Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
ཚེ་དབང་གྲུབ་རྒྱལ་ལུགས་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དབང་གྲུབ་རྒྱལ་ལུགས་ཤིན་ཏུ་བསྡུས་པ།next

ཚེ་དབང་གྲུབ་རྒྱལ་ལུགས་ཤིན་ཏུ་བསྡུས་པ།


CMR044_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་གྲུབ་རྒྱལ་ལུགས་ཤིན་ཏུ་བསྡུས་པ་བཞུགས་སོ། །


CMR044_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །འདིར་ཚེ་དབང་གྲུབ་རྒྱལ་ལུགས་ཤིན་ཏུ་བསྡུས་ཏེ་བསྐུར་བར་འདོད་པས་སྟེགས་ཀྱི་ཁར་ཚེ་གཏོར་བུམ་གཟུགས། ཚེ་རིལ། ཚེ་ཆང་། མཆོད་གཏོར་བཅས་བཤམས། སྔོན་འགྲོ་སྤྲོ་ན་བཏང་། སྐྱབས་སེམས་སྤྱི་བཞིན་བྱ། བསངས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །ཚེ་དཔག་མེད་མགོན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །མཉམ་བཞག་སྟེང་ན་འཆི་མེད་ཚེ་བུམ་འཛིན། །རབ་མཛེས་མཚན་དཔེས་སྤྲས་པའི་གནས་གསུམ་དུ། །།ཨོཾ་ཨཱཧཱུྃ་གི་ཡི་གེས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་


CMR044_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་གཉིས་མེད་གྱུར། །ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བསྟོད། ཐུགས་སྲོག་འོད་ཀྱིས་བླ་ཚེ་ཡར་བ་དང་། །འབྱུང་བཞིའི་བཅུད་དང་སྐྱེ་འགྲོའི་ཚེ་བསོད་དཔལ། །རྒྱལ་བའི་མཐུ་བྱིན་ཚེ་ཡི་དངོས་གྲུབ་བསྡུས། །འཆི་མེད་རྡོ་རྗེའི་རང་བཞིན་ཉིད་དུ་གྱུར། །ཞེས་དམིགས་ཏེ་ཚེ་གཟུངས་རིང་ཐུང་བཟླས། །མདུན་བསྐྱེད་གཏོར་མའང་དེ་བཞིན་བསྐྱེད་བཟླས་བྱ། །བསང་ཆུའམ་ལས་བུམ་རྟ་མགྲིན་སྔགས་ཀྱིས་བྱིན་གྱིས་བརླབས། བདག་འཇུག་བླངས། སློབ་མ་མདུན་དུ་འཁོད་ལ་སྔོན་འགྲོ་སྤྲོ་ན་བཏང་། ཁྲུས་བྱས། ཚེ་དབང་གྲུབ་པའི་རྒྱལ་མོའི་ལོ་རྒྱུས་


CMR044_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སོ། །འོ་ན་ཚེ་དབང་ཟབ་མོ་ཞུ་བའི་ཐོག་མར་ལོ་རྒྱུས་ཟུར་ཙམ་ཞུ་ན། འདི་ནས་ནུབ་ཀྱི་ཕྱོགས་བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་ངན་སོང་དང་སྡུག་བསྔལ་གྱི་མིང་ཡང་མི་གྲགས་པ་དེ་ན། སངས་རྒྱས་ཚེ་དཔག་མེད་དེ་བཞུགས་ཏེ། སྐུ་ཚེའི་ཚད་སུས་ཀྱང་བགྲང་བར་མི་ནུས་པས། སངས་རྒྱས་ཚེ་དཔག་མེད་པ་ཞེས་བྱའོ། །ཞིང་ཁམས་དེ་དང་སངས་རྒྱས་དེའི་མཚན་ལན་གཅིག་ཐོས་ཤིང་དད་པ་གཅིག་ཙམ་སྐྱེས་ན་ཡང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཚེའི་མདོ་མང་པོ་གསུངས་སོ། །ནང་ལྟར་ན་ཚེ་དཔག་མེད་པ་ཉིད་ཀྱིས་ཚེའི་རྒྱུད་ཏན་བཅོ་བརྒྱད་ལ་སོགས་པ་གསུངས་པ་ལས། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་གོས་དཀར་མོའི་སྤྲུལ་པ་མ་གཅིག་གྲུབ་པའི་རྒྱལ་མོ་བརྫུས་སྐྱེས་སུ་པདྨའི་སྦུབས་སུ་འཁྲུངས་ཏེ། དེ་ཉིད་རྫུ་འཕྲུལ་གྱིས་བདེ་བ་ཅན་དུ་བྱོན་ནས་ཚེའི་རྒྱུད་གཞུང་དབང་ལུང་རྣམས་ཚེ་དཔག་མེད་ཉིད་ལ་ཞུས་པས། འཆི་མེད་ཚེའི་རིག་འཛིན་ཐོབ་སྟེ་ལོ་ལྔ་བརྒྱ་ལོན་ཀྱང་ལོ་བཅུ་དྲུག་གི་ན་ཚོད་དུ་བཞུགས་སོ། །དེ་ལྟ་བུའི་མཁའ་འགྲོ་མ་དེས་ཚེ་དཔག་མེད་རྩ་བའི་


CMR044_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འབུམ་པ་དང་། བཤད་པའི་རྒྱུད་འོད་ཟེར་དྲྭ་བ་གཉིས་ལ་བརྟེན་ནས། ཕྱི་སྒྲུབ་ལྷ་གཅིག་བུམ་གཅིག །ནང་སྒྲུབ་ཞི་བ་ལྷ་མང་། གསང་སྒྲུབ་ཁྲོ་བོ་ལྷ་མང་སོགས་མཛད་དོ། །དེ་ནས་རས་ཆུང་རྡོ་རྗེ་གྲགས་པ་དེ་རྒྱ་གར་དུ་ལན་གསུམ་བྱོན་པས། རྒྱབ་རེས་བླ་མ་ཏེ་པུ་པའི་ཞལ་ནས། དེ་རིང་ཚོང་དུས་ཕ་ཀི་ན་ལྟད་མོ་ལ་སོང་གསུངས༔ དེར་བྱོན་པས་ཨ་ཙ་ར་ཁྲི་སྙན་གྱི་པགས་པ་ཕྲག་ལ་བཀལ་བ། རྭ་དུང་འབུད་པ་གཅིག་དང་འཕྲད་པས། བོད་ཕྲུག་སྙིང་རྗེ་བ་གཅིག་འདུག་སྟེ། ཁྱོད་ལ་ཚེ་ཞག་བདུན་ལས་མི་འདུག་ཟེར། དེ་ནས་རས་ཆུང་བ་སྐག་ནས་མགྱོགས་པར་འོངས་ཏེ་བླ་མ་ལ་ཞུས་པས། ཁྱོད་ལ་ཚེ་དེ་བས་མེད་པ་ངས་ཀྱང་ཤེས་ཏེ། ཁྱོད་ཡིད་ཆེས་ཕྱིར་བཏང་བ་ཡིན། ད་སྐྲག་མི་དགོས། མ་གཅིག་གྲུབ་པའི་རྒྱལ་མོ་མཇལ་དུ་འགྲོ་གསུངས་ནས་བྱོན། ལོ་རྒྱུས་ཞུས་པས། གྲུབ་པའི་རྒྱལ་མོས་ཚེ་དབང་འདི་གནང་ནས། རས་ཆུང་བ་ཁྱོད་ལོ་ཅི་ཙམ་ཐུབ་པར་འདོད་གསུངས། ང་རང་ཤི་ན་ཡང་ལེགས་སྙམ་པའི་བར་ཐུབ་པར་འདོད་ཞུས་པས། བོད་བསམ་པ་མཐོན་པོ་ལ་ངེས་པ་མེད། བུ་ཕའི་ཚེ་དང་མཉམ་


CMR044_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་གསུངས་ནས་དགུང་ལོ་བཞི་བཅུ་བསྐོར་ནས་སླར་ཡང་བཞི་བཅུ་འཕེལ་ཏེ། མི་ལའི་ཚེ་ཚད་བརྒྱད་ཅུ་གྱ་བརྒྱད་བར་བསྲིངས། དེས་ན་ཏི་པུ་པས་ཀྱང་ཚེ་དབང་འདི་གནང་སྟེ། ཚེ་སྒྲུབ་འདི་ངས་ཀྱང་ཤེས་ཏེ་གྲུབ་པའི་རྒྱལ་མོ་ཚེ་རིང་བས་ཁྱོད་ཡིད་ཆེས་ཕྱིར་ཞུ་བཅུག་པ་ཡིན་གསུངས། དེ་ནས་བོད་དུ་བྱོན་པས། རྗེ་མི་ལའི་ཞལ་ནས། རས་ཆུང་བ་ཁྱོད་ཀྱིས་སྔར་བོད་དུ་མ་གྲགས་པའི་ཆོས་ཟབ་མོ་ཞིག་མཇལ་སྐྱེལ་བའི་ཚུལ་དུ་ཕུལ་ཅིག་གསུངས་པས། རས་ཆུང་བས་རྒྱ་གར་ནས་རྒྱུད་འགྲེལ་བརྒྱ་རྩ་བརྒྱད་གདན་དྲངས་པའི་ནང་ནས་ཚེ་སྒྲུབ་འདི་ཟབ་པར་དགོངས་ནས། མི་ལ་ལ་ཕུལ་ནས། མི་ལས་དྭགས་པོ། །དེས་ཕག་གྲུ་ལ་བརྒྱུད་པ་དང་། རས་ཆུང་བས་ཟངས་རི་རས་པ་ལ། དེས་འགྲོ་མགོན་རས་ཆེན་ནས་དོན་བརྒྱུད་ལྟར་བརྒྱུད་དོ། །ཚེའི་གཟུངས་འདི་བྱ་རི་དྭགས་ཀྱི་རྣ་ལམ་དུ་ཐོས་ཀྱང་། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་དང་། ཚེ་དཔག་མེད་པའི་མཚན་ཐོས་ན་ཡང་ཕན་ཡོན་དུ་མ་གསུངས་ན། དབང་ཐོབ་ན་ལྟ་ཅི་སྨོས། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་ཨ་རཱ་གས་བྲིས་པའོ།། །།བླ་མ་དང་མགོན་པོ་ཚེ་དཔག་


CMR044_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དབྱེར་མ་མཆིས་པའི་དྲུང་དུ་འཆི་མེད་ཚེ་ཡི་དངོས་གྲུབ་ལ་སོགས་པ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བདེ་བླག་ཉིད་དུ་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་ཟབ་མོ་ཞུ་བར་བྱ་སྙམ་པའི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་སྙིང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་བརྗོད། རྒྱུད་རྣམ་པར་དག་པ་བྱ་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བློས་འདི་ཡི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་


CMR044_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཧྲཱི༔ཡིག་ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་བརྒྱན་ཅིང་ཞབས་རྡོར་སྐྱིལ་དུ་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ཏེ་གཉིས་མེད་དུ་ཐིམ་པའི་མོས་པ་མཛོད། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ།། བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ རོལ་མོ་བྱ། ཡེ་ཤེས་པ་དེ་ཉིད་བརྟན་པར་བྱ་བའི་མོས་པ་མཛོད། མགོ་བོར་རྡོ་རྗེ་རེག་ཅིང་། ཏིཥྛ་བཛྲ། དེ་ནས་མདུན་དུ་བཤམས་པའི་མདུན་བསྐྱེད་ཀྱི་གཏོར་མ་འདི་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་གསལ་བར་བསྒོམ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ཅེས་གསོལ་བ་བཏབ་པ་ལ་བརྟེན་ནས་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཁྱེད་རང་


CMR044_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཚེ་ཡར་བ་དང་། ཆད་པ། བླ་ཚེ་ཉམས་ཤིང་འཕྲོག་པ་སོགས་དང་ས་ཆུ་མེ་རླུང་འབྱུང་བའི་བཅུད། ཕྱོགས་བཅུའི་སེམས་ཅན་གྱི་ཚེ་བསོད་དཔལ་འབྱོར་གྱི་དྭངས་མ། རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཆེའི་དངོས་གྲུབ་ཐམས་ཅད་བསྡུས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པའི་ཕྱག་གི་བུམ་པའི་ནང་དུ་ཞུགས། བདུད་རྩིར་ཁོལ་ཞིང་ལུད། སྤྱི་བོ་ནས་མར་སོང་། ལུས་ཀྱི་ནང་གང་བས་ཚེ་ཉི་ཟླ་དང་མཉམ་པའི་མོས་པ་མཛོད། ཚེ་གཏོར་མགོར་བཞག་ལ། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་ཁྱད་པར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཤིང་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། གཟུངས་སྔགས་བརྗོད། གསུང་ཚེ་ཆང་གི་དབང་བསྐུར་བའི་དོན་དུ་ཚེ་ཆང་འདི་ཉིད་ཚེ་དཔག་མེད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩི་འདི་འཐུང་བས་ལུས་ཀྱི་གནས་བཞི་དང་རྩ་འདབ་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་མེར་གྱི་ཁེངས་བའི་མོས་པ་གྱིས། རྩ་སྔགས་བརྗོད་ཚེ་ཆང་བླུད། ཐུགས་ཚེ་རིལ་གྱི་དབང་བསྐུར་བའི་དོན་དུ་ཚེ་རིལ་འདི་


CMR044_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མདུན་བསྐྱེད་ཚེ་དཔག་མེད་གཉིས་པ་ཞིག་འཕྲོས་ནས་ཁྱེད་རང་གི་སྙིང་ཁར་ཐིམ་པའི་མོས་པ་གྱིས། རྩ་སྔགས་བརྗོད་ཚེ་རིལ་སྦྱིན། བཅོམ་ལྡན་འདས་ཚེ་དཔག་མེད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་དུ་གྱུར། དབང་བརྒྱ་སོགས་དགོས་ཚེ་གོང་གི་ཐུགས་སྲོག་འོད་ཀྱིས་ཞེས་སོགས་ཤོ་ལོ་ཀ་གཅིག་པོ་བརྗོད་ལ་འོར་ཀྱང་རུང་ངོ་། །ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་མཛོད་ཅིག །མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག །མི་ནུབ་པའི་རྒྱལ་མཚན་ལྟ་བུར་མཛོད་ཅིག །མི་ཆད་པ་ཆུ་བོའི་རྒྱུན་བཞིན་དུ་མཛོད་ཅིག །བཀྲ་ཤིས་བརྗོད། དེ་ལྟར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྡོམ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་ད་དམིགས་ཏེ་མཎྜ་འབུལ་བར་ཞུ། ས་གཞི་སྤོས་ཆུས་སོགས། མཎྜལ་དུ་མ་ཟད་རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་


CMR044_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ལན་གསུམ་བརྗོད། དེ་ལྟར་དབང་ཐོབ་པ་ལས་བྱུང་བའི་དགེ་བ་འདིས་མཚོན་ཏེ་རང་གཞན་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་མཐའ་གཉིས་ལ་མི་གནས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གསུངས་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོས་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བསྔོ་སྨོན་དང་རྗེས་ཆོག་བ་ཏོར་བསྔོས། མཆོད་བསྟོད། བཟོད་གསོལ་སོགས་སྐབས་དང་བསྟུན་ནས་བྱའོ། །དེ་ལྟར་ཚེ་དབང་ཤིན་ཏུ་བསྡུས་པ་འདི་བཞིན་དགོས་ཞེས་མཉན་སྤྲུལ་དགེ་ལེགས་རྒྱ་མཚོས་བསྐུལ་བ་ལྟར་ཤྲཱི་དྷམི་སིདྡྷིམྨསསྤེལ་བ་མངྒ་ལཾ།། དགེའོ།། དགེའོ།། ༧ བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཚེ་དབང་གྲུབ་རྒྱལ་ལུགས་ཤིན་ཏུ་བསྡུས་པ།next