Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་བབས་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་བབས་གསོལ་འདེབས།next

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་བབས་གསོལ་འདེབས།


CMR044_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་བབས་གསོལ་འདེབས་ནི། ན་མོ་ཨཱརྱ་ཏཱ་རེ་ཡེ། རྒྱུད་རྒྱལ་གསུངས་མཛད་བཅོམ་ལྡན་ཤཱཀྱ་ཐུབ། །འདུས་པའི་འཁོར་དང་ཞུ་སྤོབས་འཇམ་པའི་དབྱངས། །མངོན་པར་འབྱུང་དང་སྣ་ཚོགས་ལས་བྱུང་རྒྱུད། །སྟོན་འཁོར་ཆོས་དང་བཅས་ལ་གསོལ་བ་འདེབས། །འཕགས་མ་ཉིད་དང་དེ་ཡིས་རྗེས་བཟུང་ནས། །རྒྱུའཆི་བསླུའི་བསྟན་བཅོས་མཛད་པོ་ངག་དབང་ཕྱུག །བསྟན་བཅོས་རྒྱས་པའི་ལས་མཛད་ངག་དབང་གྲགས། །དེ་སྲས་ཐུ་བོ་རྣམས་ལ་གསོལ་བ་འདེབས། །སྒྲུབ་ཐབས་བརྒྱ་རྩ་མཛད་པ་རྡོ་རྗེ་གདན། །མན་ངག་བོད་དུ་སྣང་མཛད་བ་རི་པ། །སླེ་ནག་པ་དང་སྒྲེ་པ་ཟུར་ཁ་པ། །བཀའ་བབས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །པཎ་ཆེན་གསེར་གླིང་པ་དང་ཨ་ཏི་ཤ །འབྲོམ་སྟོན་རྗེ་དང་རྒྱལ་སྲས་སྤྱན་སྔ་པ། །འཕགས་མས་དངོས་སུ་རྗེས་བཟུང་སྒྲ་པའི་ཞབས། །ཞལ་གཟིགས་བརྒྱུད་པ་རྣམས་ལ་གསོལ་བ་ཀླུའདེབས། །མ་འོངས་རྒྱལ་བ་བདུན་པ་ཤཱཀྱའི་སྲས། །གནས་ལྔ་མཁས་པའི་པཎ་ཆེན་དཱ་ན་ཤི། །བཙན་ཐང་བླ་མ་ཀ་པ་ལ་ལ་སོགས། །བྱིན་རླབས་བརྒྱུད་པ་རྣམས་ལ་


CMR044_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །དྭགས་པོ་ཕག་གྲུ་རྒྱལ་བ་སྟག་ལུང་པ། །བ་ལམ་པ་དང་ཤཱཀྱ་གཞོན་ནུ་དང་། །གྲགས་པ་སེང་གེ་དར་རྒྱལ་མཁའ་སྤྱོད་དབང་། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །གཞན་ཡང་གཡུང་སྟོན་རྡོ་རྗེ་དཔལ་ལ་སོགས། །དབང་གིས་རབ་སྨིན་རིམ་གཉིས་མཐར་སོན་ནས། །འཕགས་མའི་རྒྱུད་གཞུང་ཆུ་བོ་རྒྱས་མཛད་པ། །ངོ་མཚར་བརྒྱུད་པ་དྲུག་ལ་གསོལ་བ་འདེབས། །བསོད་ནམས་འབུམ་དང་བླ་མ་རྒྱལ་མཚན་དང་། །ཆོས་ཀྱི་གྲགས་པ་མཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་འབངས་དང་ཞྭ་དགུ་པའི་ཞབས། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །འཕགས་མ་ཡང་ཡང་ཞལ་གཟིགས་ལུང་བསྟན་ཐོབ། །གནས་ལྔ་མཁས་པའི་བྱང་ཕྱོགས་པཎྜི་ཏ། འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚེ་དཔག་མེད་ཡུམ་བཅོམ་ལྡན་གོས་དཀར་མོ། །བསྒོམ་དང་བཟླས་པས་འཇིགས་པ་ཀུན་སྐྱོབས་ཤིང་། །ཚེ་དཔལ་ཡོན་ཏན་ཡེ་ཤེས་རྒྱས་མཛད་མ། །ཡི་དམ་འཕགས་མའི་ཞབས་ལ་གསོལ་བ་འདེབས། །འཕགས་མའི་རྗེས་འབྲངས་ནོར་འཆང་གནོད་སྦྱིན་


CMR044_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མ། །སྤྲུལ་པའི་ལྷ་མོ་ལྕགས་སྤྱང་སྔོན་མོ་སོགས། །སྒྲོལ་མའི་རྒྱུད་གཞུང་གང་ཟག་སྲུང་མཛད་པ། །ཆོས་བདག་སྲུང་མའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཡིད་བཞིན་འཁོར་ལོ་གཡས་སྐོར་འོད་ཟེར་གྱིས། །ཉོན་མོངས་སྒྲིབ་གཉིས་བྱང་བར་བྱིན་གྱིས་རློབས། །ནུས་ལྡན་གསང་སྔགས་གཡོན་སྐོར་ཏིང་འཛིན་གྱིས། །ཚེ་དཔལ་ཡེ་ཤེས་འཕེལ་བར་བྱིན་གྱིས་རློབས། །འཁོར་ལོ་འོད་ཟེར་རིམ་དྲུག་ཏིང་འཛིན་གྱིས་། །འཇིགས་པ་ཀུན་ལས་སྐྱོབས་པར་བྱིན་གྱིས་རློབས། །སྣ་ཚོགས་སྔགས་དང་ཏིང་འཛིན་འཁྲུལ་འཁོར་གྱིས། །འགྲོ་བའི་རེ་འདོད་བཀང་བར་བྱིན་གྱིས་རློབས། །ཆོས་ཀུན་སྒྱུ་མ་མེ་ལོང་གཟུགས་བརྙན་ལྟར། །རྒྱལ་ཡུམ་དགོངས་པ་རྟོགས་པར་བྱིན་གྱིས་རློབས། །འཆི་ཚེ་རྣམ་ཤེས་ཧཱུྃ་ཡིག་མདའ་འཕང་བཞིན། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཁ་ཆེ་པཎྜིཏ་ཉི་མ་སྦས་པ་ནས་ཉེ་བར་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་འཕགས་མས་རྗེས་སུ་བཟུང་ནས་གཏམ་རྒྱུད་མཐའ་ཡས་པ་མངའ་ཞིང་སྐུ་སྐྱེ་བ་འདི་ལའང་ལན་དུ་མར་ཞལ་གཟིགས་ཤིང་ལུང་བསྟན་པ་ཐོབ་པའི་ཚུལ་བསྟན་པ་རྗེ་ཆོས་ཀྱི་དབང་ཕྱུག་གིས་ཞལ་སྔ་ནས་འཕགས་མའི་


CMR044_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་རྒྱ་གསུམ་དང་ཁྲི་བཙུན་གཉིས་ཡུན་རིང་དུ་བཞུགས་པའི་གནས་ཤར་འོད་ཟེར་དབ་པའི་ཕོ་བྲང་དུ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་རྗེས་གནང་གི་རིམ་པ་ཇོ་བོ་རྗེའི་ལུགས་སུ་ཐོབ་པས་རྭ་ག་ཨ་སྱས་བརྒྱུད་རིམ་ལ་གསོལ་བ་བཏབ་པའོ།། སརྦ་མངྒ་ལཾ། །


previousསྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་བབས་གསོལ་འདེབས།next