Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བུམ་གཏེར་བཞག་དུས་གནས་བདག་བརྔན་ལ་གཏོར་འབུལ།
   
   
   
   
   
   
   


 
previousབུམ་གཏེར་བཞག་དུས་གནས་བདག་བརྔན་ལ་གཏོར་འབུལ།next

བུམ་གཏེར་བཞག་དུས་གནས་བདག་བརྔན་ལ་གཏོར་འབུལ།


CMR043_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གཏེར་བཞག་དུས་གནས་བདག་བརྔན་ལ་གཏོར་འབུལ་ནི། གཏོར་མ་དཀར་གྱིས་བརྒྱན་པ་བཤམས་ལ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་ཆེན་སྣོད་ནང་དུ། །མཐུན་རྫས་འདོད་པའི་ཡོན་ཏན་བསམ་མི་ཁྱབ། །མཆོད་གཏོར་འདོད་པའི་ཡོན་ཏན་འདི་རྣམས་ཀྱིས། །ས་དང་བར་སྣང་མ་ལུས་ཁྱབ་པར་གྱུར། །ཨོཾ་ཨཱཿཧཱུྃ། །ཡུལ་འདིར་གཉུག་མར་གནས་པའི་གཞི་བདག་མཆོད། །འཁོར་བཅས་ལ་སོགས་གཞི་བདག་མགྲོན་རྣམས་ཀུན། །མ་ལུས་མྱུར་བ་ཉིད་དུ་ད་བྱོན་ཅིག །མཆོད་གཏོར་དགྱེས་བཞིན་གསོལ་བས་ཚིམ་པར་གྱུར། །ཨོཾ་ཨ་ཀཱ་རོ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གཉུག་མར་གནས་པའི་གཞི་བདག་མ་ལུས་པ། །རང་རང་འོད་དང་མཐུན་པའི་དངོས་འབྱོར་དང་། །ཡིད་སྤྲུལ་མཆོད་པ་རྒྱ་མཚོས་ཚིམས་གྱུར་ནས། །དཔལ་ལྡན་བླ་མའི་བཀའ་ལས་མ་འདའ་བར། །སྤྱིར་དུ་སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །ཁྱད་པར་ཡུལ་འདིར་ནད་མཚོན་མུ་གེ་སོགས། །འཇིགས་པའི་འཚེ་བ་མ་ལུས་ཞི་བ་དང་། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་ལྡན་པ་ཡི། །མངའ་ཐང་དཔལ་


CMR043_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གོང་ནས་གོང་དུ་འཕེལ། །ཆོས་ལྡན་འདོད་དགུ་མ་ལུས་འགྲུབ་པར་མཛོད། །རུ་ང་ཕྲག་དོག་ཀོ་ལོང་བཟོད་མཛོད་ལ། །ཞི་བ་བྱང་ཆུབ་སེམས་དང་ལྡན་པ་ཡིས། །ཡུལ་ཁམས་བདེ་ལེགས་དགེ་བར་སྐྱོང་བ་དང་། །ཕྲིན་ལས་རྣམ་བཞི་འགྲུབ་པའི་སྡོང་གྲོགས་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་མཚལ་སྡེ་བློ་བཟང་རྣམ་རྒྱལ་གྱིས་བསྐུལ་ནས་སྔགས་འཆང་རཱ་ག་ཨ་སྱས་བྲིས་པའོ། །མངྒ་ལཾ།། །།


previousབུམ་གཏེར་བཞག་དུས་གནས་བདག་བརྔན་ལ་གཏོར་འབུལ།next