Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
སྒྲོལ་དཀར་མདུན་བུམ་སྟབས་གཅིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་མདུན་བུམ་སྟབས་གཅིགnext

སྒྲོལ་དཀར་མདུན་བུམ་སྟབས་གཅིག


CMR044_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་མདུན་བུམ་སྟབས་གཅིག་ཡོད།


CMR044_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །གླིང་བཞི་གླིང་ཕྲན་གྱིས་བསྐོར་རི་རབ་སྟེང་། །མཆོད་པའི་སྤྲིན་ཕུང་རིན་ཆེན་ཁང་བཟང་དབུས། །རིན་ཆེན་ཁྲི་ཡི་སྟེང་དང་བུམ་བཟང་ནང་། །བདུད་རྩིའི་རྒྱ་མཚོར་པདྨ་ཟླ་བའི་སྟེང་། །ཏཾ་ཡིག་དཀར་པོའི་འོད་ཀྱིས་འཕགས་པ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །བཅོམ་ལྡན་སྒྲོལ་མ་རབ་དཀར་འཛུམ་ཞལ་གཅིག །ཕྱག་གཉིས་གཡས་པ་མཆོག་སྦྱིན་གཡོན་པ་ན། །མཐེབ་སྲིན་སྦྱར་བས་ཨུཏྤལ་ཡུ་བ་འཛིན། །བྱེ་དང་མ་བྱེ་མེ་ཏོག་


CMR044_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྷགས་པ་ཡི། །རྩེ་མོ་གསུམ་གྱིས་དུས་གསུམ་སངས་རྒྱས་མཚོན། །སྒེག་ཅིང་ཡིད་འོང་ཡེ་ཤེས་སྤྱན་བདུན་ལྡན། །རིན་ཆེན་རྒྱན་སྤྲས་དར་དཔྱངས་སྨད་གཡོགས་གསོལ། །དབུ་སྐྲ་ནག་ལ་སྣུམ་པ་བཅིངས་ཤིང་གྲོལ། །རྡོ་རྗེའི་གདན་གྱི་བཞུགས་པའི་པད་འདབ་ལ། །སྒྲོལ་མ་ཉེར་གཅིག་བསྐོར་བའི་གནས་གསུམ་དུ། །འབྲུ་གསུམ་མཚན་དང་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་ཡེ་ཤེས་པ་དང་དབང་ལྷ་རྣམས། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛ། ཨོཾ། ཐུགས་རྗེའི་རྨད་བྱུང་བཅོམ་ལྡན་འདས། །འཇིག་རྟེན་དབང་པོའི་སྲས་མོ་


CMR044_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །མ་ལུས་རྒྱལ་བ་ཀུན་གྱི་ཡུམ། །དོན་གཉིས་མཐའ་དག་གྲུབ་མཛད་མ། །ཐུགས་རྗེ་ཆེ་མངའ་འདིར་གཤེགས་གསོལ། །པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་དཀར་པོ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་འདྲེན། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །འཕགས་མ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་ཟླ་བར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨཱརྱ་ཏཱ་རེ་བཛྲ་ས་མ་ཡ་ཛཿ པདྨ་ཀཱ་མ་ལྟ་སྟེ། ཨ་བྷི་ཥིཉྩནྟཾ། ཛཿཧཱུྃ་བཾ་ཧོ༔དམ་ཡེ་དབྱེར་མེད་འདྲེས། །དབང་ལྷས་དབང་བསྐུར་རིགས་བདག་གིས་མཚན་པའི། །ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཧཱུྃ། །གཡས་གཡོན་ཨོཾ་ཧྭ་བར་དུ་མིང་སྤེལ་ཚིག །རྩིབས་བརྒྱུད་འབྲུ་བརྒྱད་ཕྱི་ནང་མུ་ཁྱུད་ལ། །དབྱངས་གསལ་རྟེན་འབྲེལ་རྡོ་ར་མེ་རི་དཀར། །འོད་ཟེར་འཕྲོ་འདུ་འཆི་མེད་ཚེ་ལ་སོགས། །ཡོན་ཏན་ཡེ་ཤེས་ཐམས་ཅད་འཕེལ་བར་


CMR044_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཨོཾ་ལས་རིན་ཆེན་སྣོད་དུ་མཆོད་པའི་སྤྲིན། །དཀར་གསུམ་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། ལྷ་ཡི་མེ་ཏོག་དམ་པ་འདི། །གཙང་ཞིང་དག་པའི་སྐྱེ་གནས་ཏེ། །ནགས་ཀྱི་རོ་སོགས་ཡིད་འོང་བའི། །དྲི་ལ་སོགས་པའི་བདུག་སྤོས་མཆོད། །བསྲུང་བའི་ཚོགས་དང་དག་པ་ཡིས། །ཡིད་ཀྱིས་མུན་འཇོམས་དགེ་བ་སྟེ། །ལྷ་ཡི་དྲི་མཆོག་དམ་པ་འདི། །གཙང་ཞིང་དག་པའི་སྐྱེ་གནས་ཏེ། །ལྷ་ཡི་རོ་མཆོག་ཕུན་ཚོགས་པའི། །བཤོས་གཙང་ཡིད་དུ་འོང་བ་དང་། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དཔག་བསམ་གྱིས་ནི་ཤིང་དག་དང་། །ལྗོན་པའི་ཤིང་ནི་ཤིང་བཟང་པོ། །དྲི་ཞིམ་ལོ་འདབ་བཅས་པའི་ཤིང་། །ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག །སྤོས་ཀྱི་དྲི་ངད་ལྡང་བའི་ཆར། །འབྲུ་དང་མེ་ཏོག་ལ་སོགས་ཆར། །ཡིད་དུ་འོང་བའི་དྲི་ཞིམ་ཆེར། །ངེས་པར་ཀུན་དུ་འབབ་པར་ཤོག །འབབ་ཆུ་ལྡེང་ཀ་ལུ་མ་དང་། །མཚོ་དང་རྫིང་བུ་དག་དང་ནི། །རོ་བརྒྱ་


CMR044_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་ལྡན་པའི་མཚོ། །ངང་པ་ལ་སོགས་བཅས་པ་དང་། །རིན་ཆེན་ཁང་བཟང་ཡིད་འོང་པའི། །དྲ་བ་དྲ་བ་ཕྱེད་པ་དང་། །ཤར་ནུབ་འོད་ཅན་ཉི་ཟླ་དང་། །ཁང་པ་ཤིན་ཏུ་ཡིད་འོང་རྣམས། །རྒྱལ་བའི་ཡུམ་ལ་མཆོད་པར་འབུལ། །ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཞིང་ཁམས་རྣམ་དག་རྡོ་རྗེའི་ས་གཞི་ལ། །གླིང་བཞི་རི་རབ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་བསམ་ཡས་རྡོ་རྗེའི་རྒྱན་ཕྲེང་འབར། །རྡོ་རྗེ་སྒྲོལ་མ་རྒྱལ་བ་ཀུན་ཡུམ་ལ། །མཆོག་ཏུ་དད་པས་ཀུན་ཏུ་བདེག་འབུལ་ལོ། །བདག་དང་འགྲོ་ལ་རྟག་ཏུ་བདེ་ལེགས་ཀྱི། །གཞལ་ཡས་འབྱོར་པ་ཟག་མེད་བསྩལ་དུ་གསོལ། །རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་རྒྱལ་མཚན་དཔའ་བེའུ་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱད་དག་ནི་དབུལ་བར་བགྱི། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བའི་ཡུམ་དང་བྱང་ཆུབ་སེམས་མ་ལ། །བཀྲ་ཤིས་


CMR044_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བརྒྱད་དག་ནི་མཆོད་པར་བགྱི། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་ས་ར་པྲ་མཛྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ། སམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛེ་བཛྲ་མ་ཧཱ་བཛྲ། མ་ཧཱ་ཏེ་ཛ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་འདས་འཕགས་མ་ཡིད་བཞིན་གྱི་འཁོར་ལོས་བདག་ཅག་དཔོན་སློབ་མི་ནོར་བསྲུང་བྱ་ཐམས་ཅད་ལ། །རྒྱལ་པོའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། །ཆོམ་རྐུན་གྱི་འཇིགས་པ་དང་། མེ་ཆུ་དུག་མཚོན་གྱི་འཇིགས་པ་དང་། ནད་དང་གདོན་ལ་སོགས་པའི་འཇིགས་པ་ཆེན་པོ་བཅུ་དྲུག་ལས་ཐར་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྟོབས་དང་མངའ་ཐང་ཐམས་ཅད་དར་ཞིང་རྒྱས་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་ངན་སོང་གི་སྒྲ་ཡང་མི་གྲགས་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ༈ སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་


CMR044_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་གཟུགས། །བཅོམ་ལྡན་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཞབས་ཀྱི་པདྨ་གཉིས་ལ་ནི། །ཡན་ལག་མཆོག་གིས་རབ་ཏུ་གཏུགས་གྱུར་ན། །མངོན་འདོད་བདེ་བའི་འབྲས་བུ་སྨིན་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད། །འདབ་མ་བརྒྱད་ལྡན་ཡངས་པའི་སྙིང་པོ་ནི། །གསེར་ཞུན་ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །རྡུལ་བྲལ་སྟོན་ཀའི་ཟླ་ལྟར་དྲི་མ་མེད། །བཅོམ་ལྡན་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད། །དྲང་སྲོང་གཙོ་དང་གྲུབ་པ་ལྟོ་འཕྱེ་ཆེ། །གཤིན་རྗེ་སྲིན་པོ་གནོད་སྦྱིན་ལྷ་མིན་དང་། །ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱས་པའི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །གླིང་དང་ནགས་ཚལ་སྡུག་པའི་རི་ཁྲོད་དང་། །ཕུག་དང་ཆུ་ཀླུང་རི་བོའི་རྩེ་རྣམས་སུ། །དུས་རྣམས་རྟག་ཏུ་བཞུགས་པར་གྱུར་པ་ཡི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །སེང་གེ་སྟག་དང་གླང་པོ་མཚོ་ཆེན་དང་། །མེ་དང་འཆིང་བ་རྐུན་པོ་སྦྲུལ་དུག་གི །གནོད་པ་ཐམས་ཅད་རབ་ཏུ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །


CMR044_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱ་རེ་ཏུཏྟ་རེ་དང་ཏུ་རེ་ཡིས། །གཡུལ་གྱི་མཚོན་ཆ་བཟློག་མཛད་ཕན་པར་དགོངས། །འཇིགས་དང་རྨི་ལམ་ངན་པ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་རྗེས་ནོན་པའི་ཐབས་ཀྱིས་གང་དང་གང་། །སེམས་ཅན་གཟིགས་གྱུར་དེ་ཡི་དཔལ་འཕེལ་འགྱུར། །སྒྲོལ་མས་མི་བསླུ་འབྲས་བུ་མྱུར་ཐོབ་མཛད། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །གནས་སྐྱེ་བ་མེད་པའི་ཆོས་དབྱིངས་ན། །ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །ཁྱོད་སེམས་ཅན་ཀུན་ལ་བདེ་སྟེར་མས། །བདག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རང་ཆོས་སྐུ་ཡིན་པར་མ་ཤེས་པས། །སེམས་ཉོན་མོངས་དབང་དུ་གྱུར་པ་ཡི། །མར་འཁོར་བར་འཁྱམས་པའི་སྡུག་བསྔལ་ལས། །ཡུམ་ཡང་དག་ལྷ་མོས་བསྐྱབ་ཏུ་གསོལ། །ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་ཏེ། །ཚིག་ཐ་སྙད་རྗེས་སུ་འབྲངས་པ་ལ། །མཐར་གྲུབ་མཐའ་ངན་པས་བསླུས་པ་རྣམས། །ཡུམ་སྤྲོས་བྲལ་ལྷ་མོས་བསྐྱབ་ཏུ་གསོལ། །རྟོགས་པར་དཀའ་བའི་རང་གི་སེམས། །མཐོང་ནས་གོམས་པར་མི་བྱེད་པར། །བྱ་བ་ངན་པས་གཡེངས་པ་


CMR044_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཡུམ་དྲན་པའི་ལྷ་མོས་བསྐྱབ་ཏུ་གསོལ། །དེ་ཉིད་ཀྱི་དོན་ལ་བསམ་བྱས་ཀྱང་། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས། །ཤེས་བྱའི་གནས་ལ་རྨོངས་པ་རྣམས། །ཡུམ་ཀུན་མཁྱེན་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་རང་བྱུང་ཡེ་ཤེས་གཉིས་མེད་ལ། །གཉིས་འཛིན་འཁྲུལ་པའི་བག་ཆགས་ཀྱིས། །ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས། ཡུམ་གཉིས་མེད་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་མཐའ་བྲལ་གཉུག་མའི་མཚན་ཉིད་ཅན། །ཐབས་མཆོག་བདེ་དང་དབྱེར་མེད་ཀྱང་། །ད་དུང་སློབ་པའི་གང་ཟག་རྣམས། །ཡུམ་རྫོགས་སངས་རྒྱས་མས་བསྐྱབ་ཏུ་གསོལ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་འཇིགས་པ་བཅུ་དྲུག་ཤཱནཾ་ཀུ་རུ་སྭཱ་ཧཱ། ཞེས་པ་འུར་འདོན་སྒྲུབ་པ་གཅིག་བྱེད་དགོས་ཀྱང་། ཆོ་ག་པར་མ་སོགས་གཞན་དུ་ལུས་པས་འཕྲལ་དུ་སྟབས་བདེ་བར་འདོན་བྱ་རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ།། །།འདི་ལ་བརྩོན་ན་འཇིགས་པ་ཐམས་ཅད་ཞི་ཞིང་ཚེ་དང་བསོད་ནམས་ཤེས་རབ་འཕེལ། སྤྱི་མ་ངན་སོང་གི་སྒྲ་ཡང་མི་གྲགས་པར་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །བདག་བསྐྱེད་རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་ལྟར་རོ། །རྙིང་མ་ལ་མོས་ན་གནམ་ཆོས་ལྟར་བྱའོ། །རྗེས་ཆོག་ནི་སྤྱི་ལྟར་རོ།། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་འཇིགས་པ་བཅུ་དྲུག་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ།། །།


previousསྒྲོལ་དཀར་མདུན་བུམ་སྟབས་གཅིགnext