྱལ་པོའི་དཔལ་འབྱོར་དང་༔ ཧོར་གྱི་རྒྱལ་པོའི་མཐུ་སྟོབས་སོགས༔ འཛམ་གླིང་ཀུན་གྱི་ཕུན་ཚོགས་བཅུད༔ ཐམས་ཅད་གནས་འདིར་འདུ་བར་ཤོག༔ བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག༔ བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག༔ ཨོཾ་པརྣ་ཤ་བ་རི་སུ་རུ་སི་ཏི་ཧཱུྃ་ནཱ་ག་སི་ཏི་ཕ་ལ་སྭ་ཏི་སྭ་ཏི༔ ནོར་རྒྱས་ཐུགས་ཀར་ཟླ་སྟེང་ཕུཝཡིག་མཐརཿ་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས༔ སྟོང་གསུམ་ཁམས་ཀྱི་མི་གཡང་ནོར་གཡང་དང་༔ ཀླུ་གཡང་དངོས་གྲུབ་ནོར་བུའི་བཅུད་རྣམས་ཀུན༔ བསྡུས་ནས་བུམ་པའི་ནང་དུ་ཐིམ་བསྒོམ་ཞིང་༔ ཨོཾ་བྷ་རུ་ཎ་ཡེ་ཧཱུྃ་སརྦ་སིདྡྷི་སྭཱ་ཧཱཿ ཞེས་དང་༔ ཨོཾ་བཱ་སུ་ཀི་མཾ་སྭཱ་ཧཱཿ ཞེས་པའི་བསྙེན་པ་དེ་ལ་ཅི་འགྲུབ་འབད༔ ཆོ་ག་འདི་དང་བསྙེན་པ་མང་ན་བཟང་༔ རབ་ཏུ་ར་བ་བཞི་ཡི་ཡར་ངོ་ཡི༔ གཟའ་སྐར་བཟང་ཞིང་ཀླུ་ཐེབས་ཡོད་པའི་དུས༔ འབྲིང་དུ་སྟོན་ཟླ་འབྲིང་པོའི་ཉ་གསུམ་མམ༔ ཐ་མ་ནམ་སྐབས་ཀླུ་ཐེབས་


CMR043_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་དུས༔ གོང་ལྟར་མཆོད་གཏོར་བུམ་པ་ཡོད་སར་འབུལ༔ གོང་གི་སྤྲ་ཚིལ་རྫས་དེ་མ་འཛོམས་ན༔ ས་གཙང་ལ་བཟོས་སྲུང་ངམ་སྤྲ་ཚིལ་བྱུག༔ ཀླུ་གཏོར་བཏང་ཡང་གཏོར་ཆུ་དེ་རུ་བསྐྱབུམ་པ་དེ་ཁང་པའི་དབུས་ཁྲུ་གང་ཡན་ཆད་ཀྱི་རྩིག་པའི་ཁང་གསེབ་ཏུ་གཞུག༔ སྤོས་དང་དཀར་གསུམ་གྱིས་མཆོད་ལ་འདོད་པའི་དོན་ལ་གསོལ་བ་གདབ༔ ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱན་ཐཱ་ག་ཏོ་ཧྱ་བ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱཿ དེའི་སྟེང་དུ་ཞ་ལ་བྱས་ཏེ༔ ཉི་མ་ཟླ་བ་བཀྲ་ཤིས་པའི་མཆོད་རྟེན་ལ་སོགས་པ་བྲིའོ༔ དེས་ནི་ནོར་ལོངས་སྤྱོད་འཕེལ་བ་དང་༔ དགེ་འདུན་རྒྱལ་པོ་རྣལ་འབྱོར་པ་གང་ཡིན་ན་ཡང་བསྟན་པ་དར་ཞིང་རྒྱས་པར་འགྱུར་རོ༔ ཨེ་མ་དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ༔ གཅིག་ལ་བྱིན་ཀྱང་ཀུན་ལ་ཕན་མི་ཐོགས༔ གསེར་དངུལ་ཇ་དར་སྦྱིན་པའི་འགྱེད་བྱས་ཀྱང་༔ ཅུང་ཟད་ཕན་གྱིས་རྟག་ཏུ་ཕན་མི་ཐུབ༔ བཀྲ་ཤིས་བདེ་ལེགས་འབྱུང་བའི་གདམས་པ་འདི༔ བསྟན་ལ་ཕན་ན་ཀུན་ལ་སྤེལ་བ་ན༔ ཟང་ཟིང་སྦྱིན་པའི་མཆོག་ཏུ་འགྱུར་བར་སེམས༔ དེ་ཕྱིར་གཞན་ཕན་བསམ་པ་བཟང་པོས་བྲིས༔ འོན་ཀྱང་འགལ་འཁྲུལ་ཉེས་པའི་ཚ་མཆིས་སམ༔ སྦ་འོས་གསོལ་བཀོད་ཉེས་པ་མཆིས་སྲིད་ན༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ལ་བཤགས༔ དགེ་བས་འདི་དང་འབྲེལ་པ་ཐོགས་ཚད་ཀུན༔ ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པར་ཤོག༔ ཨ་རཱ་གས་སོ༔ སརྦ་མངྒ་ལཾ།།


previousརྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བའི་ཟིན་བྲིས་ལག་ཏུ་བླང་བདེ་བ།next