Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཀུན་རིག་གི་སྒོ་ནས་ཕུང་པོ་སྲེག་སྦྱང་གི་ཆོ་ག་ངན་སོང་དོང་སྤྲུག་ཕན་བདེ་རྒྱ་མཚོ་ཞེས་རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་ལས་བཀོལ་བ།


 
previousདགོངས་གཏེར་ཀུན་རིག་གི་སྒོ་ནས་ཕུང་པོ་སྲེག་སྦྱང་གི་ཆོ་ག་ངན་སོང་དོང་སྤྲུག་ཕན་བདེ་རྒྱ་མཚོ་ཞེས་རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་ལས་བཀོལ་བ།no next

དགོངས་གཏེར་ཀུན་རིག་གི་སྒོ་ནས་ཕུང་པོ་སྲེག་སྦྱང་གི་ཆོ་ག་ངན་སོང་དོང་སྤྲུག་ཕན་བདེ་རྒྱ་མཚོ་ཞེས་རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་ལས་བཀོལ་བ།


CMR043_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཀུན་རིག་གི་སྒོ་ནས་ཕུང་པོ་སྲེག་སྦྱང་གི་ཆོ་ག་ངན་སོང་དོང་སྤྲུག་ཕན་བདེ་རྒྱ་མཚོ་ཞེས་རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་ལས་བཀོལ་བ་བཞུགས་སོ། །


CMR043_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྣམ་པར་སྣང་མཛད་ལ། །དང་པོ་ཉིད་དུ་ཕྱག་འཚལ་ནས། །པུར་སྦྱོང་ཆོ་ག་རྒྱུད་དང་ནི། །མན་ངག་ཅི་བཞིན་བྲི་བར་བྱ། །ས་རྒོད་ས་ཆོག་རྒྱས་པར་མ་གྲུབ་ཅིང་། །ལྟོ་འཕྱེ་ལ་སོགས་བརྩི་ཚུལ་ཤེས་དཀའ་བས། །སྦྱིན་སྲེག་བླུགས་ས་དེ་རུ་ས་མི་བརྐོ། །རྡོ་ལེབ་བསྒྲིགས་སམ་ཤིང་ལེབ་བཀོད་པའི་སྟེང་། །གཞན་ནས་ས་ཉོབ་བླང་བླུགས་ལེགས་པར་བཅག །དེ་སྟེང་དཀར་གཏོར་གཉིས་བཤམས་ཏེ། །རང་ཉིད་དྲན་རྫོགས་ཀུན་རིག་གསལ་བསྒོམ་ལ། །འདི་ཉིད་འདོན་སྒོམ་བྱས་པས་འཐུས་པ་ཡིན། །ཧཱུྃ། རང་ཉིད་བཅོམ་ལྡན་ཀུན་རིག་གི །ཕྱག་གཡས་ས་ལ་བརྡབས་པ་ཡིས། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །ས་ཡི་ལྷ་མོ་གསེར་གྱི་མདོག །ཐལ་སྦྱར་


CMR043_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནས་བུམ་པ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་སྨྲས། །སྐྱ་ཕྱེད་ས་ཡི་ནང་ནས་ཐོན། །ས་བདག་ཚོགས་ཀྱིས་བསྐོར་བར་གསལ། །ཨོཾ། ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །འདིར་གནས་ས་བདག་ཚོགས་དང་བཅས། །དཀྱིལ་འཁོར་བསྒྲུབ་ཕྱིར་འདིར་གཤེགས་ལ། །ས་གླུད་མཆོད་གཏོར་འདི་བཞེས་ལ། །ཨོཾ་པྲ་ཤྲཱི་དེ་ཝཱི་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱ༔ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་པྲི་ཤྲཱི་དེ་ཝི་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དཀྱིལ་འཁོར་


CMR043_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །གནས་འདིར་དོར་ནས་ཕྱིར་བཟུར་ཞུ། །ས་བདག་ས་ཡི་ལྷ་མོ་རྣམས། །དགའ་བའི་ཡིད་ཀྱིས་ཐལ་སྦྱར་ཏེ།། རྒྱུས་འདིར་གནང་གི་ཅི་བདེར་སྤྱོད། །ཅེས་གསུངས་ས་བདག་རྣམས་ནི་བྱེར། །ལྷ་མོ་ས་དེར་ཐིམ་གྱུར་པས། །ས་ཡང་གསེར་གྱི་ཕུང་པོར་གྱུར། ༈ །རིན་ཆེན་སྣོད་དུ་ཐིག་ཚོན་རྣམས། །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿརྣམས་ལས། །བཅོམ་ལྡན་རིགས་ལྔའི་སྐུར་གྱུར་པ། །འོད་ཞུ་ཐིག་ཚོན་སོ་སོར་གྱུར། །ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཨོཾ་བཛྲ་ཙི་ཏྲ་ས་མ་ཟློཡ་ཧཱུྃ། དེ་ནས་ཐིག་གདབ་སྤྱི་ལྟར་རོ། །ཐབ་ཀྱི་ནང་དུ་གདུང་རེ་མིག་ལ་རིགས་ལྔ་ཡབ་ཡུམ་བཞིའི་ཕྱག་མཚན་བྲི། ཐབ་ཀྱི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་སེམས་དཔའ་བཅུ་དྲུག་སྒེག་སོགས་བརྒྱད་དང་སྒོ་བ་བཞི། དེས་ཕྱིའི་ལྷ་སྣམ་ལ་རིམ་གྱིས་བསྐལ་བཟང་དཔེ་བྲལ་ཉན་རང་ཁྲོ་བོ་རྣམས་བྲི། དེ་ནས་སྒོ་ཕྱེའམ་མེད་ཀྱང་རུང་སྟེ། འཁོར་ཡུག་དཔལ་མགོན་བདུན་དང་རྡོ་ར་འོད་ཟེར་ཕྲེང་བ་བྲི་བ་སོགས་དཔེའུ་རིས་ལྟར་རོ། །འདིར་སྒོ་རྫོགས་བྲི་མ་ཐུབ་ན་ཡང་ཕྱིའི་ལྷ་རྣམས་ཚོན་སྤུངས་སམ། ནས་འབྲུ་ལ་སྔགས་བཟླ་ཞིང་བཀོད་པར་སྣང་གསུངས་སོ། །དེ་ནས་དཀྱིལ་འཁོར་སྟེང་དུ་དར་རམ་རས་སམ་བལ་སོགས་གང་འབྱོར་གྱི་ཞལ་ཁེབས་བྱས་ལ། །དེའི་སྟེང་དུ་རབ་འབྲིང་ཐ་མའི་གདུང་ཁང་


CMR043_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དཔེའུ་རིས་ལྟར་བརྩེགས། ཐ་མལ་པ་ལ་རྡོ་སྐྱིད་ཤིང་སྡོང་སོགས་བརྩེགས། སྐྱེས་བུ་དམ་པའི་གདུང་ལ་གཟུངས་ཆུས་བཀྲུ་ཞིང་རས་སམ་སྣམ་བུ་ཕྱི་དྲི་བཟང་གིས་ཁྱབ་པར་བྱུག་ཞལ་དུ་བླུག །ཕལ་པ་ལ་ཡང་ཕྱིར་ལྡོག་ཚང་བར་བྱས་པས་ཆོག །རྩ་རིག་སྔགས་པའི་གོས་དང་རྒྱན་གྱིས་བརྒྱན། ༈ གནས་ཡིག་ནི་མགོ་མཛོད་སྤུ་རྣ་བ་གཡས་གཡོན་གཙུག་ཕུད་དང་། སླར་ཡང་རིགས་ལྔའི་སྔགས་དཔུང་པ་གཡས་གཡོན་ལ། ཨོཾ་སརྦ་བིད་ཨ་ཝ་ར་ཎ་ནི་བི་ཤོ་དྷ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ དཔུང་པ་གཡས་ལ་རྩ་རིག །སྣ་བུག་གཉིས་ལ། ཨོཾ་སརྦ་བིད་ཧཱུྃ། རྐང་པར། ཨོཾ་སརྦ་བིད་ཕཊ༔ པུས་མོ་གཡས་ལ། ཨོཾ་སརྦ་བིད་པུས་མོ་གཡོན་༈ ལ། ཨོཾ་སརྦ་བིད་ཧཱུྃ། བོལ་གཡས་ལ། ཨོཾ་སརྦ་བིད་དྲ། བོལ་གཡོན་ལ། ཨོཾ་སརྦ་བིད་སྭཱ། ལོང་བུ་གཡས་ལ། ཨོཾ་སརྦ་བིད་ལོང་བུ་གཡོན་དུ། ཨོཾ་སརྦ་བིད་ཧཱུྃ། མིག་གཡས་ལ། ཨོཾ་སརྦ་བིད་ཏྲ། མིག་གཡོན་ལ། ཨོཾ་ཤད། གསང་གནས་སུ། ཨོཾ་བྷ། ཞེས་པ་རྣམས་རབ་གུར་གུམ་གྱིས་བྲིས་ནས་སོ་སོར་སྦྱར། འབྲིང་མཚལ་གྱིས་བྲིས་ལ་གནས་བཅོ་བརྒྱད་དུ། ཀློག་པའི་ཚུལ་དུ་བྱས་མགོ་དང་དཔུང་པ་གཉིས་སུ་འདོགས། ཐ་མ་སྔགས་ཚར་གསུམ་ཀློག་ནས་གནས་སོ་སོར་གདབ་པར་བསྒོམ། དེ་ནི་སྦྱོང་རྒྱུད་ལུགས་སོ། །བསྡུ་ན་གཙོ་བོའི་སྔགས་འགོ་དང་ལྷ་མོ་བརྒྱད་སྒོ་བ་བཞིའི་སྔགས་ཡན་ལག་བཞི་ལ་བཏགས་


CMR043_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བཏགས་གྲོལ་ཡོད་ནའང་སྙིང་གར་འདོགས་སོ། །དེ་ལ་ཕྱིར་ལྡོག་དབང་བསྐུར་རྒྱས་བསྡུས་གང་ལྕོགས་སྔོན་ཏུ་ཚར་བར་བྱའོ། །དེ་ནི་རོ་ཚེས་བྱའོ། །ཡམ་ཤི་ང་ནི་བལ་བུ་གླང་མ་ལྕང་མ་སོགས་མེ་ཏོག་དང་ཤུག་པ་དཀར་ཞིང་རོ་མངར་བ་གང་རུང་སྟེ། སློབ་དཔོན་གྱི་མཐེའུ་ཆུང་གི་ཚད་ཙམ་སོར་བཅུ་གཉིས་པ་པདྨ་འདབ་བརྒྱད་དོད་པར་བྱས་པས། མར་ཁུའམ་འོ་མ་སྦག །དེ་ནས་ལྔ་སེར་དང་གདོང་མ་ཐུག་པར་འདུག་ལ། གཡས་སུ་བསྲེག་རྫས་བཀོད་པའི་གོ་རིམ་ནི། ཡམ་ཤིང་། མར་ཁུ། ཏིལ། ཡུངས་ཀར། ཞོ་ཟན། ཟས་མཆོག །དུར་ཝ། ནས། གྲོ། སོ་བ། སྲན་མ། འབྲས། ཀུ་ཤ། བིལ་བ། སྟག་ཤིང་ཐོག་སྣ་ཚོགས། མེ་ཏོག །སོ་རྩི། ན་བཟའ། དཀར་གསུམ་མངར་གསུམ། མེ་ཏོག་ནི་དཀར་པོ་ནས་དཀར་སོགས་ཀྱིས་རུང་། བིལ་བའི་ཚབ་ལ་སེ་ཐོག་དང་། སྟརྒའི་ཚབ་ལ་ཤུག་ཐོག་བྱའོ། །དེ་ཐམས་ཅད་སྤོས་ཀྱིས་བདུག་པའམ་བྱུག །འབྲུ་ཐམས་ཅད་མར་ཁུས་ཅུང་ཟད་བྲན། དུར་ཝ་ལ་འོ་མ་ཀུ་ཤ་ལ་མར་ཁུས་སྦག་ལ་བཤམས་པར་གསུངས་སོ།། ༈ གཡོན་དུ་མཆོད་གཞི་ལ་ནས་ཚོམ་སྟེང་དུ་མེ་ལྷའི་གཏོར་མ་ཟླུམ་པོ་པད་འདབ་བསྐོར་བ་ཆེ་ཆུང་གཉིས་དང་མཆོད་པ་སྣ་བདུན་ཆ་ལྔ་ཙམ་དང་། བུམ་པ་ལས་བུམ་བཅས་བཤམས། དེ་ནས་རང་ཉིད་གདན་ལ་རྒྱན་ཆ་དང་ལྡན་པར་འདུག་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། གིས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་


CMR043_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཨ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་དྲིལ་མཚན་ཉིད་དང་ལྡན་པ་རང་གི་ལག་མཐིལ་གཡས་སུ་ཟླ་བ་དང་གཡོན་དུ་ཉི་མའི་གདན་ལ་འཁོད་པར་གྱུར། ཞེས་པད་ཀོར་དང་ལྡན་པས་དྲིལ་བུ་བླངས། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་པས་རྡོ་རྗེ་བླངས། ལན་གསུམ་གསོར་ནས་ཐུགས་ཀར་བཟུང་། མཾ་དྷ་ཏུ་ཤྭ་རི་ཧཱུྃ། ཞེས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། དེ་ནས་བཟུང་སྟེ་སྦྱིན་སྲེག་མ་ཚར་བར་རྡོར་དྲིལ་དང་འབྲལ་མི་རུང་ངོ་། །དེ་ནས་བདག་མདུན་བུམ་གསུམ་ལས་བུམ་བདག་འཇུག་ཡན་འདོན་པ་ལ། དང་པོ་སྔོན་འགྲོ་སྐྱབས་སེམས་མཆོད་པ་བྱིན་རླབས་ནས་བགེགས་གཏོར་ཅོག་རྡོག་བཏང་ནས་བདག་མདུན་ཀུན་རིག་ཏུ་བསྒོམས་ནས་མཆོད་པ་པུར་ཁང་བཅས་པ་བྲན་ལ། ཨོཾ་སྭ་བྷ་ཝ་སོགས། ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བ་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་བསྲེག་རྫས་རྣམས། །ཟད་མེད་གྱུར་ཅིག་པཱུ་ཛ་ཧོ། །རྡོར་དྲིལ་དང་བཅས་དགང་བླུགས་ཁ་སྦྱོར་ནས་རྫས་རྣམས་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ། ཨོཾ་ཋ་ཋ་ཌ་ཎ་ཥ་ཋ་ཋ། ཨོཾ་ཨཱཿསྭཱ་ཧཱ། །རྫས་རྣམས་བཀྲུ་བར་བསམ། དེ་ནས་ཡམ་ཤིང་ལ་རེག་སྟེ། ཨོཾ་བི་སྭ་ཧཱ། མར་ཁུ་ལ་རེག་སྟེ། ཨོཾ་ཨཱཿསྭ་ཧཱ། འབྲུ་ཐམས་ཅད་ལ་རེག །ཨོཾ་ཛི་སྭ་ཧཱ། ཡང་རྫས་ཐམས་ཅད་ལ་རེག་ཅིང་། ཨོཾ་ཀུ་རུ་ཀུ་རུ་


CMR043_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། དེ་ནས་ཀུ་ཤའི་ཆུན་པོ་བཅུ་ལས་བུམ་དཔལ་འབར་ལྔའམ་གསུམ་རླུང་གཡབ་རྣམས་སྣོད་གཅིག་ཏུ་བཞག་ལ་མཆོད་གཡོག་པས་བཟུང་། རང་རྒྱན་ཆས་དང་བཅས་པུར་ཁང་སྒོར་འགྲོ། ཀུ་ཤ་ཆུན་པོ་བརྒྱད་ལས་བུམ་གྱི་ཆུས་བསང་ཞིང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་ཀུ་ཤ་གསར་པ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། ཧ་ཅང་མི་རིང་ཞིང་མི་ཐུང་བ་དག་པར་བྱེད་ཅིང་བསྲུང་བའི་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཛྲ་སཏཱ་ཞེས་པད་ཀོར་དང་བཅས་གཉིས་རེ་བླངས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ཨོཾ་བཛྲ་སཏཱ་ཨཱ༔ ཞེས་ཆུན་པོ་གཉིས་ཐབ་ཀྱི་སྟེང་དུ་རྩེ་མོ་ཤར་དུ་བསྟན་ཏེ་བཞག་པས་མེ་ལྷའི་གདོན་དུ་བསམ་མོ། །འདི་རྒྱ་གྲམ་དུ་བཅིངས་སྲོལ་སྣང་། གཞན་རྣམས་གཡས་བསྐོར་དུ་ཐབ་ཀྱི་ཁ་ཁྱེར་ལ་རྩ་བ་སྔོན་དུ་འགྲོ་བའི་སྔ་མའི་རྩ་བ་ཕྱི་མའི་རྩེ་མོས་གནོན་པར་ཆུན་པོ་བརྒྱད་པོ་བཀོད། དེ་ནས་ལས་བུམ་གྱི་ཆུས་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་དབུས་སུ་པདྨ་དང་ར་སྐྱེས་ཀྱི་གདན་ལ་རཾ་ལས་མེ་ལྷ་སྐུ་


CMR043_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན་གཡས་གཉིས་ན་དབྱུག་གུ་དང་མི་འཇིགས་པའི་ཕྱག་རྒྱ་གཡོན་གཉིས་ཕྲེང་བ་རིལ་བ་་འཛིན་པ། མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་རཾ་གྱིས་མཚན་པར་གྱུར། རས་འདེ་སྦར་ལ་བསང་སྦྱངས། སྟོང་པའི་ངང་ལས་རས་འདེ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿརྣམས་ལས་བྱུང་བའི་རྒྱལ་བ་རིགས་ལྔའི་ངོ་བོ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར་བར་གྱུར། དེ་ནས། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦྱར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམས་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦྱར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཨོཾ་བཛྲ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། མེ་སྦར་རོ། །གང་ཟག་མཆོག་ལ། དཔལ་ལྡན་བླ་མ་དགོངས་སུ་གསོལ། །ཞེས་སྦྱར་རོ། །འབུད་


CMR043_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རླུང་གཡབ་མེ་དར་ཚིགས་བཅད་འདི་རྣམས་ཀུན་རིག་ལ་མི་དགོས་གསུངས་སོ། །དེ་ནས་མེ་ལྷ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཐབ་ཏུ་གནས་པའི་མེ་ལྷ་དམ་ཚིག་པའི་ཐུགས་ཀའི་འོད་ཀྱིས་འཇིག་རྟེན་གྱི་ཤར་ལྷོ་ན་གནས་པའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ལག་གཡས་མི་འཇིགས་པའི་ཕྱག་རྒྱ་མཐེ་བོང་སྲིན་ལག་གི་རྩ་བར་གཡོབ་ཅིང་རྣ་བ་གཡོན་ངོས་ནས་གཡས་ངོས་སུ་ཁྱེར་ཞིང་ལག་གཡོན་དྲིལ་བུ་བསིལ། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདི་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཊཱ་ཀི་ཧཱུྃ་ཛཿ ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཀྵེ་ཡེ་དེ་ཝ་ས་མ་ཡ་ཏིཥྛ་ལྷན། ཐབ་ཀྱི་ཤར་ལྷོའི་ཁ་ཁྱེར་ཀུ་ཤའི་གདན་ལ་མེ་ལྷ་ཡེ་ཤེས་པ་འཁོར་བཅས་འཁོད་པར་གྱུར། ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ།


CMR043_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལ་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ཧ་ན་ས་མ་ཡ་ཧཱུྃ་ཕཊ༔ མེ་ལྷ་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར། ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རིགས་ལྔ་སྤྱན་དྲངས་ནས། དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་པུལླེ་སོགས། ཤརྡ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམས་པའི་བྱིན་ཆེན་ལས་ལ་བརྩོན། །སྲེག་བླུག་འབུལ་ལོ་ལས་ཀུན་སྒྲུབ། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་བསྒྲུབ་པའི། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །དགང་བླུགས་ཀྱི་ཁར་ཧཱུྃ་དང་མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ལ་རཾ་ཡིག་གིས་མཚན་པས་བསྲེག་རྫས་རྣམས་བདུད་རྩིར་བཞེས་པར་གྱུར། བླུགས་གཟར་གྱིས་དགང་གཟར་དུ་མར་ཁུ་བདུན་བླུགས་ཤིང་། ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། བདུན་


CMR043_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྐོར་གསུམ་བྱ་ཞིང་། ཨོཾ་ཨཀྵེ་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་ཨཱ་དི་བྱ་སྭཱ་ཧཱ། ཞེས་མར་ཁུ་རེ་ཐབ་ཏུ་འབུལ། དེ་ནས་ཐབ་ཁ་ལན་གསུམ་རོལ་མོ་བྱེད་ཅིང་བསྐོར་རོ། །དེ་ནས་ཡར་མཆོད་གཞི་རྩར་འདུག་ལ་བསྲེག་རྫས་རྣམས་སྐྱོགས་དང་གཞོང་པ་རྣམས་སུ་མཆོད་གཡོག་པ་ལ་བསྐུར་བ་ཕྱག་ལེན་ནོ། །མེ་པྲ་བརྟག་པ་ནི་གཞུང་དུ་གསལ་ལོ། །མེ་ལྷའི་ཐུགས་ཀའི་འོད་ཟེར་གྱིས་ཚེ་འདས་བཀུག་ནས་དེའི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་འོད་ཟེར་གྱིས་དྲངས་ནས་བསྲེག་རྫས་ལ་བསྟིམ་སྟེ་གསོལ་བར་གྱུར། གང་ཟག་བཟང་པོ་ཡིན་ན་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བཀུག་ནས་བསྲེག་རྫས་ལ་བསྟིམ་གདུང་དང་དཀྱིལ་འཁོར་ལྷ་དབྱེར་མེད་ལ་འབུལ། ཕལ་པ་ལ་བསྲེག་རྫས་དང་ཤ་ཁྲག་དབྱེར་མེད་པ་དཀྱིལ་འཁོར་ལྷ་ལ་འབུལ། དེ་ཡང་བསྲེག་རྫས་ཐམས་ཅད་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་འབུལ་ལོ། །ཡམ་ཤིང་བྱང་ཆུབ་ཤིང་དུ་བསམ་ལ་རྩེ་མོ་སྟེང་དུ་བསྟན་ལ་འབུལ་ཞིང་། ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར། ཅེས་རྫས་སྔགས་སོ་སོའི་མགོར་སྦྱར་ལ། ཡམ་ཤིང་ལ། ཨོཾ་བོ་དྷི་བྷིཀཱ་ཡེ་སྭཱ་ཧཱ། ཚེ་ལས་འདས་་་་་གང་ཟག་དམ་པ་ལ་ནི་ཞི་བར་གཤེགས། །པའི་སྐྱེ་བ་གཞན་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ་ལ། ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་


CMR043_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཡུངས་དཀར་ལ། ཨོཾ་སརྦ་ཨརྦ་སིདྡྷི་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་བར་དོའི་འཇིགས་སྐྲག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཟས་མཆོག་ལ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། དུར་ཝ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ཚེ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ནས་ལ། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་དག་པའི་ཞིང་ཁམས་བགྲོད་པ་ལ་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གྲོ་ལ། ཨོཾ་བཛྲ་གྷསྨ་རི་ཡེ་སཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སོ་བ་ལ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ཚེ་


CMR043_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་སྐྱེ་བ་གཞན་དུ་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ་ལ། ༀ་བཛྲ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་སྟོབས་ཕུན་སུམ་ཚོགས་པོ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲས་ལ། ཨོཾ་བཛྲ་པུཥྛ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བིལ་བ་སྟག་ཛ་ཏི་ཕ་ལ་ཤིང་ཐོག་རིགས་གང་རྙེད་ལ། ཨོཾ་ཤྲཱི་ཝ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། དཀར་གསུམ་མངར་གསུམ་ལ། ཨོཾ་བཛྲ་མཱ་ལེ་པུཥཱ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ཤེས་རབ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། མེ་ཏོག་ལ། ཨོཾ་བཛྲ་པུཊྚེ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་


CMR043_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཞན་དུ་ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། དྲི་བཟང་པོ་རྩི་ཇ་སོགས་བཏུང་བའི་རིགས་ལ། ཨོཾབཛྲ་ཏཾ་བུ་ལཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་བཀྲ་ཤིས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྨན་སྣ་ཚོགས་ལ། ཨོཾ་ཨོཾ་ཋདྷི་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དར་ཟབ་གོས་སྣམ་དུམ་བུ་ལ། ཨོཾབཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་རྒྱུན་དང་གོས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འདིར་མ་འཐུས་པ་རྣམས་ལ། ཨོཾ་ཨཱཿཧཱུྃ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ། དེ་ལྟར་མེ་ལྷ་ལ་གསུམ་རེའམ་བདུན་རེ་ཕུལ་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྣེ་ཡེ་ས་པཱ་རི་ཝ་ར་ཨརྒྷཾ་


CMR043_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞབས་བསིལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་པཱཧཱུྃ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་པུཊྚེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝ་ར་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། །འཇིག་རྟེན་ཁམས་ནི་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་


CMR043_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མཛོད། །ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་གྷནྡྷེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་ནེ་ཝི་ཏྱ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྣེ་ཡེ་ས་པཱ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་འབུལ་ཞིང་རོལ་མོ་བྱ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀིས་དབང་བསྐུར་


CMR043_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་མངོན་པར་འདུད། །ཞི་བའི་ཕྲིན་ལས་འགྲུབ་པ་དང་། །དངོས་གྲུབ་མ་ལུས་སྩོལ་བར་མཛོད། །མེ་ལྷ་ཁྱོད་ཉིད་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ལ་སྦྱིན་སྲེག་གི་མཆོད་པ་འདི་རྣམས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པའི་ཕྲིན་ལས་མཛོད་ཅིག །ཐུགས་ཀ་ནས་མེ་ལྷ་ཡིད་ལས་སྐྱེས་པ་རང་འདྲ་བ་གཅིག་བྱོན་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པའི་ཕྱག་ཚོགས་བྱེད་པར་གྱུར། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསུ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེའི་གཞལ་ཡས་ཁང་སོགས། ཀུན་རིག་མདུན་བསྐྱེད་ལྟར་སྤྱན་འདྲེན་བཞུགས་གསོལ་མཆོད་པ་སྣ་ཚོགས་དབུལ་ཚར་ནས་ཕུང་པོའི་ཡོན་འབུལ་ནི། བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཚེ་འདས་ཕུང་ལྔའི་མཆོད་པ་འབུལ། །ཕུང་པོའི་སྒྲིབ་པ་མ་ལུས་པ། །ཡེ་ཤེས་མེ་ཡིས་སྦྱོང་དུ་གསོལ། །སྤྱན་མ་ལ་སོགས་ཡུམ་བཞི་ལ། །ཚེ་འདས་འབྱུང་བཞིའི་མཆོད་པ་འབུལ། །འབྱུང་བཞིའི་སྒྲིབ་


CMR043_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ལུས་པ། །ཡེ་ཤེས་མེ་ཡིས་སྦྱོང་དུ་གསོལ། །རྡོར་སེམས་ལ་སོགས་རིགས་ལྔ་ལ། །ཚེ་འདས་དབང་ལྔ་མཆོད་པ་འབུལ། །དབང་པོའི་སྒྲིབ་པ་མ་ལུས་པ། །ཡེ་ཤེས་མེ་ཡིས་སྦྱོང་དུ་གསོལ། །སྒེག་སོགས་ལྷ་མོ་བརྒྱད་རྣམས་ལ། །ཚེ་འདིས་ཡུལ་དྲུག་མཆོད་པ་འབུལ། །ཡུལ་དྲུག་སྒྲིབ་པ་མ་ལུས་པ། །ཡེ་ཤེས་མེ་ཡིས་སྦྱོང་དུ་གསོལ། །སྒོ་བ་ཁྲོ་ཆེན་ཚོགས་རྣམས་ལ། །ཚེ་འདས་ཡན་ལག་མཆོད་པ་འབུལ། །ཡན་ལག་སྒྲིབ་པ་མ་ལུས་པ། །ཡེ་ཤེས་མེ་ཡིས་སྦྱོང་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས་ཁམས་གསུམ་གྱི་འགྲོ་བ་སྣང་བར་བྱས། དེ་དག་གིས་རྒྱུད་ཀྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་སྟེ་རྒྱུ་དང་འབྲས་བུའི་།ངན་སོང་ཐམས་ཅད་ལས་ཐར་བར་མཛད། འོད་ཟེར་ཚུར་འདུས་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཐིམ་པ་གྱུར། དེ་ནས་དང་པོར་རྩ་རིག་བརྗོད་པ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྟ་ཏེ། སམྱཀཾ་བུད་དྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ན་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། གཅིག །དེ་ནས་ཡམ་ཤིང་


CMR043_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་ནི་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿསཱ་ཧཱ། ཨོཾ་བོ་དྷི་བྷིཀྵ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་གོང་དུ་མེ་ལྷའི་སྔགས་མ་གཏོགས་ལྷ་སྔགས་རྫས་སྔགས་འདོད་གསོལ་བཅས་གོང་ལྟར་བརྒྱ་རེའམ་ཉེར་གཅིག་གམ་སྐབས་དང་བསྟུན་ལ་ན་བཟའི་བར་དུ་འབུལ་ལོ། །རྫས་རེ་རེའི་གྲངས་རྫོགས་འོག་མའི་མགོར་རྩ་རིག་ཚར་རེ་བརྗོད་དོ། །དེ་ནས་རྫས་རྣམས་རྫོགས་ནས་མཆོད་པ་རྣམ་ལྔ་འབུལ་ནས་ཀུན་རིག་མདུན་བསྐྱེད་གཙོ་འཁོར་བསྟོད་པ་ནི། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་སོགས་ནས། བསྟོད་པར་བགྱི། ཞེས་འདོད་གསོལ་བཅས་བྱའོ། །དེ་ནས་མེ་ལྷ་ཡེ་ཤེས་པ་ལ་གཏོར་མ་འབུལ་བ་མར་ཁུས་བྲན་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ༔ སྭཱ་ཧཱ། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷུ༔ སརྦ་ཐཱ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་བཏགས་ལ་འབུལ་ནས་བཀྱིག་བཅོལ་ལ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །


CMR043_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་མཆོད་གཡོག་པས་གཏོར་མ་ཐབ་ཏུ་ཕུལ། དེ་ནས་རུས་དུམ་བླངས་ལ་ཚེ་འདས་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་ལ། ཐབ་ཀྱི་ལྷ་རྣམས་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བར་བསྒོམ་པ་ནི་བུམ་པ་ཐོགས་ལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་སོགས་ནས། ཨཱསཱ་ཧཱ། དེ་ལྟར་དབང་བསྐུར་ནས་ཚེ་ལས་འདས་པ་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར། དེ་ནས་སྐོམ་ཟས་བཤམས་ལ། ཨོཾ་ལས་འདོད་ཡོན་ནམ་མཁའ་གང་བར་སོགས་ནས། ལོངས་སྤྱོད་པར་གྱུར་ཅིག །ཀུན་རིག་ལྷོ་སྒོ་ལྟར་བྱ། མེ་སྦར་དོར། ལམ་སྦྱོང་ནི༔ དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། སོགས་ནས། ཀྵེ་ཏྲ་གཙུན་ཏུ་སྭཱ་ཧཱ། དེ་ནི་སྦྱིན་སྲེག་དངོས་གཞིའོ།། ༈ དེ་ནས་གོང་ལྟར་ལྷ་སྔགས་རྫ་ས་སྔགས་འདོད་གསོལ་བཅས་གསུམ་རེ་འབུལ་ནས་རྗེས་


CMR043_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །སྐུ་གསུང་ཐུགས་རྟེན་འདི་ལ་བརྟན་པར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །༈ དེ་ནས་མེ་ལྷའི་གཏོར་མ་མར་ཁུས་བྲན་ལ་བཟུང་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བྱིན་བརླབས་ནས། ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །གསུམ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག་་ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཀུན་འགྲུབ་མཛོད། །དེ་ནས་མེ་ལྷར་བསྲེག་རྫས་ལྷག་མ་ཐམས་ཅད་གོང་ལྟར་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་


CMR043_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་མངོན་པར་འདུད། །ཨོཾ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །དེ་ཀུན་དྲང་སྲོང་བཟོད་པར་གསོལ། །ཡིག་བརྒྱ་བཟླས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་བཞིན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འགྲོ་བའི་དོན་ཕྱིར་འབྱོན། །ཨོཾ་ཨགེ་དེ་ཝ་བཛྲ་མུཿ གཤེགས་གསོལ་བྱ། བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ།། ༈ དེ་ནས་རུས་བུ་བསྡུ་བ་ནི། ཨོཾ་བཛྲ་ས་མ་ཡ་ཛ་ཛཿཧཱུྃ་བཾ་ཧོ༔ ཞེས་རུས་པ་དང་ཐལ་བ་བསྡུས་ལ། སྣོད་གཙང་མའི་ནང་དུ་བླུགས་ལ། རུས་པ་ལ་ཕྱིར་ལྡོག་ཁྲུས་གསོལ་བྱས་ལ་ཞིབ་པར་བཏུལ་ཞིང་ཆུ་དང་སྦྱར་ལ། སྦྲུས་པའི་འཇིམ་པ་ལ་རྩ་རིག་བཟླས་ཤིང་ཚ་ཚ་བཏབ། སཱཙྪ་གཞུང་ལྟར་བསངས་སྦྱངས་བྱས་ལ། སྟོང་པའི་ངང་ལས་མཆོད་རྟེན་ཆེན་པོ་མང་པོར་གྱུར་པའི་བུམ་པའི་ནང་དུ་རིན་པོ་ཆེ་སྣ་ཨeཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་སོགས། རྩ་ལྷ་སོ་བདུན་མདུན་བསྐྱེད་ལྟར་བསྐྱེད་བསྟིམ་རྒྱས་གདབ་བཟླས་པ་མཆོད་བསྟོད་བྱས་ནས། མཆོད་རྟེན་དེ་རྣམས་འོད་དུ་ཞུ་བ་ལས་སྔར་གནས་པའི་


CMR043_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་སོ་སོའི་རྣམ་པར་གྱུར། སླར་ཡང་ཕྱག་མཆོད་བསྔོ་བ་སྨོན་ལམ་བྱའོ། །གང་ཟག་རྟེན་འབྱོན་པའི་རིགས་ལ། རྟེན་མཁའ་འགྲོས་སྤྱན་འདྲེན་སྲིད་པས་པུར་ཁང་ཐོག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་གཞུག །བསྲེག་ཚོད་ཟིན་པར་བྱའོ། །གདུང་ཁང་ཞལ་མི་ཕྱེ་བར་ཁོ་རང་གི་ཡི་དམ་གང་ཡིན་གྱི་སྤྱན་འདྲེན་བྱིན་འབེབས་དང་མེ་ལོང་ངོས་ལ་ཁྲུས་གསོལ་རྒྱས་པ་དང་། མཆོད་བསྟོད་གསོལ་འདེབས་རྣམས་མཆེད་གྲོགས་སམ་སློབ་མ་དམ་ཚིག་དང་ལྡན་པས་མ་ཆག་པར་བྱའོ། །གང་ཟག་བཟང་པོ་ལ་གསང་སྔགས་བླ་མེད་ཀྱི་ཐུགས་དམ་རྒྱུད་ཡིན་བསྲེག་ཁང་དུ་བཞུགས་ཁར་ཁོ་རང་གི་ཡི་དམ་དེའི་དཀྱིལ་འཁོར་ཡོངས་རྫོགས་སམ་མཆོད་བསྟོད་བྱས་ལ། པུར་དེའི་ཡེ་ཤེས་པ་གཤེགས་གསོལ་བྱས་ཏེ། ཡང་གསར་མ་རྣམས་ལྟ་བུ་ལ། དམ་ཚིག་དཔའ་བོ་གཅིག་ཏུ་བསྐྱེད་ནས་མཆོད་བསྟོད་བསྡུས་པ་གཅིག་བྱའོ། །ཆོས་འབྲེལ་མེད་པ་གཅིག་གིས་མེ་སྦར་རོ། །དེ་ལྟར་མ་བྱས་ན་ཉེས་པ་ཤིན་ཏུ་ཆེའོ། །མེ་སྦར་དུས་དཔལ་ལྡན་བླ་མ་དགོངས་སུ་གསོལ། ཞེས་དང་། ལམ་སྦྱོང་བསྟན་མི་བྱ་བར་གཙོ་བོ་དང་དབྱེར་མེད་དུ་བསྐྱེད་དོ། །བྱེ་མ་མི་བྲབ་མེ་ཏོག་འཐོར་རོ། །ཡང་དེ་ལྟ་བུའི་སྦྱིན་སྲེག་ཤེས་ཀྱང་ཡོ་བྱད་མ་འབྱོར་ན། །དེ་རྣམས་ཡིད་ཀྱིས་བྱས་པར་སྒོམ་ཞིང་ངག་གི་ཚར་གཅིག་འདོན་པས་ཆོག །ཡང་དེ་དག་གི་དོན་ཐམས་ཅད་བྱེད་ཚུལ་གཅེས་ཀྱང་ཚིག་མི་ངེས་པའམ་ནམ་མཁར་མེ་ལོང་ཆེན་པོའི་ནང་དུ་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ལ། རང་ཡང་རིན་པོ་ཆེའི་ཁྲི་ལ་འདུག་ནས་གཡས་གཡོན་། །


CMR043_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་སྦྲང་རྩི་ལ་སོགས་པའི་བསྲེག་རྫ་ས་རྣམས་རིན་པོ་ཆེའི་དགང་བླུགས་ཀྱིས་ཕུལ་བར་བསྒོམས་ལ། ཡིད་ཁོ་ནས་བྱའོ། །པཎྜི་ཏ་ཨ་པ་ནས། ཇི་ལྟར་རིག་པ་ཡིད་དང་ལུས། །ཀློག་པའི་་ལས་ནི་ཡན་ལག་བརྩམ། །ཡན་ལག་ཐམས་ཅད་ཡིད་ཀྱིས་སོ། །ཞེས་གསུངས་པའི་དོན་ཡིན་ནོ། །མདོར་ན་རྫས་སོགས་གཙོ་མི་ཆེ། སྔགས་དང་ཏིང་ངེ་འཛིན་གཙོ་ཆེ་བ་ཡིན། ཐབ་དང་ཐིག་ཚོན་བསྲེག་རྫས་རྣམས། ཇི་ལྟར་རྒྱས་ཤིང་ལེགས་པ་བཞིན་ཏུ་བསོད་ནམས་ཆེ་སྟེ། མེད་ཁ་མེད་པ་ནི་མ་ཡིན་ཞིང་། མེད་ཁ་མེད་པ་སྔགས་དང་ཏིང་ངེ་འཛིན་ཁོ་ན་ཡིན་ནོ། །སྦྱིན་སྲེག་བྱས་ན་ཚེ་འདས་ཀྱི་སྒྲིབ་པ་སྦྱོང་བ་ནི། ངན་སོང་སྦྱོང་རྒྱུད་ལས། དེའི་མིང་ནས་བརྗོད་ནས་ནི། །མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཡང་ན་བརྒྱ་ཕྲག་སྟོང་ཉིད་དུ། །སྦྱིན་སྲེག་བྱས་པར་གྱུར་ན་ནི། །དམྱལ་བ་ཆེན་པོ་ལྟུང་བའི་མི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཇི་སྲིད་མཚན་པར་ཤིན་ཏུ་ནི། །འབར་བའི་གནས་སུ་སྐྱེ་གྱུར་པ། །ཏིལ་དང་ཡུངས་དཀར་འབྲས་རྣམས་དང་། །ར་ཡི་འོ་མ་ལྡན་པ་དང་། །དྲི་ཡིས་བསྐུས་པའི་ཡམ་ཤིང་གིས། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །དེ་ནས་འདི་ནི་ངེས་པར་ཡང་། །ལྷ་ཡི་གནས་སུ་སྐྱེ་བར་འགྱུར། །དེ་ཡི་མཚན་མ་སྟོན་པར་བྱ། །ཡང་ན་ལྷ་ཡི་མཆོག་ཏུ་འགྱུར། །ཅེས་གསུངས་སོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། བསྲེག་པའི་རིམ་པ་བསྟན་པར་བྱ། །རྣམ་ཤེས་ལྔ་བྲལ་བེམ་པོའི་ལུས། །བག་


CMR043_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྦྱང་བས་ཐར་པ་ཐོབ། །སྦྱང་གཞི་ཕྱི་དང་ནང་གི་རོ། །སྦྱོང་བྱེད་འབྱུང་བ་ཡེ་ཤེས་མེ། །འབྱུང་བའི་མེ་ཡིས་བག་ཆགས་སྦྱང་། །ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེགས། །ཞེས་གསུངས། སློབ་དཔོན་པདྨས། དེ་ལྟར་བྱས་པའི་ཡོན་ཏན་ནི། །བླ་མ་གང་ཟག་བཟང་པོ་ཡིན་ན་ནི། །ཐུགས་ཀྱི་དགོངས་པ་མཐའ་རུ་ཕྱིན་པར་བྱེད། །རྣལ་འབྱོར་པ་ཡིན་ན་ཕྱིར་མི་ལྡོག་པའི་ས་ཐོབ། སྐྱེ་བོ་ཕལ་པ་ཡིན་ན་རིགས་དྲུག་གི་སྐྱེ་སྒོ་ཆོད་པའོ། །འབྱུང་བ་ཡེ་ཤེས་ཀྱི་མེས་ལས་དང་བག་ཆགས་སྦྱངས། སྐུ་གསུམ་ཡོངས་སུ་རྫོགས་པར་བྱེད། ཅེས་གསུངས་སོ། །དེ་ལྟར་རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་གི་།ཀརྨ་ཕྲིན་ལས་ལ་སོགས་ཤེས་ལྡན་འགས། །ཡང་ཡང་བསྐུལ་ཕྱིར་ལེགས་པར་སྦྱར་བ་ཡིན། །གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་དགོངས་པ་བསྟུན། །སློབ་དཔོན་མང་པོའི་ཞལ་ཤེ་ས་མང་པོ་དང་། །མཐོང་བ་བརྒྱུད་པའི་ཕྱག་ལེན་མང་པོས་བརྒྱན། །ཀུན་མཐུན་ཀུན་ལ་ལྷ་ཡི་ངོ་མཚར་ཆེ། །འོན་ཀྱང་འགལ་འཁྲུལ་མཁས་པ་རྣམས་ལ་ཟབཤགས། །དགེ་བས་བདག་དང་འབྲེལ་ཐོགས་ཚེ་འདས་རྣམས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །དགེ་སློང་ཀརྨ་རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ། ། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་


CMR043_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགོངས་གཏེར་ཀུན་རིག་གི་སྒོ་ནས་ཕུང་པོ་སྲེག་སྦྱང་གི་ཆོ་ག་ངན་སོང་དོང་སྤྲུག་ཕན་བདེ་རྒྱ་མཚོ་ཞེས་རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་ལས་བཀོལ་བ།no next