Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་དཀར་གཏོར་བསྔོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་གཏོར་བསྔོས།next

སྒྲོལ་དཀར་གཏོར་བསྔོས།


CMR044_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་གཏོར་བསྔོས་ལ། ཐུན་མཚམས་སུ་དཀར་གསུམ་གྱི་གཏོར་མ་ཤ་ཆང་མ་འདྲེས་པ་བཤམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་སོགས། མགྲོན་རིགས་བཞི་པོ་འཕགས་མ་སྒྲོལ་མ་ཡིས། །རྣམ་པར་བྱོན་ནས་གཏོར་མ་གསོལ་བར་གྱུར། །ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན། བཅོམ་ལྡན་འདས་མ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་གསོལ་བྱའོ། །ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་སོགས་བརྗོད། ཤབྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཨཱཧཱུྃ། སྤྲོ་ན། རབ་འབྱམས་མ་དང་། ཁ་དོག་དབྱིབས་ལེགས། རྒྱལ་སྲིད་སོགས་ཀུན་རིག་ནས་ཁ་སབ། ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཞེས་སོགས་འདོན། འདོད་གསོལ་དེ་ལ་འཐུས་སོ། །མ་འབྱོར་པ་སོགས། བཟོད་པར་གསོལ། །ཞེས་དང་ཡིག་བརྒྱ་ཚར་གསུམ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་


CMR044_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་མ་འོད་ཞུ་ས་བོན་ལ། །ཐིམ་ཞིང་དེ་ཡང་མི་དམིགས་འོད་གསལ་ངང་། །སླར་ཡང་ཟུང་འཇུག་སྐུ་ཡིས་འགྲོ་དོན་མཛད། །དགེ་བས་ཡུམ་ཆེན་ཤེར་ཕྱིན་མྱུར་འགྲུབ་ཤོག །བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། དབྱངས་གསལ་ཡེ་དྷརྨཱ་ཚར་གསུམ་རེ་བྱ། ཞེས་པ་ཨ་རཱ་གས་སྦྱར་བའོ།། སརྦ་མངྒ་ལཾ། །


previousསྒྲོལ་དཀར་གཏོར་བསྔོས།next