Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་གཤེད་ཀྱི་བདག་བསྐྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་གཤེད་ཀྱི་བདག་བསྐྱེད།next

གཤིན་རྗེ་གཤེད་ཀྱི་བདག་བསྐྱེད།


CMR044_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ཀྱི་བདག་བསྐྱེད་བཞུགས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པ་ཧཱུྃ་ལས་དབྱུག་པ་དཀར་པོ་མི་མགོ་རློན་པས་མཚན་པ། དེ་ལས་འོད་ཟེར་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་དུས་མཐའི་མེ་ལྟར་འབར་བ། ཞལ་གཅིག་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་བགྲད་ཅིང་ཁྲག་ལྟར་གཡོ་བ། ཞལ་གདངས་ཤིང་མཆེ་བ་ཟླ་བ་ཚེས་པ་ལྟ་བུ་བཞི་གཙིགས་པ། སྨ་ར་སྨིན་མ་དམར་སེར་གྱེན་དུ་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ་ལ་སྦྲུལ་དཀར་པོས་བཅིངས་པ། ཐོད་པ་སྐམ་པོའི་ལྔའི་དབུ་རྒྱན་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་བར་ཁྲག་གི་ཐིག་ལེ། ཨོཾག་མར་ཞག་གི་ཟོ་རིས་ཏེ། བྱུག་པའི་རྒྱན་གསུམ་བྱུག་པ། རུས་པའི་རྒྱན་དྲུག་སྦྲུལ་གྱི་ཆུན་འཕྱང་མི་


CMR044_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མགོའི་དོ་ཤལ་ཏེ། བཏགས་པའི་རྒྱན་གསུམ་བཏགས་པ། གླང་ཆེན་གྱི་ཀོ་བའི་སྟོད་གཡོགས། ཞིང་ཆེན་གྱི་པགས་པའི་སྐེད་དཀྲིས། སྟག་གི་པགས་པའི་ཤམ་ཐབས་ཏེ། བགོ་བའི་གོས་གསུམ་མནབས་པ། །སྐུ་སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ། གཤེ་བ་དང་རྔམ་པ། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། མ་རུང་བ་སྟེ། འབར་བའི་གར་དགུ་དང་ལྡན་པ། ཕྱག་གཡས་དབྱུག་པ་དཀར་པོ་མི་མགོ་རློན་པས་མཚན་པ་ནམ་མཁར་འཕྱར་ཞིང་། གཡོན་བདུད་བཞིའི་ཁྲག་གི་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་ལས་ཀྱི་གཤིན་རྗེའི་ངོ་བོ་མ་ཧེའི་རྭ་བར་མནན་ཅིང་གཡོན་བརྐྱངས་པས་མ་ཧེའི་འཕོང་སྟེང་བརྫིས་པ། རང་འོད་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ་དམར་མོ་གྲི་གུག་ཐོད་ཁྲག་འཛིན་པས་གཉིས་སུ་མེད་པར་འཁྲིལ་བ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྐུ་ཆུང་ལ་ཡན་ལག་དོད་པ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ། ཡབ་ཡུམ་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོས་


CMR044_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་ལྷ་རིགས་ལྔ་སྤྱན་དྲངས། དབང་བསྐུར་དབང་རྟགས་རྡོ་རྗེ་སེམས་དཔས་དབུ་རྒྱན་པར་གྱུར། ཐུགས་ཀའི་ཧཱུྃ་དམར་པོའི་མཐར་སྔགས་ཀྱི་བསྐོར་བ་ལས་འོད་ཟེར་རྒྱལ་བ་ཀུན་གྱི་བྱིན་རླབས་བསྡུས་ནས་བདག་ལ་ཐིམ་པས། བདག་གི་སྒོ་གསུམ་དང་གཤེད་དམར་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར། ཨོཾ་ཧྲཱིལླི་ཝི་ཀྲི་ཏཱ་ན་ཤྲཱི་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་སྙིང་པོ་དང་། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་ཉེ་བའི་སྙིང་པོ་གཉིས་བརྒྱ་རྩ་ལས་མི་ཉུང་བ་བཟླས་སོ། ༈ །ཡང་མངོན་རྟོགས་ཉུང་བ་ནི། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་མི་མགོ་རློན་པས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱི་གཡས་མི་མགོས་མཚན་པའི་དབྱུག་པ་


CMR044_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཕྱར་བ། གཡོན་ཐོད་ཁྲག་འཛིན་པ། རང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྟག་དང་སྦྲུལ་གྱིས་བརྒྱན་པ། སྣ་ཚོགས་པདྨ་དང་མ་ཧེའི་སྟེང་ན་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། ཐུགས་ཀའི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པའི་སེམས་དཔའ་སུམ་བརྩེགས་ཅན། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ་སོགས་གོང་དང་འདྲ་འགྲེས་སོ། །སེམས་ཅན་ཐམས་ཅད་ཀྱི་གཤེད་ནི་གཤིན་རྗེ་ཡིན། སེམས་ཅད་སུ་ཀྱང་མི་འཆི་བ་མེད་པས་ན་མཐར་གཤིན་རྗེའི་ཁར་འགྲོ་དགོས་པ་ཡིན། དུས་གསུམ་སངས་རྒྱས་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་དབུགས་ཟ་བའི་མཐུ་བོ་ཆེ། །འཆི་བདག་གཤིན་རྗེ་ཞེས་བྱ་འབྱུང་། །ལྷ་འདི་ནི་གཤིན་རྗེ་དེ་འཇོམས་པའི་གཤེད་ཡིན་པས་སོ། །རཱ་ག་ཨ་སྱས་སྨྲས།། །།


previousགཤིན་རྗེ་གཤེད་ཀྱི་བདག་བསྐྱེད།next