Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་དཀར་བསྙེན་པའི་ཞལ་གདམས་ཉུང་ངུ་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་བསྙེན་པའི་ཞལ་གདམས་ཉུང་ངུ་།next

སྒྲོལ་དཀར་བསྙེན་པའི་ཞལ་གདམས་ཉུང་ངུ་།


CMR044_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་བསྙེན་པའི་ཞལ་གདམས་ཉུང་ངུ་བཞུགས་སོ།


CMR044_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡེ། འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི། །རྗེས་སུ་རྗེ་བཙུན་སྒྲོལ་མ་འབྲངས། །རྟག་ཏུ་སྲུང་སྐྱོབ་བྱེད་པར་བཤད། །ཇོ་འབྲོམ་དྭགས་པོ་ནས་བཟུང་སྟེ། །ཞལ་གཟིགས་རྒྱུན་མི་འཆད་པའི་ལྷ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ཚེ་བསྲིང་བར་ཆད་སེལ་བའི་མཆོག །མངོན་རྟོགས་རྒྱས་བསྡུས་གང་འདོད་འདོན། །ཡང་ན་དྲན་རྫོགས་ཡིད་ཀྱིས་བསྒོམས། །ཐུགས་ཀར་འཁོར་ལོ་ཟླ་བའི་མདོག །རྩིབས་བརྒྱད་གདན་ཐབས་གནས་པ་ཡི། །ལྟེ་བར་ཧཱུྃ་ཡིག་འགྲེང་ཐབས་གནས། །གཡས་


CMR044_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཨོཾ་དང་གཡོན་དུ་ཧཱ། །ཧཱུྃ་དང་ཨོཾ་ཧཱའི་བར་དུ་ནི། །མ་མ་ཨཱ་ཡུཝཔུཎྱེ་ཛྙཱ་ན་པུཊྚི་ཀུ་རུ། །དེ་རྒྱབ་རྩིབས་བརྒྱད་སྟེང་དུ་ནི། །ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ། །དེ་རྒྱབ་མུ་ཁྱུད་རིམ་པ་གསུམ་ལ་ནི། །ནང་མར་དབྱངས་ཡིག་བཅུ་དྲུག་གཡོན་བསྐོར་ཏེ། །བར་མར་གསལ་བྱེད་སུམ་ཅུ་གཡས་སུ་བསྐོར། །དེ་རྒྱབ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་ཏེ། །དེ་རྒྱབ་རྡོ་རྗེ་དཀར་པོ་ནས་ཙམ་བསྐོར། །དེ་རྒྱབ་མེ་རི་དཀར་པོ་སོར་གཅིག་ཚད། །ཀུན་ཀྱང་མུ་ཏིག་ཐིག་ལེ་བཞིན་དུ་དཀར། །འཁོར་ལོ་སྔགས་ཕྲེང་འཁོར་རྒྱུ་མེད་པ་སྟེ། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པ་


CMR044_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །རྒྱལ་བ་ཀུན་མཆོད་དེ་དག་བྱིན་རླབས་དང་། །འགྲོ་བའི་སྒྲིབ་བསལ་དེ་དག་ཚེ་བསོད་ནམས། །འབྱུང་ལྔ་ཉི་ཟླའི་བཅུད་བསྡུས་བདག་ལ་བསྟིམ། །དེ་ནི་བསྙེན་སྒྲུབ་དམིགས་པ་རྒྱས་པ་སྟེ། །རྒྱུད་དང་རྒྱ་གཞུང་བླ་མའི་མན་ངག་ཚང་། །ཇོ་བོ་རྗེ་ཡི་ལུགས་ཀྱི་བསྡུས་པ་ནི། །རང་ཉིད་སྒྲོལ་དཀར་གསལ་བའི་ཐུགས་ཀ་རུ། །འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་མེད། །སྟེང་གི་ཐད་དུ་ཨོཾ་ཡིག་བྱ་ལྟར་ལྡིང་། །འཁོར་ལོའི་ལྟེ་བའི་འོག་ཐད་ཧཱ་ཡིག་སྟེ། །རྩིབས་བརྒྱད་སྟེང་དུ་རྩིབས་ལ་མ་རེག་ཙམ། །ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཱ། །ཡིག་ངོ་ནང་དུ་བསྟན་ཏེ་གཡས་སུ་བཀོད། །འཁོར་ལོ་གཡས་སུ་འཁོར་བས་སྡིག་སྒྲིབ་བསལ། །འབྲུ་བརྒྱད་གཡོན་དུ་འཁོར་བས་ཚེ་བསོད་འཕེལ། །ཨོཾ་ཏཾ་ཧཱ་གསུམ་མི་གཡོ་བརྟན་པར་གནས། །སྒྲོལ་དཀར་དམིགས་རིམ་བསྡུས་པ་ཡིན། །དེ་ལྟར་དམིགས་རིམ་རྒྱས་བསྡུས་གང་བྱེད་ཀྱང་། །ཡིག་བཅུ་ཁོ་ན་བཟླས་པ་བསྙེན་པ་སྟེ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡུཔུཎྱ་ཛྙཱ་ན་པུཏྟིཾ་ཀུ་རུ་སྭཱ་ཧཱ། ཡིག་བཅུ་འབུམ་ཕྲག་ཚར་ནས་འདི་ཉིད་འདོན། །དེ་ནི་སྒྲོལ་མ་དཀར་མོའི་ཚེ་སྒྲུབ་ཡིན། །རང་ངམ་ནད་པའི་མདུན་གྱི་ནམ་མཁའ་ལ། །


CMR044_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་དཀར་མོ་སྐད་ཅིག་དྲན་རྫོགས་བསྒོམས། །པོ་ཏ་ལ་ནས་ཡིད་ཀྱིས་སྤྱན་དྲངས་བསྟིམ། །ཨརྒྷཾ་ལ་སོགས་སྔགས་དང་ཡིད་ཀྱིས་མཆོད། །ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། །ནད་ཀྱི་འཇིགས་ལས་བསྐྱབ་ཏུ་གསོལ། །ཅེས་བརྗོད་དད་གུས་རྩེ་གཅིག་བྱ། །སྒྲོལ་མའི་སྐུ་ལས་བདུད་རྩིའི་རྒྱུན། །འོ་རྐྱལ་ཁ་ལྷུད་བཞིན་དུ་བབས། །རང་ངམ་ནད་པའི་ནད་དང་གདོན། །དག་ཅིང་ཤེལ་སྒོང་ལྟ་བུར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནད་སརྦ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། སྔགས་དེ་བརྒྱ་ལས་མི་ཉུང་བར་བཟླས། །སྒྲོལ་མ་འོད་ཞུ་ནད་པར་བསྟིམ། །དད་ལྡན་དམིགས་པ་གསལ་ན་ནི། །ཐུན་རེས་ནད་ལས་གྲོལ་འགྱུར་ཞེས། །བཀའ་གདམས་བླ་མ་རྣམས་ཀྱིས་གསུངས། །བདག་ཀྱང་ངེས་ཤེས་ལན་མང་ཐོབ། །ནད་ཀུན་སེལ་བའི་གདམས་པ་ཟབ། ༈ །གདོན་གྱི་རྩུབ་ཆ་ཆེ་དྲགས་ན། །གདོན་དེ་ཡིད་ཀྱིས་མདུན་དུ་བཀུག །སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས། །དེ་ཉིད་སྒྲོལ་མའི་སྐུ་རུ་བསྒོམ། །པོ་ཏ་ལ་ནས་སྤྱན་དྲངས་བསྟིམ། །རང་གི་ལུས་དང་ལོངས་


CMR044_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀུན། །མཎྜལ་བྱས་ཏེ་ལན་གསུམ་འབུལ། །ཨརྒྷཾ་ལ་སོགས་སྔགས་ཀྱིས་མཆོད། །ལྷ་དང་ལྷ་མིན་ཅོད་པན་སོགས། །བསྟོད་པ་ཤོ་ལོ་ཀ་གཅིག་བྱ། །རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །བདག་གི་བར་ཆད་ཐམས་ཅད་སོལ། །ཚེ་དང་བསོད་ནམས་ཐམས་ཅད་འཕེལ་བར་མཛོད། །ཨོཾ་ཨཱརྱ་ཏཱ་རེ་བཛྲ་མུཿ ཞེས་བརྗོད་སེ་གོལ་གདབ་པ་ཡིས། །པོ་ཏ་ལ་རུ་གཤེགས་པར་བསམ། །དེ་འདྲ་ཡང་ཡང་བྱས་པ་ཡིས། །གདོན་ནི་ཇི་ལྟར་རྩུབ་གྱུར་ཀྱང་། །ཇེ་འཇམ་ཕྱིས་ནས་གདོན་མི་འབྱུང་། །འདྲེ་ངན་གཡང་དུ་ལེན་ཐབས་ཟབ། །སྔར་གྱི་དུས་སམ་ནམ་ཡང་རུང་། །རང་ཉིད་སྒྲོལ་མར་གསལ་བ་ཡི། །སྐུ་ཡི་འོད་ཟེར་ལས་གྲུབ་པའི། །ཕྱི་རོལ་རྡོ་རྗེ་མེ་རིས་གུར། །དེ་ནང་འཁོར་ལོ་རྩིབས་བརྒྱད་པ། །གུར་ཐབས་སྦྱབ་ཆོལ་ཁ་སྦྱོར་བཞིན། །སྟེང་དང་འོག་ཏུ་རྩིབས་གཉིས་རེ། །ཕྱོགས་མཚམས་བརྒྱད་དུ་རྩིབས་བརྒྱད་ནི། །རལ་གྲི་སོ་གཉིས་རྩེ་ལྟར་རྣོ། །སྔ་དྲོ་གཡས་དང་ཕྱི་དྲོ་གཡོན། །དྲག་ཏུ་འཁོར་བས་གནོད་བྱེད་གཏུབས། །སྟེང་འོག་རྩིབས་ནང་ཨོཾ་དང་ཧཱ། །ཡིག་འབྲུ་རེ་ཙམ་མེ་དཔུང་འབར། །དེ་དབུས་རང་ཉིད་སྒྲོལ་དཀར་གྱི། །ཕྱག་གཡས་མཆོག་སྦྱིན་


CMR044_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ནི། །ཞབས་ན་བསྲུང་བྱ་ཚུད་པར་བསྒོམ། །ཡི་གེ་བཅུ་པའི་སྔགས་འཇུག་ཏུ། །བདག་དང་བསྲུང་བྱ་ལ་རཀྵ་རཀྵ། །དེ་ཉིད་སྒོམ་བཟླས་བརྩོན་པ་ན། །བདུད་དང་འཕྲད་ཀྱང་མི་ཕམ་གསུངས། །སྒྲོལ་དཀར་བསྲུང་ཐབས་ཤིན་ཏུ་ཟབ། །དེ་ནས་འཇིགས་པ་ཀུན་སྐྱོབ་ནི། །དམིགས་པ་གོང་དང་འདྲ་བ་ལས། །འཁོར་ལོ་ཡངས་ཤིང་རྒྱ་ཆེའི་ནང་། །རང་གི་གཡས་གཡོན་མདུན་རྣམས་སུ། །བསྲུང་བྱ་གང་ཡོད་ཐམས་ཅད་འཁོད། །རང་ཉིད་སྒྲོལ་དཀར་ཐུགས་ཀ་ནས། །འོད་དཀར་ཟླ་བ་ཤར་ལྟར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀུན། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །ཐམས་ཅད་སྒྲོལ་དཀར་སྐུར་གྱུར་ཏེ། །ཕྱག་གཡས་བུམ་པ་དཀར་པོའི་ནང་། །བདུད་རྩི་དཀར་པོའི་ཆུ་རྒྱུན་བབ། །རང་དང་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་རབས་བསྐལ་པ་གྲངས་མེད་ནས། །འཇིགས་པ་འབྱུང་བའི་ལས་སྒྲིབ་དང་། །ད་ལྟའི་འཇིགས་པ་གང་ཡིན་པ། །ཐམས་ཅད་བཀྲུས་ཤིང་དག་གྱུར་ཏེ། །དྲི་མེད་ཤེལ་སྒོང་བཞིན་གྱུར་བསམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྒྲེ་ཤཱནྟཾ་ཀུ་རུ་སྭཱ་ཧཱ། རྨེ་ཞེས་པའི་ས་དེ་རུ། །ནད་དང་གདོན་དང་


CMR044_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཡམས་དང་། །གཟའ་དང་རྒྱལ་པོའི་ཆད་པ་དང་། །དུག་མཚོན་མེ་ཆུའི་འཇིགས་པ་སོགས། །དོ་གལ་གང་ཆེ་སྦྱར་བར་བྱ། །ཀུན་ལ་འཇིགས་པ་བཅུ་དྲུག་བརྗོད། །དེ་ལྟར་ཞག་བདུན་ལ་སོགས་པ། །སྒྲུབ་པའི་ཉམས་དང་རྨི་ལམ་དུ། །སྐྲག་མི་དགོས་པའི་ལུང་བསྟན་ནམ། །ཡང་ན་བརྡ་ནི་སྟོན་པར་གྱུར། །དེ་བྱུང་ཉེས་སྐྱོན་མི་འབྱུང་སྟེ། །འཇིགས་སྐྱོབ་ལས་ཚོགས་ངོ་མཚར་ཅན། །ལན་མང་མྱོང་བས་འགྲུབ་པ་ཡིན། ༈ །འདི་ནི་བྱ་རྒྱུད་ཡིན་པའི་ཕྱིར། །སྒྲུབ་ཚེ་ཤ་ཆང་སྤང་དགོས་ཀྱང་། །གལ་ཏེ་སྤང་བར་མ་འཕྲོད་ན། །འོད་འབར་ཡང་ཟབ་ལ་སོགས་ཀྱི། །ཚོགས་འཁོར་ཉུང་ངུ་བྱས་པས་འཐུས། །ཚོགས་ཤ་ཚོགས་ཚང་འཛེམ་མི་རུང་། །རྒྱ་གར་རྒྱལ་རིགས་པཎྜི་ཏ། །ངག་གི་དབང་ཕྱུག་གྲགས་པ་དེ། སྒྲོལ་མ་དཀར་མོས་རྗེས་སུ་བཟུང་། །འཆི་བ་བསླུ་བ་རྒྱས་པ་ནས། །སྒྲོལ་མ་དཀར་མོའི་སྒྲུབ་པ་བསྡུས། །དེ་ལས་བྱུང་བའི་འཆི་བསླུ་ཡི། །སྦྱིན་སྲེག་ལས་བཞི་རྒྱས་པ་།སྤྱི་ལྟར་ལེགས་པར་ཤེས་བྱས་ལ། །ཁྱད་པར་རྒྱས་པའི་ཐབ་གྲུབ་ན། །ཁ་ཁྱེར་རིན་པོ་ཆེ་ཡིས་མཚན་པ་ཡི། །དབུས་སུ་འཁོར་ལོ་རྩིབས་བརྒྱད་དཀར། །ལྟེ་བར་ཧཱུྃ་ཡིག་


CMR044_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་བྲི། །དེ་སྟེང་ཤུག་ཤག་གྲུ་བཞི་བརྩེགས། །ཡམ་ཤིང་འོམ་བུ་སོགས་ལ་བྱ། །ཐབ་ཀྱི་དབུས་སུ་མེ་ལྷ་ནི། །མེ་ལྷའི་ཐུགས་ཀར་སྒྲོལ་དཀར་མོ། །ཐམས་ཅད་སྦྱིན་སྲེག་རྒྱས་པ་ལྟར། །ཡམ་ཤིང་མར་ཁུ་ཅི་ལྕོགས་འབུལ། །རམ་རྩི་བརྒྱ་དང་རྩ་བརྒྱད་ནི། །སྔགས་འདི་ཡིས་ནི་འབུལ་བར་བྱ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཚེ་ཕུན་སུམ་ཚོགས་པ་པུཏྟིཾ་ཀུ་རུ་སྭཱ་ཧཱ། རིམ་རྩི་ལོ་མ་རྙེད་ན་བཟང་། །མ་རྙེད་ན་རྩ་བ་རྙེད་ཀྱང་ཆོག །སྦྲང་རྩི་ཆུ་ཚན་ནང་དུ་སྤྱོད། །དེ་ཉིད་ཞོ་ཕུད་ཉུང་ངུ་བླུགས། །ཞོ་དེ་རམ་རྩིའི་ནང་དུ་བཏབ། །དེ་ནི་བསྲེག་རྫོ་ས་གཙོ་བོ་ཡིན། །ཡམ་ཤིང་དུརྦ་རམ་རྩི་གསུམ། །ཡེ་ཤེས་འཇིག་རྟེན་མེ་ཡི་ལྷ། །གཏོར་མ་གཉིས་དང་དེ་ལས་གཞན། །མེད་པར་སྦྱིན་སྲེག་བསྡུས་པ་སྟེ། །རྫས་གཅིག་བསྟན་པས་སྦྱིན་སྲེག་ཟེར། །དེ་ལས་གཞན་ཡང་གང་འཛོམ་ཙམ། །འབུལ་བར་སྦྱིན་སྲེག་འབྲིང་པོ་ཡིན། །སྦྱིན་སྲེག་རྗེས་རྣམས་ཐམས་ཅད་བཤམས། །རེ་རེ་ལའང་བརྒྱ་རྩ་རེ་འབུལ། །དེ་ནི་སྦྱིན་སྲེག་རྒྱས་པ་ཡིན། །དེ་ལྟར་བྱས་པའི་ཕན་ཡོན་ནི། །སྔོན་གྱི་ལས་མཐུ་ལས་བྱུང་བའི། །འཆི་བའང་ངེས་པར་བཟློག་


CMR044_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེས། །རྒྱ་གཞུང་ཉིད་ནས་གསུངས་པ་ཡིན། །འདི་ནི་དེ་ཡི་ལས་ཚོགས་ཏེ། །ཞིབ་པར་ཁོ་བོས་བྱས་པ་ཡི། །ལས་བཞིའི་སྦྱིན་སྲེག་དཔེའུ་རིས་བཅས། །སྔར་ནས་ཕྱག་ཏུ་འབུལ་ཡོད་པ། །དེ་ལ་གཟིགས་རྟོགས་ཞིབ་པར་མཛོད། །འདི་ན་ཡི་གེ་དཔེ་ཆ་མེད། །དབོན་པོའི་རེ་ན་བཟུང་ཟིན་ལས། །འདི་ན་མི་འདུག་ངེས་པ་ཡིན། །སྤྲེལ་ལོ་འདི་ཡི་སྦྱིན་སྲེག་ནི། །གཞན་ལ་བྱེད་ནི་བཅོལ་ན་ལེགས། །དྭ་ཐོགས་མེ་སྒོ་མི་མཐུན་པས། །སྦྱིན་སྲེག་ཡང་ཡང་གཟིགས་མི་བྱ། །བྱ་ལོ་ཚེས་ནས་ཉིད་ཀྱིས་ཀྱང་། །བསྙེན་པའི་ཁ་སྐོང་ལ་དམིགས་ནས། །སྦྱིན་སྲེག་ཅི་འགྲུབ་བླུགས་ན་ལེགས། །དེ་སྐད་ནང་ཆེན་ཨ་ཉོག་ཅེས། །སེམས་དཔའ་ཆེན་པོའི་བཀས་བསྐུལ་ནས། །རཱ་ག་ཨ་སྱས་སྨྲས་པ་ལྟར། །པདྨ་ཡེ་ཤེས་ཞེས་བྱས་བྲིས། །དགེ་བས་མཐོང་ཐོས་དྲན་རེག་ཀུན། །འཇིགས་པ་ཀུན་ལས་ཐར་གྱུར་ནས། །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ཅིག །འཆི་བསླུའི་དེ་ཡི་སྦྱིན་སྲེག་དམིགས་པ་ནི། །མེ་ལྷ་དང་ནི་སྒྲོལ་དཀར་གྱི། །སྐུ་ལས་འོད་ཟེར་དཀར་པོ་ནི། །འཇམ་ཞིང་བདེ་བའི་རེག་བྱ་ཅན། །འཕྲོས་ནས་ཚངས་བུག་ནས་ཞུགས་པས། །ལུས་ཀུན་ཁྱབ་པས་དུས་


CMR044_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པར། །འཆི་བས་རྐྱེན་རྣམས་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་པ་ལྟར། །འོད་ཟེར་ལྕགས་ཀྱུའི་རྣམ་པ་དེས། །ལུས་གང་ཚེ་ཡི་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་སྦྱིན་སྲེག་བླུགས། །ཐག་རིང་ཕྱོགས་སུ་འགྲོ་བའི་ཚེ། །འགྲོ་བའི་ཕྱོགས་ཀྱི་ནམ་མཁའ་ལ། །སྒྲོལ་མ་ཚུར་ལ་ཞལ་གཟིགས་པས། །ཕྱག་གཡས་སྐྱབས་སྦྱིན་མཛད་པ་ཡི། །འོག་ཏུ་ཡར་ལ་འགྲོ་བར་བསྒོམས། །སྔགས་སམ་བསྟོད་པ་འདོན་ཅིང་འགྲོ། །མགོ་ཐོན་ལམ་བསྲུང་ཟབ་མོ་ཡིན། །ཆུ་དང་གཡང་ས་ལ་སོགས་པ། །དམིགས་པ་གསལ་ན་ཤིན་ཏུ་ཕན། །སརྦ་མངྒ་ལཾ། །བཀྲ་ཤིས། ཞལ་དྲོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྒྲོལ་དཀར་བསྙེན་པའི་ཞལ་གདམས་ཉུང་ངུ་།next