Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་།


CMR044_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བཞུགས་སོ༔


CMR044_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དུདུ༔ གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ༔ སྒྲོལ་མ་དཀར་མོའི་དབང་སྒྲུབ་བྱ་སྟེ༔ ཞེས་པས༔ འདི་ཉིད་སྒྲུབ་པའི་མན་ངག་ལས༔ དཀྱིལ་འཁོར་གཏོར་མ་ལེགས་པར་བཅས༔ སྐུ་བུམ་ནས་ཕྲེང་རྡོ་རྗེ་གཏོར༔ ཕྱག་མཚན་འཁོར་ལོ་མཆོད་པ་བཤམས༔ དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་༔ འགྲོ་བའི་དོན་དུ་འཕགས་མ་བསྒྲུབ༔ བདག་དང་མདུན་དང་བུམ་ནང་དང་༔ གཏོར་མ་སྒྲོལ་མ་དཀར་མོར་གསལ༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ གཡས་པས་མཆོག་སྦྱིན་གཡོན་ཨུཏྤལ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ༔ དེ་ཡི་ཐུགས་


CMR044_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཨུཏྤལ་ནི༔ དཀར་པོ་འདབ་མ་དགུ་པའི་ནང་༔ ལྟེ་བར་ཨོཾ་དང་སྔགས་གཡོན་བསྐོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ སྒྲོལ་མ་དཀར་མོ་ཡེ་ཤེས་པ༔ སྤྱན་དྲངས་ཐིམ་སྟེ་དབང་བསྐུར་གྱུར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ བརྒྱ་རྩ་སོགས་ཅི་འགྲུབ་བཟླས༔ དེ་ཡིས་སྒྲོལ་མ་དཀར་མོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཁྱམ། དེ་ནས། ལས་བུམ་དུ་དབང་ཆེན་ཁྲོ་བོ་གསལ་བར་གྱུར༔ ཧཱུྃཧཱུྃ་ཕཊ༔ བཟླའོ༔ ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ༔ ཏུ་རེས་ན་བ་རྣམས་


CMR044_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲོལ༔ སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཅེས་དང་། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་འཁོར་བའི་སྡུག་བསྔལ་མཐའ་དག་ལས་སྐྱོབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ སློབ་མ་ཁྲུས་བྱས་མཎྜལ་ཕུལ། གནམ་ཆོས་ལུགས་ཀྱི་སྒྲོལ་དཀར་གྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཐོག་མར་མཎྜལ་ཕུལ། འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་འཕགས་མ་སྒྲོལ་མའི་དབང་བསྐུར་བ་ཡིན་ཏེ༔ དེ་ཡི་ལོ་རྒྱུས་ཟུར་ཙམ་ཞུ་ན༔ སྒྲོལ་མའི་ངོ་བོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་གཡོན་ལས་སྤྲུལ་པ་ཡིན་ཏེ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་སྤྲུལ་པ་ཐབས་ཀྱི་ཆ་ལས་སྤྱན་རས་གཟིགས་དང་༔ སྟོང་པ་ཤེས་རབ་ཀྱི་ཆ་ལས་སྒྲོལ་མར་སྤྲུལ་པ་ཡིན་པར་བཤད་དོ༔ དེའང་གནམ་ཆོས་འཕགས་མ་སྒྲོལ་མའི་རྒྱུད་འོད་ཟེར་རབ་འཕྲོ་ཞེས་བྱ་བ་ལས༔ བཅོམ་ལྡན་འདས་རྡོ་རྗེ་འཆང་༔ འཕགས་མ་རྗེ་བཙུན་སྒྲོལ་མ་ཡི༔ རྒྱུད་ཅིག་བདག་ལ་བཀའ་སྩོལ་ཨཾ༔ ཞེས་ཞུས་པས་རྒྱུད་ལེའུ་བཅུ་པ་གསུངས་ཏེ༔ འདིའི་རྒྱུད་ཀྱི་བཀའ་སྲུང་མ༔ དཔལ་མོ་ཐང་ནག་ཁྱོད་ལ་གཏད༔


CMR044_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་པའི་རྒྱུད་ལས༔ ཨེ་མ་ཧོ༔ འཕགས་མ་རྗེ་བཙུན་སྒྲོལ་མ་ཡི༔ ལོ་རྒྱུས་ཅུང་ཟད་བཤད་པ་ནི༔ འཕགས་མཆོག་སྤྱན་རས་གཟིགས་དབང་གིས༔ སྙིང་རྗེ་འཁོར་བ་སྟོང་མ་བཟོད༔ འཁོར་བའི་སེམས་ཅན་ཡང་ཡང་དྲངས༔ ཞེས་ཀྱང་སྟོང་པར་མ་ནུས་ཏེ༔ བཤུམས་པའི་སྤྱན་ཆབ་གཡས་གཡོན་ལས༔ སྒྲོལ་མ་དཀར་སྔོན་འབྱུང་བ་སྟེ༔ ཐུགས་རྗེ་འདི་ལས་ཆེ་བ་མེད༔ ཅེས་གསུངས་སྤྲུལ་པ་འབྱུང་ཚུལ་ནི༔ འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་གཅིག་ཀྱང་མ་ལུས་པར་སྒྲོལ་བའི་དམ་བཅའ་མཛད་ཅིང་༔ སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་ནས༔ ད་ཅི་ལྟ་བར་གྱུར་པ་དགོངས་ནས་གཟིགས་པས་སེམས་ཅན་ལ་སྐྱེ་འབྲི་མེད་པས་ཐུགས་མུག་སྟེ༔ སྤྱན་ཆབ་བསིལ་བས༔ སྤྱན་ཆབ་གཉིས་ལས་མེ་ཏོག་པདྨ་གཉིས་བྱུང་སྟེ་ཁ་བྱེ་བའི་ནང་ནས་སྒྲོལ་མ་དཀར་སྔོན་གཉིས་བྱོན་ནས༔ སྲིད་ན་སུ་ཞིག་འཇིགས་པས་འཇིགས་གྱུར་ཡོད་དེ་ཀུན་ངས་སྐྱོབ་མ་འཇིགས་མ་འཇིགས་ཤིག༔ ཅེས་གསུངས་ཤིང་དམ་བཅས་ནས༔ འཕགས་པ་ལ་ཁྱེད་ཐུགས་མུག་མ་མཛད་ངེད་གཉིས་ཀྱིས་གྲོགས་བྱ་སྟེ༔ སེམས་


CMR044_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དཔག་ཏུ་མེད་པའི་དོན་བྱའོ༔ ཞེས་གསུངས་སོ༔ མདོར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཇི་ཙམ་མཛད་པའི་གྲངས་སུ་སྒྲོལ་མའི་སྤྲུལ་པ་དེ་ཉིད་དུ་ཕྲིན་ལས་ཀྱི་གྲོགས་མཛད༔ སེམས་ཅན་ཇི་སྙེད་པའི་གྲངས་མཉམ་སྤྲུལ་པ་གང་ལ་གང་འདུལ་དུ་འགྲོ་བའི་དོན་མཛད་པ་མང་ཡང་༔ སྐུ་དངོས་ནི་པོ་ཏ་ལར་བཞུགས་སོ༔ དེ་ཡང་སྒྲོལ་མའི་རིགས་ཐམས་ཅད་ཐུགས་རྒྱུད་གཅིག་སྟེ༔ འཇམ་དཔལ་རྩ་རྒྱུད་ལས༔ རིགས་པའི་རྒྱལ་མོ་རྫུ་འཕྲུལ་ཆེ༔ བུད་མེད་གཟུགས་འཆང་ལྷ་མོ་ནི༔ འགྲོ་བ་ཀུན་ཏུ་རྣམ་པར་སེམས་ཅན་རྣམས་ནི་འདུལ་བྱེད་པ༔ ལྷ་མོ་སྒྲོལ་མ་ཞེས་ཀྱང་བསྟན༔ ཞེས་དང་༔ སམ་བུ་ཊི་ལས༔ སྒྲོལ་མ་འཁོར་བ་ལས་སྒྲོལ་མ༔ དེ་ལྟར་སྒོམ་པ་ཙམ་གྱིས་སྒྲུབ་པོ་སངས་རྒྱས་ཐོབ་པར་འགྱུར༔ ཞེས་དང་༔ སྒྲོལ་མ་སྣ་ཚོགས་འབྱུང་བའི་རྒྱུད་ལས༔ འཇམ་དཔལ་དེ་ཡི་ཕན་ཡོན་ནི༔ མཚམས་མེད་པ་ལྔ་དང་༔ དེ་དང་ཉེ་བ་ལྔ་དང་༔ སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ༔ ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུར་རོ༔ ཚེ་རབས་དྲན་པ་དང་༔ དབང་པོ་གསལ་བ་དང་༔


CMR044_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཞུངས་པར་འགྱུར་རོ༔ བཟོ་ཡི་གནས་ཐམས་ཅད་ལ་མཁས་པར་འགྱུར་རོ༔ སྟོབས་དང་མདངས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་འཇིག་རྟེན་སྐྱོང་བ་ཐམས་ཅད་ཅེས་ཀྱང་སྲུང་བ་དང་སྐྱོབ་པ་དང་སྦེད་པ་དང་ཕན་པ་བྱེད་ཅིང་གང་དུ་ཕྱིན་པ་ཐམས་ཅད་བཀྲ་ཤིས་པར་འགྱུར་རོ༔ ཞེས་གསུངས་པས༔ སྒྲོལ་མའི་དབང་དང་བྱིན་རླབས་ཐོབ་པ་དང་༔ གསོལ་བ་བཏབ་པ་ཙམ་གྱིས་ནད་གདོན་ལ་སོགས་འཇིགས་པ་བརྒྱད་ཀྱིས་འཚེ་བ་དང་༔ གནོད་པ་ཐམས་ཅད་སྐད་ཅིག་ལ་ཞི་བ་དང་༔ ཚེ་དཔལ་ཕུན་སུམ་ཚོགས་ནས་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་གསུངས་པའི་དབང་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཉེར་གསུམ་ལ༔ སྒྲོལ་ལྷམ་དཀར་སྔོན་གཉིས་ཀྱིས་མགྲིན་གཅིག་ཏུ་དངོས་སུ་གསུངས་པས་ཐུགས་རྗེ་མྱུར་ཞིང་བྱིན་རླབས་ཆེ་བའི་དབང་ཞུ་བའི་ཕྱིར༔ སློབ་དཔོན་དང་དབང་རྫས་རྣམས་སྒྲོལ་དཀར་དུ་མོས་ཤིང་༔ སློབ་བུས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱཻ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ལ་འཕགས་མ་སྒྲོལ་མ་ཡི༔ དབང་དང་རྗེས་གནང་


CMR044_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་དུ་གསོལ༔ ལན་གསུམ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས༔ ལན་གསུམ༔ དེ་ནས་སློབ་མ་ལྷར་བསྐྱེད་པའི་དོན༔ དམིགས་པ་འདི་བཞིན་བསྒོམ་པར་བྱོས༔ ཁྱེད་རྣམས་སྒྲོལ་མ་དཀར་མོར་གསལ༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ གཡས་པས་མཆོག་སྦྱིན་གཡོན་ཨུཏྤལ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ༔ དེ་ཡི་ཐུགས་ཀར་ཨུཏྤལ་ནི༔ དཀར་པོ་འདབ་མ་དགུ་པའི་ནང་༔ ལྟེ་བར་ཨོཾ་དང་སྔགས་གཡོན་བསྐོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ སྒྲོལ་མ་དཀར་མོ་ཡེ་ཤེས་པ༔ སྤྱན་དྲངས་ཐིམ་སྟེ་དབང་བསྐུར་གྱུར༔ ཧཱུྃ༔ སྒྲོལ་མ་དཀར་མོའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་གསལ་དུ་གསོལ༔ རྩ་སྔགས་མཐར༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མགོར་བཞག་ལ༔ ཡེ་ཤེས་པ་དེ་བརྟན་པར་བསྒོམ༔ ཏིཥྛ་བཛྲ༔ དེ་ནས་སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་འཕགས་མ་སྒྲོལ་མའི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ འཕགས་མ་སྒྲོལ་


CMR044_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དབང་ཐོབ་ཅིང་༔ སྐུ་གསུང་ཐུགས་དབང་རྫོགས་པར་ཤོག༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བུམ་པ་འདི་ནང་འཕགས་མ་སྒྲོལ་མ་བཞུགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ འཕགས་མ་སྒྲོལ་མའི་དབང་ཐོབ་ཅིང་༔ སྐུ་གསུང་ཐུགས་དབང་རྫོགས་པར་ཤོག༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་ནས་ནི་ཐོགས་བྱས་ལ༔ ཧཱུྃ༔ ནས་ཀྱི་འབྲུ་ནི་རེ་རེ་ཡང་༔ འཕགས་མ་སྒྲོལ་མ་ཁྱོད་ཀྱི་ནི༔ སྤྱི་བོར་བཞག་པས་དབང་ཐོབ་ཅིང་༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྲེང་བ་ཐོགས་བྱས་ལ༔ ཧཱུྃ༔ འདི་ནི་འཕགས་མ་སྒྲོལ་མ་ཡི༔ སྐུ་གསུང་ཐུགས་ཀྱི་ཕྲེང་བ་སྟེ༔ ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས། འཕགས་མ་སྒྲོལ་མའི་དབང་ཐོབ་ཅིང་༔ སྐུ་གསུང་ཐུགས་དབང་རྫོགས་པར་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་སྙིང་གར་བཞག༔ ཧཱུྃ༔ འདི་ནི་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀྱི་རྟགས་ནི་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ འཕགས་མ་སྒྲོལ་མའི་དབང་ཐོབ་ཅིང་༔ སྐུ་གསུང་ཐུགས་དབང་རྫོགས་པར་ཤོག༔ རྩ་སྔགས་


CMR044_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཐར༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ འདི་ནི་འཕགས་མ་སྒྲོལ་མ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ འཕགས་མ་སྒྲོལ་མའི་དབང་ཐོབ་ཤོག༔ སྐུ་གསུང་ཐུགས་དབང་རྫོགས་པར་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་མཚན་ལག་ཏུ་གཏད༔ ཧཱུྃ༔ འདི་ནི་འཕགས་མ་སྒྲོལ་མ་ཡི༔ ཕྱག་མཚན་མཆོག་སྦྱིན་ཨུཏྤལ་ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས༔ འཕགས་མ་སྒྲོལ་མའི་དབང་ཐོབ་ཅིང་༔ སྐུ་གསུང་ཐུགས་དབང་རྫོགས་པར་ཤོག་རྩ་སྔགས་མཐར༔ ཨབྷི་ཥིཉྩ་ཧཱུྃ༔ དེ་ནས་འཁོར་ལོ་ལག་ཏུ་གཏད༔ ཧཱུྃ༔ འདི་ནི་མཚོན་ཆའི་འཁོར་ལོ་སྟེ༔ དམ་ཚིག་མ་འདས་སྲུང་གྱུར་ན༔ སྐྱབས་འགྱུར་གལ་ཏེ་ཉམས་གྱུར་ན༔ ཚེ་ཡི་འདུ་བྱེད་ལྟུང་བར་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ ཙཀྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ་གཏོར་མའི་བཀའ་བསྒོ་ལུགས་གཉིས་གང་འོས་སྦྱར༔ མཆན། ས་གཞི་སྤོས་ཆུས་སོགས་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རུ་ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་ནག་པ་ཟླ་བའི་མར་ངོའི་ཚེས་བརྒྱད་སྒྲོལ་མ་དཀར་སྔོན་གཉིས་བྱོན་ནས་མགྲིན་གཅིག་ཏུ་གསུངས་སོ༔ ཞེས་པ་དབང་བཤད་ལོ་རྒྱུས་ཅུང་ཟད་སོགས་ཕྱག་ལེན་གྱིས་བརྒྱན་ཏེ༔ དགེ་སློང་པདྨ་མ་ཎིའི་བྲིས་


CMR044_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་གཞན་ཕན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག༔ ༈ གཏོར་དབང་ལ་བླ་མ་བརྒྱུད་པ་སོགས་བཀའ་བསྒོ་བྱེད་སྲོལ་འདུག༔ ཤུ་བྷཾ༔ སརྦ་མངྒ་ལཾ།། དེས་འཕགས་མ་སྒྲོལ་མའི་དབང་ལེགས་པར་ཐོབ་པ་ཡིན་པས༔ རང་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་དུ་བཟུང་སྙམ་པས་འདི་ཡི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། །ས་གཞི་སྤོས་སོགས། ས་མ་ཡ་རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཨོཾ་ཨརྒྷཾ་སོགས། ཨོཾ་འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད༔ མ་རྙེད་ཡོངས་སུ་སོགས། ཡིག་བརྒྱ་དང་། མདུན་བསྐྱེད་སྒྲོལ་མ་བདག་ལ་ཐིམ༔ དེ་ཡང་མི་དམིགས་རྒྱལ་བའི་ཡུམ༔ སྨྲ་བསམ་བརྗོད་མེད་སྟོང་པ་ཉིད༔ དགེ་བས་བདག་དང་འགྲོ་བ་ཀུན༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ བཀྲ་ཤིས་གང་ཤེས་བརྗོད༔ ཅེས་པའང་རཱ་ག་ཨ་སྱས་སྦྱར་བའོ༔ ཨོཾ༔ དབང་མཐར་གཏོར་མའི་བཀའ་བསྒོ་གནས་ལུགས། སླར་ཡང་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི༔ ཨོཾ༔ བླ་མ་བརྒྱུད་རིམ་ནི༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་སྲོང་བཙན་སྒམ་པོ༔ སློབ་དཔོན་པདྨ་འབྱུང་གནས༔ ཇོ་མོ་མཁར་ཆེན་མཚོ་རྒྱལ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་


CMR044_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཙན༔ ལྷ་སྲས་མུ་ཁྲི་བཙན་པོ༔ ཤུད་བུ་དཔལ་གྱི་སེངྒེ༔ རིག་འཛིན་འཇའ་ཚོན་སྙིང་པོ༔ ལོ་ཆེན་བཻ་རོ་ཙཱ་ན༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ༔ རཱ་ག་ཨ་སྱ་ལ་སོགས་པའི་བླ་མ་རྣམས་དང་༔ རྗེ་བཙུན་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ༔ འཕགས་མ་བཀྲ་ཤིས་དོན་ཀུན་སྒྲུབ་བྱེད༔ སྒྲོལ་སྔོན་འཇིགས་པ་བརྒྱད་སྐྱོབས༔ སེང་ལྡེང་ནགས་ཀྱི་སྒྲོལ་མ༔ འཕགས་མ་རིག་བྱེད་མ་ལ་སོགས་པའི་སྒྲོལ་མའི་རིག་བྱེད་བཅུ་གཅིག་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ནད་གདོན་སྡིག་སྒྲིབ་བན་བྱེད་བོན་བྱད་གཏོར་ཁ་གཏད་ཁྲམ་ལ་སོགས་ཚེ་ཡི་བར་ཆད་ཐམས་ཅད་ཞི་ཞིང་མི་འབྱུང་བར་བྱིན་གྱིས་རློབས་ཤིག༔ ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་འབྱོར་པ་ལོངས་སྤྱོད་སྟོབས་ནུས་རླུང་རྟ་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད་ཅིག༔ ནམ་འཆི་བའི་ཚེ་ཞིང་མཆོག་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་སངས་རྒྱས་པར་མཛོད་ཅིག༔ མདོར་ན་འཁོར་བ་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དུ་


CMR044_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་དུ་གསོལ༔ སྐུ་དང་ཞིང་ཁམས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ རྩ་སྔགས་མཐར༔ ཀཱ་ཡ་བ་ལི་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ ༈ གཏོར་མའི་བཀའ་བསྒོ་དཔལ་ཡུལ་ལུགས༔ སླར་ཡང་གཏོར་མས་བཀའ་བསྒོ་བ་ནི། གཏོར་དབང་གི་རྗེས་སྐྱོང་བར་འདོད་ན། གཏོར་མ་བཟུང་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། རྗེ་བཙུན་འཕགས་མ་སྒྲོལ་མ། གཏེར་སྟོན་མི་འགྱུར་རྡོ་རྗེ། མཁས་གྲུབ་ཀརྨ་ཆགས་མེད། རིག་འཛིན་ཀུན་བཟང་ཤེས་རབ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། འཕགས་མ་སྒྲོལ་མའི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་བྱིན་གྱིས་བརླབས་པ་དང་དབང་བསྐུར་བར་མཛད་དུ་གསོལ། ནད་གདོན་སྡིག་སྒྲིབ་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་དུ་འདྲེན་པར་མཛད་དུ་གསོལ།


CMR044_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་ཅིང་གནས་གསུམ་དུ་བཞག་གོ །དེ་ནས་མེ་ཏོག་འཐོར་ཞིང་། ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་གྱི་བཀྲ་ཤིས་ཤོག །ཅེས་དང་མཐར་བརྗོད། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་།next