Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེ་ཆོས་ཀྱི་དབང་ཕྱུག་གིས་སྦྱར་བའི་བསྡུས་པའི་ཁ་བཀང་། མདུན་བུམ་སོགས་ལྷན་ཐབས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེ་ཆོས་ཀྱི་དབང་ཕྱུག་གིས་སྦྱར་བའི་བསྡུས་པའི་ཁ་བཀང་། མདུན་བུམ་སོགས་ལྷན་ཐབས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next

འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེ་ཆོས་ཀྱི་དབང་ཕྱུག་གིས་སྦྱར་བའི་བསྡུས་པའི་ཁ་བཀང་། མདུན་བུམ་སོགས་ལྷན་ཐབས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།


CMR044_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེ་ཆོས་ཀྱི་དབང་ཕྱུག་གིས་སྦྱར་བའི་བསྡུས་པའི་ཁ་བཀང་། མདུན་བུམ་སོགས་ལྷན་ཐབས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུའི་གཟིགས་ཕྱོགས་ལགས་སོ།།


CMR044_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུཾཿལས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་དོན་དུ་བཅོམ་ལྡན་འདས་མ་བསྒོམས། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་པྲ་བྷ་ཝ་ཨཏྨ་ཀོཉཧཾ། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །ཏཾ༔ཡིག་དཀར་པོའི་འོད་ཀྱིས་འཕགས་པ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །རང་ཉིད་སྒྲོལ་མ་རབ་དཀར་འཛུམ་ཞལ་ཅན། །ཕྱག་གཉིས་གཡས་པས་མཆོག་སྦྱིན་གཡོན་པ་ཡི། །མཐེབ་སྲིན་སྦྱར་བས་ཨུཏྤལ་ཡུ་བ་འཛིན། །བྱེ་དང་མ་བྱེ་མེ་ཏོག་ལྷགས་པ་


CMR044_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྩེ་མོ་གསུམ་གྱིས་དུས་གསུམ་སངས་རྒྱས་མཚོན། །སྒེག་ཅིང་ཡིད་འོང་ཡེ་ཤེས་སྤྱན་བདུན་ལྡན། །རིན་ཆེན་རྒྱན་སྤྲས་དར་དཔྱངས་སྨད་གཡོགས་གསོལ། །དབུ་སྐྲ་ནག་ལ་སྣུམ་པ་བཅིངས་ཤིང་གྲོལ། །རྡོ་རྗེའི་གདན་ལ་བཞུགས་པའི་གནས་གསུམ་པོ། །འབྲུ་གསུམ་མཚན་དང་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་ཡེ་ཤེས་པ་དང་དབང་ལྷ་རྣམས། །ནམ་མཁར་སྤྱན་དྲངས་དམ་ཚིག་དབྱེར་མེད་འདྲེས། །དབང་ལྷས་དབང་བསྐུར་རིགས་བདག་གིས་མཚན་པའི། །ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཧཱུྃ། །སྟེང་འོག་ཨོཾ་ཧཱཿལྷག་


CMR044_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཡི་གེ་བརྒྱད། །རྩིབས་སྟེང་གནས་པའི་འཁོར་ལོ་ཡིག་འབྲུ་རྣམས། །གཡས་གཡོན་འཁོར་བས་འཆི་མེད་ཚེ་ལ་སོགས། །ཡོན་ཏན་ཡེ་ཤེས་ཐམས་ཅད་འཕེལ་གྱུར་ཅིག ། ཡི་གེ་བཅུ་པའི་སྔགས་འདི་ནི། །མི་སྐྱོ་ཡིད་ཀྱིས་བཟླས་བྱས་ཏེ། །ཨོཾ་གྱིས་ཡི་གེ་དང་པོ་སྦྱིན། །ཕྱི་ཡི་ཏཱ་རེ་འབྱུང་བར་སྦྱར། །ཏུཏྟཱ་རེ་དང་ཏུ་རེ་ཕྱེས། །སྭཱ་ཧཱ་མཐའ་རུ་ལས་ཀུན་བྱེད། །ཅེས་དང་། འཆི་བླུ་ལས། དང་པོ་རྣམ་པར་སྣང་མཛད་བརྗོད། །དེ་འོག་ཏཱ་རེ་ལན་གཉིས་བརྗོད། །ཏུཏྟཱ་རེ་གཉིས་ཏཱ་རེ་གཉིས། །སྭཱ་ཧཱ་མཐའ་ཅན་འཆི་བ་བསླུ། །སྒྲོལ་མ་འབྱུང་པའི་རྒྱུད་ལས་གསུངས། །ཞེས་གསུངས་པས་ཡིག་བཅུ་ཁོ་ནའོ། །འབྲུ་བདུན་པ་བཟླ་བྱའི་སྔགས་ཀྱང་། བླ་མའི་མན་ངག་ལས། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡུ་པུཎྱེ་ཛྙཱ་ན་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། བཟླ་ཚུལ་གཞན་དུ་གསལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སོགས། ཨངྒྷཾ་པཱ་དྱ་སོགས། བསྙེན་མཚམས་སུ། ཨོཾ་ཨ་ཨཱ། ཨི་ཨཱི། སོགས། དབྱངས་གསལ་ཡིག་བརྒྱ་བཟླས། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་ལས་རིན་ཆེན་སྣོད་ནང་དུ། །གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་


CMR044_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། མགྲོན་རིགས་བཞི་པོ་འཕགས་མ་སྒྲོལ་མ་ཡི། །རྣམ་པར་བྱོན་ནས་གཏོར་མ་གསོལ་བར་མཛོད། །ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་བརྗོད་ནས། སྤྲོ་ན། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །འགྲོ་བའི་དོན་དུ་བྱང་ཆུབ་ཐོབ་པར་མཛོད། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་རྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་


CMR044_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་མོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་འཁོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལྷ་མོའི་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་བཟང་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་


CMR044_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དབུས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱོད་ལ་བག་ཙམ་བསྟོད་པ་ནི། །བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར་། །མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ཨོཾ་ཏཱ་རེ་སོགས། མཆོད་བསྟོད་བྱ། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། སོགས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་ནས། བཞུགས་སུ་གསོལ། །བར་དུ་བརྗོད། བདག་བསྐྱེད་རྐྱང་པ་ཡིན་ན་ཐུན་བསྡུ་བ་ནི། བཅོམ་ལྡན་འདས་མ་འོད་ཞུ་ས་བོན་ལ། །ཐིམ་ཞིང་དེ་ཡང་མི་དམིགས་འོད་གསལ་བ། སླར་ཡང་ཟུང་འཇུག་སྐུ་ཡི་འགྲོ་དོན་བྱ། །དགེ་བས་འགྲོ་ཀུན་ཤེར་ཕྱིན་ཡུམ་འགྲུབ་ཤོག །ཆོས་ཀྱིས་དབང་ཕྱུག་གིས་བསྩལ་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousའཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེ་ཆོས་ཀྱི་དབང་ཕྱུག་གིས་སྦྱར་བའི་བསྡུས་པའི་ཁ་བཀང་། མདུན་བུམ་སོགས་ལྷན་ཐབས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next