Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་།next

གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་།


CMR044_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཞུགས་སོ།


CMR044_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་ཚེ་དཔག་མེད་དབྱེར་མེད་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་དབང་བྱ་བར་འདོད་པས། ཚེ་གཏོར། ཚེ་ཆང་། ཚེ་རིལ་བུམ་པ་རྣམས་ཀྱི་དྲུང་དུ་མཆོད་པ་བཤམས་ནས། བདག་ཉིད་ཚེ་དཔག་མེད་དུ་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། མཆོད་པའི་ཡོ་བྱད་རྣམས་ཟག་མེད་ཀྱི་བདུད་རྩིར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ནས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །བདེ་ལྡན་སྡུག་བསྔལ་དང་བྲལ་ཕྱིར། །དགའ་བ་བཏང་སྙོམས་གནས་གྱུར་ཅིག །ཅེས་སེམས་བསྐྱེད་བྱ།


CMR044_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱི༔ཡིག་ཡོངས་སུ་གྱུར་པ་ལས། བདག་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་མཉམ་བཞག་མཛད་པའི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྤྲས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་ཧཱི༔དམར་པོར་གནས་པའི་མཐར་སྔགས་ཀྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས། འཇིག་རྟེན་འདྲེན་པའི་སོགས། ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་


CMR044_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཧྲཱིཿའི་མཐའ་མར་གཟུངས་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨ་ཡུཛྙཱ་ན་སུ་བི་ནི་ཙིཏྟ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ་ཨརྟ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐུ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུཏྤ་ཏེ་སྭཱ་ཧཱ། ཞེས་གཟུངས་རིང་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བཟླས་ནས་ཚེ་གཏོར་ལ་ཆུས་བྲན་ཞིང་། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱི༔ཡིག་ཡོངས་སུ་གྱུར་པ་ལས་མདུན་བསྐྱེད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་བཞག་མཛད་པའི་སྟེང་ན་ཚེའི་བུམ་པ་བདུད་རྩིས་གང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྤྲས་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་ཧཱི༔དམར་པོ་གནས་པའི་མཐར་སྔགས་ཀྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་སོགས། འཇིག་རྟེན་འདྲེན་པའི་སོགས། ཛཿཧཱུྃ་བཾ་ཧོ༔ གཉིས་མེད་དུ་གྱུར་པའི་ཧིའི་མཐའ་མར་གཟུངས་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ན་མོ་བྷ་ག་ཝ་


CMR044_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སོགས་གཟུངས་རིང་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བཟླས། དེ་ནས་ཚེ་བུམ་ནས་བདུད་རྩི་བབས་ཚེ་ཆང་ལ་ཐིམ་པར་གྱུར། དེ་ལས་ཚེ་དཔག་མེད་གཉིས་འཕྲོས་པས་ཚེ་རིལ་ལ་ཐིམ་པར་གྱུར། བུམ་པ་ཆུས་བཀང་། དྲི་བཟང་བཏབ། ཨོཾ་རྒྱ་གྲི་ཝཱ་ཧཱུྃ་ཕཊ། ཀྱིས་བསངས། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་བུམ་པའི་ནང་དུ་ཧིཝཡིག་ཡོངས་སུ་གྱུར་པ་ལས་བུམ་ལྷ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་བཞག་མཛད་པའི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྤྲས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་ཧྲཱིདམར་པོ་གནས་པའི་མཐར་སྔགས་ཀྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་སོགས། འཇིག་རྟེན་འདྲེན་པའི་སོགས། ཛཿཧཱུྃ་བཾ་ཧོ༔ གཉིས་མེད་དུ་གྱུར་པའི་ཧྲཱིའི་མཐའ་མར་གཟུངས་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ན་མོ་བྷ་ག་སོགས། ཨོཾ་ཨ་མཱ་ར་ཎི་སོགས་བཟླས་མཐར། བུམ་ཆུ་ལྷ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད་ཅིང་བླུགས། དེ་ནས་སློབ་མ་རྣམས་ཆུ་གཙང་གིས་ཁྲུས་བྱས་མེ་ཏོག་བཀྱེ། མཎྜལ་ཕུལ་ནས། ཀུན་


CMR044_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཡེ་ཤེས་སྙིང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་མི་རློབས། །དེ་སྐད་གསུངས་པས་མ་ཡེངས་གུས་པས་ཉོན། །ཞེས་སོགས་ཀྱི་ཚུལ་ལྟར་མ་ཡེངས་པར་ཉོན་ཅིག །དེ་ཡང་ཆོས་འདི་ཏི་པུ་གསང་སྔགས་ཀྱི་སྡོང་པོས་ལུང་བསྟན་པ་ལྟར། མ་གཅིག་གྲུབ་པའི་རྒྱལ་མོ་ལ་རས་ཆུང་པས་གསན། དེ་ལ་ཟངས་རི་རས་པས་གསན། དེ་ལ་འགྲོ་མགོན་རས་ཆེན་གྱིས་གསན་པ་ནས་ཀཾ་ཚང་གི་དོན་བརྒྱུད་ལྟར་བྱུང་བ་ཡིན་ལ། དེ་ལ་ཐོག་མར་བླ་མ་དང་ཚེ་དཔག་མེད་དབྱེར་མེད་པ་ལ་སོགས་པ་རྒྱལ་བ་སྲས་བཅས་ཀྱི་དྲུང་དུ་སྐྱབས་སུ་འགྲོ་བ་སོགས་བྱ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ལན་གསུམ། སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་


CMR044_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་སློབ་མ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་བཞག་མཛད་པའི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྤྲས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་ཧཱི༔དམར་པོ་གནས་པའི་སྔགས་ཀྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར་པ་ལ་དབང་ལྷ་རྣམས་ཀྱིས་དབང་བསྐུར་བར་གྱུར། ཅེས་བུམ་པ་སྤྱི་བོར་བཞག་ཅིང་། ཇི་ལྟར་བལྟམས་པ་ཚཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་བླུད་དོ། །ཁྱེད་རང་གི་མདུན་དུ་གཏོར་མ་འདི་དང་ཐ་དད་མེད་པའི་ཚེ་དཔག་མེད་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཨཱ་ཡུ་ཥ་ས་ར་ཧ་ཀ་ར་རེ་ཤྭ་#ར་རེ་ཧཱུྃ་ཕཊ། གསུམ། ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། སློབ་མའི་ཚེ་ཡར་བ་ཆད་པ་མི་མ་ཡིན་གྱིས་ཁྱེར་བ་འཆི་


CMR044_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལག་ཏུ་ཚུད་པ་སོགས་བསྡུས། སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་ལྷུང་། ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཁོལ་ཞིང་ལུད། སྤྱི་བོ་ནས་མར་སོང་། ལུས་ཀྱི་ནང་གང་བས་ཚེ་ཉི་ཟླ་དང་མཉམ་པར་སྒོམས་ཤིག །ཅེས་གཏོར་མ་མགོ་ཐོག་ཏུ་བཞག །ཡང་སྔར་ལྟར་གསོལ་བ་བཏབ། རྗེས་ཟློས་གསུམ། ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ས་ཆུ་མེ་རླུང་གི་བཅུད་བསྡུས། སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་ལྟུང་། ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཁོལ་ཞིང་ལུད། སྤྱི་བོ་ནས་མར་སོང་ལུས་ཀྱི་ནང་གང་བས་ཆེ་ཉི་ཟླ་དང་མཉམ་པར་སྒོམས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ཅེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཕྱོགས་བཅུའི་སེམས་ཅན་གྱི་ཚེ་དཔལ་བསོད་ནམས་བསྡུས། ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཁོལ་ཞིང་ལུད། སྤྱི་བོ་ནས་མར་སོང་། ལུས་ཀྱི་ནང་གང་བས་ཚེ་ཉི་ཟླ་དང་མཉམ་པར་སྒོམས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥ་ས་ར་ཧ་ཀ་ར་རེ་ཤཱ་ར་རེ་ཧཱུྃ་ཕཊ། ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་


CMR044_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། དེ་བཞིན་གཤེགས་པ་ས་ཆེན་པོའི་རྡུལ་སྙེད་རྣམས་དང་། ཁྱད་པར་དུ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་མཁྱེན་བརྩེ་ནུས་པའི་ཡོན་ཏན་འཆི་མེད་ཚེའི་དངོས་གྲུབ་རྣམས་བསྡུས། སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་ལྟུང་། སྤྱི་བོ་ནས་མར་སོང་ལུས་ཀྱི་གནས་བཞི་གང་། དབང་བཞི་ཐོབ། སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག་པར་སྒོམས་ཤིག །ཅེས་གཏོར་མ་མགོར་བཞག་ལ། བཅོམ་ལྡན་འདས་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི་ལ་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་དབང་བསྐུར་དུ་གསོལ། འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། ཤིས་པ་བརྗོད། ཨ་མཱ་ར་ཎི་བརྗོད་ལ་ཚེ་ཆང་རིལ་སྦྱིན་ནོ། །གཙོ་བོས་ཇི་ལྟར་སོགས་བརྗོད་དུ་བཅུག་གོ །དེང་ནས་བརྩམས་ཏེ་སོགས། གཏང་རག་གི་མཎྜལ་ཕུལ་བཅུག་གོ །སློབ་མ་གྱེས་ནས་མཆོད་བསྟོད་བྱ། ཞེས་པ་འདི་ནི་དོན་གཉེར་མང་པོ་ལ་ཕན་པའི་ཕྱིར་ཤཱཀྱའི་དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་བྲིས་


CMR044_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཤུ་བྷཾ།། ༈ སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩོན་པ་དང་། །མཉམ་པར་བཞག་ཅིང་གནས་ལུགས་རྟོགས་པ་ཡི། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་།next