Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་ཡིད་བཞིན་ནོར་བུ་འཁོར་ལོ་ཚིགས་སུ་བཅད་པའི་བསྙེན་སྒྲུབ་བྱ་ཚུལ་ཟིན་བྲིས་མདོར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་ཡིད་བཞིན་ནོར་བུ་འཁོར་ལོ་ཚིགས་སུ་བཅད་པའི་བསྙེན་སྒྲུབ་བྱ་ཚུལ་ཟིན་བྲིས་མདོར་བསྡུས་པ།next

སྒྲོལ་མ་ཡིད་བཞིན་ནོར་བུ་འཁོར་ལོ་ཚིགས་སུ་བཅད་པའི་བསྙེན་སྒྲུབ་བྱ་ཚུལ་ཟིན་བྲིས་མདོར་བསྡུས་པ།


CMR044_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ཡིད་བཞིན་ནོར་བུ་འཁོར་ལོ་ཚིགས་སུ་བཅད་པའི་བསྙེན་སྒྲུབ་བྱ་ཚུལ་ཟིན་བྲིས་མདོར་བསྡུས་པ་ཙམ་ཞིག་བཞུགས་སོ། །


CMR044_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཨརྱ་ཏཱ་རེ་ཡེ་ན་མ། འདིར་རྒྱལ་བ་ཐམས་ཅད་མཁྱེན་པ་དྲུག་པའི་ཞལ་སྔ་ནས་འཇང་ས་ཐམ་ཆོས་རྒྱལ་གོང་མ་ཆེན་པོའི་ཐུགས་དམ་རྒྱུན་ཁྱེར་གནང་བར་གྲགས་པའི་སྒྲོལ་མ་ཡིད་བཞིན་འཁོར་ལོའི་མངོན་རྟོགས་ཤིན་ཏུ་བསྡུས་པ་འདིའི་སྒོ་ནས། བསྙེན་སྒྲུབ་ཇི་ལྟར་བྱ་ཚུལ་ཞལ་ཤེས་གདམས་པ་ཟབ་མོ་འདི་ལྟ་སྟེ། མདུན་དུ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དཀར་པོ་བྲིས་པའམ། མ་འབྱོར་ན་འབྲུའི་ཚོམ་བུ་བཀོད་དེ་མཐར་མཆོད་པས་བསྐོར་བའམ་མདུན་དུ་བཤམས། གཏོར་མ་ཤ་ཆང་མ་འདྲེས་པ་ཟླུམ་པོ་དང་། སྔོན་འགྲོ་གཏོར་མ་གཅིག་དང་བུམ་པ་རྡོར་དྲིལ་བཤམས།


CMR044_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཁྲུས་བྱས་ཤ་ཆང་སྤང་ཟས་མཚམས་སུ་ཆབ་ལེན་པ་སོགས་གཙང་སྦྲ་ལ་གནས་པར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་བྱ། དང་པོ་ཉིན་སྔོན་འགྲོ་བགེགས་གཏོར་ཀུན་རིག་གམ་གང་རུང་བྱ། སུམ་བྷ་ནིས་བགེགས་བསྐྲད། ཨོཾ་ཨཱབིགྷན་ཏ་ཀྲྀཏ་ཧཱུྃ་ཕཊ་ཅེས་ཕྱོགས་བཅུར་སེ་གོལ་གཏོགས་ཤིང་སྔགས་རེ་བརྗོད་པས་ཕྱོགས་བཅུའི་བགེགས་བསྐྲད་པར་བསྒོམས་ལ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་དཀར་པོའི་གུར་བླ་བྲེ་ས་གཞི་དྲྭ་བ་ར་བར་གྱུར། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་དཀར་པོ་ཤས་ཆེར་འབར་བར་བསྒོམས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་


CMR044_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་བདུན་གྱིས་སྲུང་འཁོར་བརྟན་པར་བྱིན་གྱིས་བརླབས་སོ། །དེ་ནས་རང་ཉིད་སྐད་ཅིག་གིས་སྒྲོལ་མར་བསྒོམ། ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པར་སྒྲོལ་མ་ལ་བསྐོར་བ་མདུན་གྱི་ནམ་མཁར་བྱོན་པར་བསྒོམས་ལ། ལག་པ་གཉིས་བསྣོལ་ལ་སེ་གོལ་དཔུང་པའི་ཐད་དུ་རྡེབ་ཅིང་། བཛྲ་ས་མཱ་ཛཿ ཞེས་བརྗོད། དེ་རྣམས་ཀྱི་མདུན་དུ་ཡན་ལག་བདུན་པས་ཚོགས་བསགས་པར་བསྒོམས་ལ། བཟང་སྤྱོད་སྨོན་ཐུང་ཚར་གཅིག་འདོན། དེ་ནས་ཚོགས་ཞིང་དེ་རྣམས་འོད་དུ་ཞུ་རང་ཉིད་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། དེ་ཡན་ཆད་ནི་དང་པོའི་ཉིན་ཡིན་གྱི་རྒྱུན་དུ་མི་དགོས། དེ་ཡན་སྔོན་འགྲོའི་གདམས་པའོ། །དངོས་གཞི་ལ་བསྙེན་སྒྲུབ་ལས་གསུམ་ལས། བླ་མ་དཀོན་མཆོག་གསུམ་ལ་ཞེས་སོགས། བདག་བསྐྱེད་བསྙེན་པའི་བར་དུ་འདོན་ལ། རང་གི་སྙིང་གི་ཐད་ཀྱི་ནང་དུ་ངོ་བོ་ཡེ་ཤེས་ཀྱི་སྒྲོལ་མ་དཀར་མོ་ལ་རྣམ་པ་འཁོར་ལོ་དཀར་པོ་གདན་ཐབས་སུ་གནས་པ། རྩིབས་བརྒྱད་རབ་ཏུ་རྣོ་བའི་ལྟེ་བར་མ་རེག་ཙམ་དུ་ཏཱཾ་ཡིག་དཀར་པོ་འགྲེང་ཐབས་དེའི་སྟེང་གི་ཐད་དུ་ཨོཾ་དེའི་ཐད་འཁོར་ལོའི་འོག་ཏུ་ཧཱ་


CMR044_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དང་ཡི་གེ་བཅུ་གསུམ་གཡོ་འགུལ་མེད་པར་རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭ་བརྒྱད་པོ་རྩིབས་ལ་མ་རེག་ཙམ་དུ་ཡི་གེ་མདུན་དུ་བསྟན་ཅིང་གཡས་བསྐོར་འགྲེང་ཐབས་སུ་གནས་པར་བསྒོམས་ལ། དེ་དག་གསལ་བཏབ་ཅིང་ཡི་གེ་བཅུ་པ་བཟླས། དེ་ནས་དལ་བུས་འཁོར་ལོ་གཡས་ཡི་གེ་འབྲུ་བརྒྱད་གཡོན་བར་བསྒོམ། དེ་ནས་ཇེ་མགྱོགས་སུ་འཁོར། དེ་ནས་ཤིན་ཏུ་མགྱོགས་པར་འཁོར་བར་བསྒོམས་ཏེ། འཁོར་ལོ་གཡས་སུ་འཁོར་བས་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསྒོམ། ཡི་གེ་བརྒྱད་གཡོན་དུ་འཁོར་བས་ཚེ་དང་བསོད་ནམས་ཡེ་ཤེས་ཤེས་རབ་ཐམས་ཅད་འཕེལ་བར་བསྒོམ། ཐུན་མཚམས་སུ་མཆོད། མདུན་བསྐྱེད་དང་བུམ་བསྐྱེད་བྱས་ལ་མཆོད་པ་གཏོར་བསྔོས་སོགས་གཞུང་ལྟར་བྱ། །མདུན་བསྐྱེད་ལ་སྔགས་བརྒྱ་དང་། བུམ་བསྐྱེད་ལ་དམིགས་ནས་བརྒྱ་རྩ་བཟླས། སྤྲོ་ན་བདག་འཇུག་བླངས། བདག་འཇུག་མི་ལེན་ན་བུམ་ཆུ་ཅུང་ཟད་འཐུངས་པས་ཁྲུས་བྱ་བའི་གོས་gདང་གདོང་ལ་བྱུག་ནས། མདུན་བསྐྱེད་ཀྱི་སྐུ་ལས་སྒྲོལ་མའི་སྐུ་དང་སྔགས་ཕྲེང་དང་འཁོར་ལོ་དཀར་པོ་མང་པོ་འཕྲོས་ནས་རང་ཉིད་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་


CMR044_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་འཐུས། དེ་ནས་མདུན་བུམ་རྗེས་ཆོག་བྱས་ལ་གཤེགས་སམ་རྟེན་ལ་བསྟིམ། བཅོམ་ལྡན་འདས་མ་འོད་ཞུ་སོགས་བདག་བསྐྱེད་བསྡུ། སྟོང་ཉིད་བསྒོམ། ཤེར་ཕྱིན་ཡུམ་འགྲུབ་སོགས་བསྔོ་བ་བྱས་ལ་སླར་ཡང་ཟུང་འཇུག་སྐུ་ཡིས་འགྲོ་ཞེས་སོགས་རང་ཉིད་སྒྲོལ་མ་རྒྱན་མེད་བསྒོམ་ལ་ཐུན་མཚམས་འདིར་ཆུ་གཅིན་དང་། ཟས་བཟའ་བ་སོགས་བྱ། གལ་ཏེ་ཆུ་གཅིན་དང་ཟས་སོགས་ཐུན་གྱི་དཀྱིལ་དུ་བྱེད་དགོས་བྱུང་ན་ཡང་། དེ་མ་ཐག་ཆབ་ལེན་པ་དང་། སྦྲིད་པ་དང་འོག་རླུང་ཤོར་བ་དང་། ངག་ཆེན་པོ་ཤོར་ན་ཡང་དེ་མ་ཐག་ཕྲེང་བ་ཐང་ལ་བཞག་ནས་ཆབ་ལེན་ལ་བདག་བསྐྱེད་མངོན་རྟོགས་ནས་སླར་འདོན་ཝིག་བྱའོ། །དེ་ལྟར་ཐུན་མཚམས་སུ་བྱ་བ་གཞན་གང་དགོས་དང་། འདོན་པ་གཞན་ཆག་མེད་གང་དགོས་རྣམས་བྱའོ། །སླར་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་ནས་བཟུང་སྔར་ལྟར་ཐུན་བཟུང་སྟེ། དེ་ལྟར་ཐུན་གསུམ་མམ། ཐུན་བཞིར་བཅས་ཉམས་སུ་ལེན་ཏེ། སྔགས་ཡི་གེ་བཅུ་པ་དམིགས་པ་འཁོར་ལོ་འཁོར་བར་དེ་བསྒོམས་ཤིང་། ཞག་བདུན་ནམ་བཅུ་གཅིག་གམ། ཉེར་གཅིག །གྲངས་ནི་འབུམ་ཕྲག་བཅུའམ། བཞིའམ། ཐ་ན་འབུམ་ཕྲག་གཅིག་


CMR044_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ནི་བསྙེན་པའོ།། ༈ དེ་ནས་སྒྲུབ་པ་བྱ་བ་ནི། བདག་མདུན་དང་ཐུན་བཟུང་ལུགས་སྔར་དང་འདྲ་བ་ལས། རང་གི་སྙིང་གའི་འཁོར་ལོ་དེ་ལ་མུ་ཁྱུད་བསྒོམ་སྟེ། ལྟེ་བར་ཧཱུྃ་ཡིག་དེའི་མཐར་མར་རང་དང་རང་གི་བླ་མ་མཆེད་གྲོགས་སོགས་བསྲུང་བྱ་རྣམས་ཀྱི་མིང་གི་ཡི་གེའི་མཇུག་ཏུ་ཨཱ་ཡུ་པུཎྱེ་ཛྙཱ་ན་མ་མ་པུཊྚི་ཀུ་རུ་ཞེས་སོགས་ཡོད་པས་བསྐོར། དེའི་ཕྱིར་ཏཾ་གྱི་གཡས་སུ་ཨོཾ་དང་གཡོན་ངོས་ཕྱོགས་སུ་ཧཱ་ཡིག་།དེ་རྒྱབ་རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་སྟེ་ཡིག་འབྲུ་བརྒྱད། དེ་རྒྱབ་མུ་ཁྱུད་ལ་ཨ་ཨཱ་སོགས་དབྱངས་ཡིག་བཅུ་དྲུག་གཡོན་བསྐོར། དེ་རྒྱབ་མུ་ཁྱུད་ལ་ཀ་ཁ་སོགས་གསལ་བྱེད་སོ་ཅུ་གཡས་བསྐོར། དེ་རྒྱབ་མུ་ཁྱུད་ལ་ཡེ་དྷརྨ་གཡས་བསྐོར་རེ་ཡིག་འབྲུ་ཐམས་ཅད་དཀར་པོ་ལང་ཐབས་སུ་ཧྲམ་མེ་ཡོད་པ། དེ་རྒྱབ་རྡོ་རྗེ་དཀར་པོ་ནས་འབྲུ་ཙམ་གྱི་ཕྲེང་བས་བསྐོར་བ། དེ་རྒྱབ་མེ་རི་དཀར་པོ་སོར་གང་ཙམ་གྱིས་བསྐོར་བར་བསྒོམ། འཁོར་ལོ་འདི་ལ་འཁོར་རྒྱུ་མེད་དོ། །འཁོར་ལོ་འདི་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ལྷ་མི་འགྲོ་བ་ཀུན་ཐམས་ཅད་ཀྱི་ཚེ་དང་བསོད་


CMR044_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཡོན་ཏན་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པར་བསྒོམས། སྣོད་ཀྱི་འཇིག་རྟེན་གྱི་རྩི་སྨན་རིན་པོ་ཆེའི་ས་བཅུད་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པར་བསྒོམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་མ་མ་ཨཱ་ཡུ་པུཎྱ་ཛྙཱ་ན་པུཎྚི་ཀུ་རུ་སྭཱ་ཧཱ་ཞེས་བཟླས་འཕྲོ་བཞག །དེ་ནས་ལས་སྦྱོར་ལ། དང་པོ་སྲུང་འཁོར་ནི། རང་ཉིད་སྒྲོལ་དཀར་གྱི་ཕྱི་རོལ་ནས་རིམ་པར་འོད་ཟེར་དཀར་པོ་སེར་པོ་དམར་པོ་ལྗང་གུ་མཆིན་ཁ་ལྕགས་ཁའི་གུར་དྲུག་སྲུབ་དང་བར་མཚམས་མེད་པ་རླུང་སེར་བུ་ཡང་མི་ཐར་བ་གུར་སོ་སོའི་བར་འདོམ་རེ་ཙམ་ཐམས་ཅད་ཨུཏྤལ་དཀར་པོས་གཏམས་པ། གུར་ཁང་ཐམས་ཅད་སྲ་ལ་བརྟན་པ། དེ་རྒྱབ་མེ་རི་དཀར་པོ་རབ་ཏུ་འབར་བ། དེའི་ནང་དུ་འཁོར་ལོ་གུར་ཐབས་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་ལ། ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་སོགས་ཡོད་པ་ཡངས་ཤིང་རྒྱ་ཆེ་བ་སྟེང་འོག་གཉིས་ལ། ཨོཾ་དང་ཧ་སོགས་མཚམས་བརྒྱད་ལ་ཡི་གེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭ་བརྒྱད་པོ་ཡང་རི་རབ་ཙམ་མེ་འབར་བར་བསྒོམ། །འཁོར་ལོའི་ནང་རང་གི་གཡས་གཡོན་དུ་རང་གི་བླ་མ་མཆེད་གྲོགས་དང་


CMR044_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་བསྲུང་བྱར་གྱུར་པའི་མི་ནོར་ཡུལ་ཁམས་གནས་ཁང་དང་བཅས་པ་ཚུད་ནས་ཡོད་པར་བསྒོམས་ལ། རང་ཉིད་སྒྲོལ་མའི་ཐུགས་ཀའི་འཁོར་ལོ་དང་ཡིག་འབྲུ་དེ་ལས་འོད་ཟེར་དཀར་པོ་ཟླ་བའི་འོད་ལྟ་བུར་འཕྲོས་པས། རང་དང་བསྲུང་བྱ་ཐམས་ཅད་ཀྱི་ནད་གདོན་དགྲ་གྱོད་མི་ཁ་ལ་སོགས་གནོད་པ་ཐམས་ཅད་མུན་པ་ལ་ཉི་མ་ཤར་བའམ། བ་མོ་ལ་ཉི་ཟེར་ཕོག་པ་ལྟར་བསལ་ནས་དཀར་སང་སང་དག་པར་གྱུར། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཁོར་ལོའི་ནང་མདུན་གྱི་ནམ་མཁར་སྤྱན་དྲངས་པས། དེ་ཐམས་ཅད་སྒྲོལ་མ་དཀར་མོ་ཕྱག་གཡས་བུམ་པ་བསྣམས་པའི་སྐུ་ཤ་སྟག་ཏུ་གྱུར། རང་དང་བསྲུང་བྱ་ཐམས་ཅད་ལ་དབང་བསྐུར་ཞིང་ཁྲུས་བྱས་པས་བདུད་རྩི་སྤྱི་བོ་ཚངས་བུག་ནས་ཞུགས་ནས་ནང་ཐམས་ཅད་བཀྲུས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ། ཚེ་འདིའི་ནད་གདོན་སོགས་འཇིགས་པ་འབྱུང་བ་བཞི་རུ་གྱུར་པའི་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་ནད་གདོན་དགྲ་དང་རྒྱལ་པོའི་ཆད་པ་སོགས། གནོད་པ་ཐམས་ཅད་སང་སང་དག་པས་ལུས་ཤེལ་སྒོང་གཡའ་དག་པ་ལྟ་


CMR044_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གྱུར་པའི་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུས་མེ་རེ་རེ་གང་བས་ལུས་བཀྲག་མདངས་འོད་དང་ལྡན་པར་བསྒོམས་ལ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ནད་གདོན་དགྲ་ཡི་འཇིགས་པ་སརྦ་ཤཱནི་ཀུ་རུ་སྭཱ་ཧཱ། ཞེས་བཟླས། གྲངས་དང་ཞག་གྲངས་སོགས་གོང་དང་འདྲའོ། །ཐུན་མཚམས་སུ་བྱ་ལུགས་ཀྱང་སྔར་ལུགས་ལ། ཁྱད་པར་གདོན་དགྲ་དང་འཇིགས་པ་ཐམས་ཅད་ཞི་བར་ཡིད་ཀྱིས་གསོལ་བ་བཏབ་ཅིང་། ཅི་མཛད་ཁྱེད་ཤེས་ཀྱི་བློ་བཀལ་ནས་མོས་གུས་དྲག་པོ་གལ་ཆེའོ།། ༈ དེ་ལྟར་ཚེ་སྒྲུབ་ཚེ་རྟགས་ནི། རབ་དངོས་སུ་ཞལ་མཐོང་བ་དང་ལུང་སྟོན་པ་འབྱུང་། འབྲིང་དང་ཐ་མ་ཉམས་སྣང་དང་རྨི་ལམ་དུ་ཞལ་མཇལ་བའམ། སྒྲོལ་མའི་སྐུ་འདྲ་ལེགས་པོ་མཇལ་བ་རྙེད་པ། རྒྱུད་དང་སྒྲུབ་ཐབས་སམ་ཤེར་ཕྱིན་གྱི་པོ་ཏི་མེ་ཏོག་ཨུཏྤལ་རྙེད་དམ་མཐོང་བ། མ་དང་སྲིང་མོ་བུད་མེད་ཆས་བཟང་བུད་མེད་དཀར་མོའམ་བུད་མེད་གོས་དཀར་པོ་ཅན་གྱིས་དཀར་གསུམ་དང་བདུད་རྩི་བཟའ་བཏུང་བྱིན་པ་གོས་དཀར་པོ་གྱོན་པ་ཉི་མ་ཤར་བ། རྒྱུན་བཟང་པོ་བཏགས་པ། རོལ་མོའི་སྒྲ་འབུད་བཀྲོལ་བྱེད་པ། དཀར་གསུམ་སོགས་རྨིས་པ་འགྲུབ་རྟགས་ཡིན་ལ། ཁྱད་པར་


CMR044_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ཚ་འདེབས་པའམ་ཚ་ཚ་མཐོང་བ་འགྲུབ་རྟགས་མཆོག་ཡིན་ཏེ་ཚ་ཚ་གྲངས་ངེས་པ་ཅན་མཐོང་ན་ལོ་ཐུབ་གྲངས་ཡིན་ལ་གྲངས་མ་ངེས་པ་མཐོང་ནའང་རེ་ཞིག་བར་ཆད་བཟློག་པའི་ལྟས་ཡིན་ལ། མེ་དང་ཆུ་དང་དགྲ་དང་གཅན་གཟན་དང་དུག་སྦྲུལ་དང་རོ་ལངས་དང་རྒྱལ་པོ་དང་ཤ་ཟ་དང་ལྕགས་སྒྲོག་བཙོན་ར་འཇིགས་སྐྲག་ལས་ཐར་བ་རྨིས་ན་བར་ཆད་བཟློག་རྟོགས་ཡིན་ཅིང་། ཤེལ་ཕྲེང་སོགས་གྲངས་ཆེ་བར་བྱུང་ངམ་གྲངས་མ་ངེས་པ་བྱུང་བ་ཚེ་འཕེལ་རྟགས་དང་རང་ཉིད་ཁྲི་ལ་འདུག་པ་དང་གཞན་མང་པོས་ཕྱག་འཚལ་བ་སོགས་བསོད་ནམས་རྒྱས་རྟགས་དང་། རིགས་པ་དྭངས་ལུས་བདེ་སེམས་རྩ་སྐྱིད་པ་ཐུགས་དམ་ལ་སྤྲོ་ན་སྒྲིབ་པ་དག་རྟགས་ཡིན་ཅིང་འདིའི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་པས་ཉམས་རྟོགས་པ་ཤུགས་ཀྱིས་སྐྱེའོ། དེ་ལྟར་རྟགས་ཐོན་ན་དུས་མ་ཡིན་པའི་འཆི་བ་བཟློག་ཅིང་ཚེ་དང་བསོད་ནམས་འཕེལ། བར་ཆད་ཀྱིས་མི་ཚུགས་ངེས་སོ། །དེ་ལ་སྤྱིར་སྒྲོལ་མ་ཐུགས་དམ་རྒྱུད་གཅིག་པས་སྒྲོལ་མ་སྤྱིའི་ཕན་ཡོན་མཐའ་ཡས་པས་བྲི་བར་མི་ནུས་ལ། སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་འདིའི་ཕན་ཡོན་ཅུང་ཟད་བཤད་པར་བྱ་སྟེ། སྒྲོལ་མ་ལས་སྣ་ཚོགས་


CMR044_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་རྒྱུད་ལས། སྒྲོལ་མ་དཀར་མོ་ཕྱག་གཉིས་མ་སྔགས་ཡི་གེ་བཅུ་པ་འདི་ཉིད་གསལ་བར་གསུངས་ནས། འཇམ་དཔལ་དེའི་ཕན་ཡོན་ནི། མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་དང་། སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །འཇམ་དཔལ་འདིའི་ཕན་ཡོན། ལས་དེའི་ཕན་ཡོན་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུར་རོ། །མི་ཁོམ་པ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །འཇམ་དཔལ་འདིའི་ཕན་ཡོན་ནི་ཚེ་རབས་དྲན་པ་དང་དབང་པོ་གསལ་བ་དང་ཡིད་གཞུངས་པར་འགྱུར་རོ། །བཟོ་བའི་གནས་ཐམས་ཅད་མཁས་པར་འགྱུར་རོ། །སྟོབས་དང་གཟི་མདངས་ཕུན་སུམ་ཚོགས་པར་འགྱུར་རོ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་སྲུང་བ་དང་སྐྱོབ་པ་དང་སྦ་བ་དང་ཕན་པར་བྱེད་དོ། །གང་དུ་ཕྱིན་པ་ཐམས་ཅད་ཀྱིས་བཀྲ་ཤིས་པར་འགྱུར་རོ། །ཞེས་གསུངས་སོ། །རྒྱུད་འདི་ལ་ལས་ནི་བྱ་རྒྱུད་དུ་འདོད། ལ་ལས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཞེད་དོ།། ༈ རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོ་ལས། སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྔགས་བཅུ་པ་འདི་གསལ་བར་གསུངས་ནས། རྒྱལ་པོ་བཙོན་ར་དགྲ་ཕྱོགས་དང་། །ཉམ་ངའི་ཡུལ་དུ་འགྲོ་བ་


CMR044_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡན་ལག་སྣ་ཚོགས་རིམས་དང་ནི། །ཆུ་དང་དུག་གིས་འཆི་བ་སོགས། །གང་དང་གང་དུ་འཇིགས་པའི་གནས། །དེ་དང་དེར་ནི་བསམ་པ་ཟབ། །ཤེས་རབ་ཞན་དང་ལེ་ལོ་སོགས། །འཁོར་ལོ་བྲིས་ནས་བཅང་བར་བྱ། །བསྲུང་བ་བཟང་པོ་འདི་ཡིས་ནི། །འཇིགས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་སམ་བྷ་ཏྲའི་རྒྱུད་ལས་ཀྱང་སྔགས་འདི་དང་ལྷ་ཡིད་བཞིན་འཁོར་ལོ་འདི་གསལ་བར་གསུངས་ནས། སྲུང་བའི་ཡི་གེ་རབ་བསྒོམས་ནས། །འཇིགས་པ་ཀུན་ལས་རིང་དུ་འགྱུར། །ཞེས་གསུངས་སོ། །རྒྱུད་སྡེ་འདི་གཉིས་ནི་བླ་མེད་རྒྱུད་ཡིན་ནོ། །ཡང་བྱ་རྒྱུད་དུ་གཏོགས་པ་སྒྲོལ་དཀར་འདིའི་རྒྱུད་འཆི་བ་བསླུ་བའི་རྟོགས་པ་ཞེས་བྱ་བ་རྒྱས་པ་གཅིག་རྒྱ་གར་ན་བཞུགས་པའི་ནང་ནས། འདིའི་སྒོ་ནས་ཚེའི་རིག་འཛིན་ཐོབ་ཅིང་ནམ་མཁའ་ལ་གཤེགས་པའི་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པས་བསྡུས་པའི་སྒྲོལ་དཀར་རྒྱ་གཞུང་ཆེ་བ་དང་། དེའི་ནང་ནས་དེའི་སློབ་མ་ཐུ་བོས་བསྡུས་པའི་རྒྱ་གཞུང་ཆུང་བ་གཉིས་ཚིག་མཐུན་པར། ཚངས་པ་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་རྩེ་མོ་གཡོ་མི་ནུས། །


CMR044_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་དང་། །ནད་དང་དབུལ་སོགས་མདོར་བསྡུས་ན། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་རབ་ཏུ་འཇོམས། །བསྐུལ་བ་མེད་པར་གོས་དང་ནི། །ཁང་བཟང་རིན་ཆེན་ལ་སོགས་འཐོབ། །རལ་གྲི་མིག་སྨན་རྐང་མགྱོགས་དང་། །བུམ་པ་བཟང་པོ་ལ་སོགས་འགྲུབ། །སྙན་དངགས་དང་ནི་སྨྲ་ལ་མཁས། །བློ་རྣོ་ཤེས་རབ་དྲི་མ་མེད། །གཞན་ཡང་འདོད་པའི་དངོས་གྲུབ་རྣམས། །འཁོར་ལོ་འདི་ལ་རབ་ཏུ་འབྱུང་། །ཞེས་གསུངས་ཤིང་། གཞན་ཡང་ཀླུ་སྒྲུབ་ཀྱིས་མཛད་པ་དང་། རྡོ་རྗེ་གདན་པས་མཛད་པ་དང་། ཁ་ཆེ་པཎ་ཆེན་གྱིས་མཛད་པ་དང་། ཇོ་བོ་རྗེས་མཛད་པ་སྟེ་འདི་ལ་རྒྱ་གཞུང་དྲུག་ཡོད་པར་སྣང་ཟལ་བ་རི་ལོ་ཙཱ་བས་སྒྲོལ་མ་རིགས་མི་འདྲ་བ་དུ་མ་བོད་དུ་བསྒྱུར་ཞིང་། སྒྲོལ་མའི་རིགས་ཐམས་ཅད་དགོངས་ནའང་ཕྱག་མང་རྣམ་སྣང་གི་དབུ་རྒྱན་ཅན་དང་། ཡིད་བཞིན་འཁོར་ལོ་འདི་གཉིས་ཐུགས་རྩིས་ཆེ་བ་ཡིན་སྐད། སྤྱན་སྔ་ཚུལ་ཁྲིམས་འབར་གྱི་ཞལ་ནས། འདིའི་བསྙེན་པ་འབུམ་ཚོ་གཅིག་བསྐྱལ་ན་བར་ཆད་གང་ཡང་མི་ཚུགས་གསུངས་ཤིང་། བསྙེན་པ་


CMR044_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་གཅིག་གིས་ལས་ཐམས་ཅད་འགྲུབ་པར་གསུངས། དགེ་བའི་གཤེས་གཉེན་གྲགས་པའི་ཞལ་ནས། འདི་ཕྲིན་ལས་ཀྱི་ལྷ་མོ་ཡིན་པས་འགྲུབ་སླ་གསུངས། དགེ་བའི་བཤེས་གཉེན་གླེ་ནག་པའི་ཞལ་ནས། འདི་ཟླ་བ་གཅིག་ཤེས་ན་མགོ་སུག་བྲལ་ཡང་དོ་གལ་མེད། ཤ་དུམ་བུ་ཟོས་ཀྱང་མི་སྟོ་གསུངས། དགེ་བཤེས་བགྲེས་པ་ལ། ཞག་བདུན་ན་འདའ་བའི་འཆི་ལྟས་བྱུང་ཡང་འདིས་བཟློག་ནས་སྐུ་ཚེ་མཐར་ཕྱིན ༧ རྗེ་དྭགས་པོ་རིན་པོ་ཆེ་ལ་ལོ་གཉིས་ལས་ཚེ་མེད་པ་འདིས་བསྲིངས་ནས་མཐར་ཕྱིན། སྤྱན་སྔ་བསྲུངས་དུས་གཞན་ལ་འདོན་བཅུག་པས་རྨི་ལམ་ན་ཚ་ཚ་དཀར་ཧྲམ་མེ་འདུག་པ་རྨིས་ཞུས་པས། ད་འཆི་བ་བཟློག་པ་ཡིན་འཕྲོ་གཅོད་ཆོག་གསུངས། བསྙུངས་གཞི་དྭངས། རྗེ་ཆོས་ཀྱི་དབང་ཕྱུག་སྐུ་ཚེ་སོ་བཞི་ལས་མེད་པས་འདིས་ཞེ་བདུན་བར་དུ་བསྲིངས་པར་གྲགས་པ་སོགས། མདོར་ན་རྗེ་ཆོས་ཀྱི་དབང་ཕྱུག་གི་བར་ཞལ་གཟིགས་ཀྱི་རྒྱུན་མ་ཆད་པ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ། རྒྱུད་རྒྱ་གཞུང་ཚད་ལྡན་དུ་མར་ཡང་མངོན་སུམ་དུ་དེ་ལྟར་ཡོད་པས་ཡིད་ཆེས། གསེར་གླིང་པ་ནས་ཇོ་བོ་ཡབ་སྲས་ལ་བརྒྱུད་པ་དང་། རྡོ་རྗེ་གདན་ནས་བ་རི་ལོ་ཙཱ་བ་ལ་


CMR044_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་དང་། ཇོ་བོས་རྣལ་འབྱོར་པ་སྙུག་རུམ་པ་ནས་བརྒྱུད་པ་དང་། ས་སྐྱ་བླ་མ་དམ་པ་ནས་བརྒྱུད་པ་དང་། གྲུབ་ཆེན་ཀརྨ་པཀྴི་ནས་བརྒྱུད་པ་སོགས་བཀའ་བབ་དྲུག་བརྒྱུད་པ་འདི་ལ་ཚང་བས་ཁུངས་བཙུན། དོན་དམ་པར་ནི་ཞྭ་དམར་ཅོད་པན་འཛིན་པ་ཉིད་རྒྱལ་བ་ཚེ་དཔག་མེད་དངོས་ཡིན་ལ་ལྷ་འདི་ནི་དེའི་ཡུམ་གོས་དཀར་མོ་ཡིན་པས། བརྒྱུད་པ་ཤིན་ཏུ་ཉེ་༔ མཉམ་མེད་དྭགས་པོ་ནས་བཟུང་སྟེ་འབྲི་སྟག་ཀར་འབྲུག་སོགས་བཀའ་བརྒྱུད་ཀྱི་སྐྱེས་ཆེན་ཐམས་ཅད་དང་། ས་སྐྱ་བླ་མ་དམ་པ་སོགས། ས་སྐྱའི་ཞབས་དྲུང་ཐམས་ཅད་དང་། དགེ་བའི་བཤེས་གཉེན་པུ་ཏོ་བ་དང་ཤ་ར་བ་སོགས་བཀའ་གདམས་པ་ཐམས་ཅད་དེ། མདོར་ན་སྔོན་བྱོན་དང་། ད་ལྟ་བཞུགས་པའི་བོད་ཀྱི་མཁས་གྲུབ་ཐམས་ཅད་ཞལ་འཆམས། སུས་ཀྱང་ཐེའུ་མ་བརྒྱབས་པས་ཐུགས་དམ་གྱི་རྩ་བ་མཛད་པས་ཡིད་ཆེས། ཚེ་འདིའི་འགལ་རྐྱེན་ཐམས་ཅད་ཞི་ཞིང་བར་ཆད་གང་གིས་ཀྱང་མི་ཚུགས། མཐུན་རྐྱེན་བསོད་ནམས་ཉམས་རྟོགས་ཤེས་རབ་གདུལ་བྱ་འགྲོ་དོན་རྒྱ་ཆེ་ཞིང་། ཕྱི་མ་བདེ་བ་ཅན་ནམ་པོ་ཊ་ལ་སོགས་གང་འདོད་དུ་སྐྱེ་ཤིང་ངན་འགྲོའི་སྒྲ་མི་གྲག་པར་བཤད་པས་དོན་ཆེ་སྟེ། མདོར་ན་


CMR044_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐམས་ཅད་འགྲུབ་པའི་ལྷ་དང་ལས་གྲུབ་པའི་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཡིན་པར་ཤེས་པར་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར།། འདི་རྩེ་གཅིག་ཏུ་ཉམས་སུ་བླངས་ན། ཕན་ཡོན་དེ་དག་མི་འབྱུང་མི་སྲིད་དོ། །ཞེས་འཕྲལ་དུ་མཐར་ཕྱིན་གྱིས་བསྙེན་སྒྲུབ་བྱ་ཕྱིར་དང་གཞན་ལའང་ཕན་པའི་ཕྱིར། ཨ་རཱ་གས་ཐུན་མཚམས་སྔ་དྲོའི་ཆ་ལ་བྲིས་པ་འགལ་འཁྲུལ་གང་མཆིས་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་འཕགས་མས་རྗེས་སུ་བཟུང་བར་གྱུར་ཅིག །བཀྲ་|ཤིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྒྲོལ་མ་ཡིད་བཞིན་ནོར་བུ་འཁོར་ལོ་ཚིགས་སུ་བཅད་པའི་བསྙེན་སྒྲུབ་བྱ་ཚུལ་ཟིན་བྲིས་མདོར་བསྡུས་པ།next