Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་འཇོམས།next

གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་འཇོམས།


CMR044_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ༔


CMR044_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ རྐྱེན་ངན་བར་ཆད་འཆི་བདག་གཤིན་རྗེའི་གནོད་པ་བཟློག་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་ལག་ལེན་བཅའ་ཐབས༔ བར་དུ་རྒྱབ་རྟེན་གྱི་ཆོ་ག༔ ཐ་མ་པྲ་བཏགས་པའོ༔ དེ་ཡང་གནས་ཡིད་དུ་འོང་བར་ཕྱི་ནང་གསང་བའི་མཆོད་པ་བཤམས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐུགས་དམ་བསྐང་བའི་རིམ་པ་རྣམས་ཚུལ་ལྡན་དུ་བྱ་ཞིང་༔ དངོས་གཞིའི་ལག་ལེན་ནི༔ གཟའ་རྒྱུ་དུས་ས༔ ཡང་ན་མཁའ་འགྲོ་རྒྱུ་དུས་ཀྱི་ཕྱོགས་སུ༔ གཞི་མ་ནག་པོའི་སྟེང་དུ་མ་ཧཱུྃ་གི་གཟུགས་བྱ༔ དེ་ཡི་སྙིང་ཁར་གཤིན་རྗེ་ཨ་ཝ་གླང་མགོ་སྐུ་མདོག་ནག་པོ༔ མི་ལུས་གླང་གི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པེ༔ དེའི་གཡས་སུ་ཚེ་བདག་རཀ་


CMR044_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མགོ་སྔོན་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ གཡོན་དུ་སྲོག་བདག་ཞེ་སྡང་སྦྲུལ་མགོ་དམར་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མ་ཏྲཾ་གི་ཡན་ལག་བཞི་ལ་ལོ་བདུད་བཅུ་གཉིས༔ ཡན་ལག་རེ་ལ་གསུམ་གསུམ་བཀོད༔ བྲིས་འབུར་གང་རུང་བྱའོ༔ དེ་ཐམས་ཅད་སྐུ་མདོག་ནག་པོ་བྱའོ༔ ཡང་ན་ཕྱོགས་མདོག་དང་བསྟུན་ནམ༔ གོ་ལོག་ཏུ་བྱ་བ་སོགས་སྟག་ཡོས་གཉིས་ལྗང་གུ༔ རྟ་སྦྲུལ་གཉིས་དམར་པོ༔ བྱ་སྤྲེལ་གཉིས་དཀར་པོ༔ བྱི་ཕག་གཉིས་ནག་པོ༔ ཁྱི་འབྲུག་གླང་ལུག་སེར་པོ་སྟེ༔ ཐམས་ཅད་མི་ལུས་མགོ་བརྙན་ཅན༔ ཁྲམ་ཤིང་དང་ཞགས་པ་བསྣམས་པ་བཀོད༔ སྒྲེའི་ལུས་བཀྲུས་པའི་ཆུ་ལ་འབྲུ་སྣ་ཚོགས་པའི་ཕྱེ་བསྲེས་ཏེ་གླུད་གཟུགས་བྱ༔ གོས་བསྐོན་མགུལ་རྒྱན་སྤྲས་ཐོད་བཅིངས༔ ཐོད་བཅིང་ཕོ་མོ་གང་


CMR044_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དེ་ཡི་ཆས་ཀྱིས་སྤྲས༔ ཕོ་ཤིང་མོ་ཤིང་གཉིས་ལ་ཁྲམ་ཤིང་ལོ་གྲངས་སུ་བཏབ་ཕོ་མོ་གང་ཡིན་གྱི་གཟུགས་ཀྱི་ཕྲག་པ་གཡས་གཡོན་དུ་བཙུགས༔ མདོས་ཀྱི་མདུན་དུ་བཞག༔ མ་ཏྲཾ་གི་གཡས་གཡོན་དུ་གཏོར་སྣོད་རིན་པོ་ཆེའམ་རྫའམ་གང་འབྱོར་གཉིས་བཞག༔ དེ་ཡི་མདུན་དུ་རྣལ་འབྱོར་པ་རང་གི་གདན་བཤམས༔ གཡས་སུ་རིལ་བུ་དཀར་པོ་བརྒྱ་རྩ་བརྒྱད༔ དེ་བཞིན་དུ་ཆངས་བུ་དཀར་པོ་བརྒྱ་རྩ་བརྒྱད༔ འབྲས་སམ་གྲོ་ནས་གཏོར་ཆུང་དཀར་གསུམ་མངར་གསུམ་དང་བཅས་པ་བཤམས༔ གཡོན་དུ་རིལ་བུ་ཟུར་གསུམ་པ་ནག་པོ་བརྒྱ་རྩ་བརྒྱད༔ ཆངས་བུ་ནག་པོ་བརྒྱ་རྩ་བརྒྱད༔ ངར་མི་ནག་པོ་བརྒྱ་རྩ་བརྒྱད༔ ཡུངས་དཀར་ནག་གཉིས༔ བྲ་བོ༔ སྲན་ནག༔ གཏོར་ཆུང་ཁྲག་ཆང་དང་བཅས་པ་བཤམས༔ དེ་ནས་རང་ཉིད་ཡི་དམ་ཁྲོ་བོ་གང་རུང་གཅིག་བསྒོམ༔ ཡན་ལག་བདུན་པ་དང་བསྟོད་པ་དང་བཅས་པ་བྱའོ༔ དེ་ནས་མདུན་དུ་འཆི་བདག་གཤིན་རྗེ་འཁོར་བཅས་བསྐྱེད་པ་ནི༔ ༈ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས་མདུན་དུ་མ་ཏྲ་དགྲ་བགེགས་ཀྱི་ཁོག་པར་འཆི་བདག་ཨ་ཝ་གླང་མགོ་སྐུ་མདོག་ནག་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ གཡས་སུ་ཚེ་བདག་རཀཱ་ཕག་མགོ་སྔོན་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ གཡོན་དུ་སྲོག་བདག་ཞེ་སྡང་སྦྲུལ་མགོ་སྐུ་མདོག་དམར་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་


CMR044_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ དེའི་མཐའ་སྐོར་དུ༔ མི་ལུས་བྱི་བའི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་གླང་གི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་སྟག་གི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་ཡོས་བུའི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་འབྲུག་གི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་སྦྲུལ་གྱི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་རྟ་ཡི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་ལུག་གི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་སྤྲེལ་གྱི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་བྱ་ཡི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་ཁྱི་ཡི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ མི་ལུས་ཕག་གི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ༔ གཞན་ཡང་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་འཁོད་པར་གྱུར༔ དེ་ལྟར་བསྐྱེད་ནས་བགེགས་བཀུག་པ་ནི༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་སྤྲུལ་པའི་ཚོགས་སྐར་ལྟར་འཕྲོས་པས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་


CMR044_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་དཔག་ཏུ་མེད་པས༔ འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་རང་དབང་མེད་པར་བཀུག་ནས་མདུན་གྱི་གཟུགས་ལ་ཐིམ་པར་གྱུར༔ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང་༔ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་༔ ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་སྟོབས་ལ་བརྟེན་ནས་རྒེའི་ལུས་ངག་ཡིད་གསུམ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འཆི་བདག་ཨ་ཝ་གླང་མགོ༔ ཚེ་བདག་རཀཱ་ཕག་མགོ༔ སྲོག་བདག་ཞེ་སྡང་སྦྲུལ་མགོ༔ ལོ་བདུད་ལོ་གཤེད་བཅུ་གཉིས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ གནས་གདོན་ལུས་གདོན༔ ནད་བདག་ཡམས་བདག་རིམས་བདག༔ བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ༔ གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་འབྱུང་པོ་གང་དག་ཇི་སྙེད་ཡོད་


CMR044_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད༔ མཐོ་བ་རི་བོའི་རྩེ༔ དམའ་བ་རྒྱ་མཚོའི་སྟེང་༔ ས་འོག་ས་སྟེང་ས་བླ་གར་གནས་ཀྱང་༔ རང་དབང་མེད་པར་གཟུགས་ཀྱི་ཕུང་པོ་འདི་རྣམས་ལ་ཁུག་ཅིག༔ དྲི་བཛྲ་ཨངྐུ་ཤ་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ རུ་པ་དང་གཉིས་སུ་མེད་པར་བསྟིམ༔ སླར་ཡང་ཧཱུྃ་བདུད་རང་དབང་མེད་པར་བཀུག་ལ་བཀའ་ཉན་གུས་འདུད་བྱེད་པར་བསམ་མོ༔ རིགས་པ་ངར་བསྐྱེད་ལ་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ང་ནི་པདྨ་ཧེ་རུ་ཀཿ ང་ནི་གསང་བདག་རྡོ་རྗེ་འཛིན༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ ང་ཡི་བཀའ་ལ་མ་འདའ་ཞིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ མ་ལུས་རྡུལ་དུ་རླག་པར་བྱེད༔ རྒེ་ཞེས་བྱ་བ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་བགེགས༔ འཆི་བདག་ཨཝ་གླང་མགོ་དང་༔ ཚེ་བདག་རཀ་ཕག་མགོ་དང་༔ སྲོག་བདག་ཞེ་སྡང་སྦྲུལ་མགོ་དང་ལོ་བདུད་ལོ་གཤེད་བཅུ་གཉིས་དང་༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ གནོད་པར་བྱེད་པ་གང་ཡང་རུང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ ཁྲོ་བོ་ཁྲོ་མོའི་མཐུ་


CMR044_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དང་༔ སྔགས་དང་ཕྱག་རྒྱའི་བདེན་པ་ཡིས༔ རང་དབང་མེད་པར་འདིར་ཁུག་ཅིག༔ གནོད་བྱེད་སརྦ་སུ་ཏྲི་པྲ་ཏ་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོ༔ ལན་གསུམ་བརྗོད་ནས་མདུན་བསྐྱེད་ལ་བསྟིམ༔ ན་མས་མནྟ་བུདྡྷ་ནན༔ ན་མས་མན་དྷརྨ་ནན༔ ན་མས་མན་སངྒ་ནན༔ ཨོཾ་སིད་དྷ་ཏ་པ་ཏྲཿ ཨོཾ་བྷི་མ་ལེ༔ ཨོཾ་ཤང་ཀ་རཿ༔ ཨོཾ་པྲ་ཏྱཾ་གྷི་རཿ ཨོཾ་བཛྲ་ཨུཏྟི་ཙཀྲ་ཝརྟི༔ སརྦ་ཡན་མནྟ༔ མུ་ལྦ་ཀརྨ་བྷནྡ་ནན༔ ཏ་ཏྲ་ནན༔ ཀི་ལ་ནན་སཾ༔ མ་མ་ཀིརྟི༔ མེ་ན་ཀེ་ན༔ ཙིཏྟ་ཀི་ཏཾ་ཏུ༔ ས་ཝར༔ ཚིན་ཚིནྡྲ༔ བྷིནྡྲ་ཟློབྷིནྡྷ༔ ཙི་རི་ཙི་རི༔ གྷི་རི་དྷི་རི༔ མཱ་ར་མཱ་ར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃཧཱུྃ༔ ཧཱུྃ༔ ཕཊ་ཕཊ་ཕཊ༔ ཁྲོ་བོ་བཅུའི་སྔགས་འདི་བརྗོད་པ་ཙམ་གྱིས་ཁྲོ་བོའི་གུར་ཁང་དུ་གྱུར་འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་རྣམས་འབྲོས་པའི་ལམ་མེད་པར་འདར་ཕྲི་ལི་ལི་བྱེད་པར་བསམ་མོ༔ སྲུང་འཁོར་ཤིན་ཏུ་དམ་པ་གནད་ཆེའོ༔ ༈ དེ་ནས་ཆངས་བུ་དཀར་པོ་སོགས་ལ་མངར་གསུམ་གྱི་ཆུས་བྲན་ལ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ༔ དཀར་གསུམ་མངར་


CMR044_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་གང་བའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་དང་༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་ཉེར་གཅིག་གམ་བདུན་བརྗོད་པས༔ མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད༔ འཆི་བདག་ཨ་ཝ་གླང་མགོ༔ ཚེ་བདག་རཀྭ་ཕག་མགོ༔ སྲོག་བདག་ཞེ་སྡང་སྦྲུལ་མགོ༔ ལོ་བདུད་ལོ་གཤེད་བཅུ་གཉིས༔ བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ༔ བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་དང་༔ རིག་སྔགས་དང་༔ གཟུངས་སྔགས་དང་༔ སྙིང་པོ་དང་༔ ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས༔ དེ་རིང་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བདག་ཅག་འཁོར་དང་བཅས་པ་རྣམས་ལ་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་ཀྱི་རིགས་སུ་གྱུར་པ་དང་༔


CMR044_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱི་རིགས་སུ་གྱུར་པ་དང་༔ རྨི་ལམ་ངན་པ་དེང་༔ མཚན་མ་ངན་པ་དང་༔ ལྟས་ངན་པ་དང་༔ དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ༔ མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ མཐུན་ཞིང་དགེ་བའི་རིགས་སུ་གྱུར་པ་དང་༔ ཚེ་རིང་བ་དང་༔ ནད་མེད་པ་དང་༔ བཀྲ་ཤིས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཅེས་བསྔོའོ༔ ༈ དེ་ནས་བདག་ཉིད་ཀྱང་སྔགས་ཆས་སྤྲད༔ ཞྭ་གོས་སོགས་ནག་པོ་བྱ༔ གདོང་ལ་རོ་སོལ་ནག་པོ་བྱུག༔ གཏོར་སྣོད་བྷནྡྷ་ནག་པོའི་ནང་དུ༔ ལིངྒ་ཆངས་བུ་ནག་པོ༔ གཏོར་མ༔ བྲ་བོ༔ སྲན་མ༔ ཉུངས་ནག༔ ཤ་དུམ༔ ཁྲག་དང་ཆང་གིས་བྲན་པ་བཤམས༔ འཆི་བདག་གཤིན་རྗེ་འཁོར་བཅས་གཟུགས་ལ་བཀུག་བསྟིམ་བྱ་ཞིང་༔ སླར་ཡང་། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ང་ནི་པདྨ་ཧེ་རུ་ཀ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ ང་ཡི་བཀའ་ལ་མ་འདའ་ཞིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ མ་ལུས་རྡུལ་དུ་རླག་པར་བྱེད༔ སྒྲེ་ཞེས་བྱ་བ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་བགེགས༔ འཆི་བདག་ཨཝ་གླང་མགོ་དང་༔ ཚེ་བདག་རཀ་ཕག་མགོ་


CMR044_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྲོག་བདག་ཞེ་སྡང་སྦྲུལ་མགོ་དང་ལོ་བདུད་ལོ་གཤེད་བཅུ་གཉིས་དང་༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ གནོད་པར་བྱེད་པ་གང་ཡོང་རུང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ ཁྲོ་བོ་ཁྲོ་མོའི་མཐུ་རྩལ་དང་༔ སྔགས་དང་ཕྱག་རྒྱའི་བདེན་པ་ཡིས༔ རང་དབང་མེད་པར་འདིར་ཁུག་ཅིག༔ གནོད་བྱེད་སརྦ་སུ་ཏྲི་པྲ་ཏ་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོའི་བར་ལན་གསུམ་བརྗོད་ནས་མདུན་བསྐྱེད་ལ་བསྟིམ༔ དེ་ནས། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ༔ གིས་སྦྱངས༔ སྟོང་པའི་ངང་ལས་བྷནྡྷ་དམར་པོ་གྲུ་གསུམ་པའི་ནང་དུ་ཡི་གེ་ཏྲི་ཡོངས་སུ་གྱུར་པ་ལས༔ དེ་དགྲ་ལ་བྱེད་ན་ཧྲཱི་དང་བགེགས་ལ་ཏྲི་ལ་བསྐྱེད་དོ༔ གནོད་བྱེད་དགྲ་བགེགས་ཀྱི་གཟུགས་ཀྱི་ཕུང་པོ་དབང་པོ་སྐྱེ་མཆེད་ཡོངས་སུ་རྫོགས་པར་གྱུར་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་རྣམ་པར་ཤེས་པ་ནི་དམར་ལྗང་དང་༔ ཏྲི་དམར་སེར་ལ་ཕོག་པས་རང་དབང་མེད་པར་བཀུག་ནས་ལིངྒ་ལ་བསྟིམ་ཞིང་༔ ཁྱད་པར་དུ་ཡང་བན་བོན་


CMR044_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲས་པ་ཡོད་ན་བྱད་མའི་རྣམ་ཤེས་བཀུག་ཅིང་༔ འཆི་བདག་གཤིན་རྗེ་འཁོར་བཅས་དང་༔ ཚེ་སྲོག་ལ་བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བཀུག་ཅིང་ཤ་ཁྲག་གི་རྒྱ་མཚོར་དམིགས་ལ༔ སླར་ཁོ་རང་རྣམས་ལ་བྱིན་པས་ཁོ་རང་ཟོས་པར་བསམ་པ་ཤིན་ཏུ་གནད་ཆེ་བ་ཅིག་ཡོད༔ སུ་བྱུང་བ་ལ་མི་བྱ་བ་གསང་སྔགས་སོ༔ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང་གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་༔ ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་སྟོབས་ལ་བརྟེན་ནས༔ རྒེའི་ལུས་ངག་ཡིད་གསུམ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འཆི་བདག་ཨ་ཝ་གླང་མགོ་དང་༔ ཚེ་བདག་རཀྭ་ཕག་མགོ་དང་༔ སྲོག་བདག་ཞེ་སྡང་སྦྲུལ་མགོ་དང་ལོ་བདུད་ལོ་གཤེད་བཅུ་གཉིས་བགེགས་རིགས་སྟོང་ཕྲག་བརྒྱད་པ༔ གནས་གདོན༔ ལུས་གདོན༔ ནད་བདག༔ ཡམས་


CMR044_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བདག༔ རིམས་བདག༔ བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ༔ གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་འབྱུང་པོ་གང་དག་ཇི་སྙེད་ཡོད་པ་ཐམས་ཅད༔ མཐོ་རི་བོའི་རྩེ༔ དམའ་རྒྱ་མཚོའི་སྟེང་༔ ས་འོག་ས་སྟེང་ས་བླ་གར་གནས་ཀྱང་རང་དབང་མེད་པར་གཟུགས་ཀྱི་ཕུང་པོ་འདི་རྣམས་ལ་ཁུག་ཅིག༔ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ ཞེས་ལིངྒ་ལ་གཉིས་སུ་མེད་པར་བསྟིམ༔ སླར་ཡང་ཧཱུྃ་བདུད་བཀུག་ལ་བསྟིམ༔ ལྷ་དང་དབྱེ་ཞིང་༔ ཕཊ༔ དགྲ་བགེགས་ཀྱི་རྣམ་ཤེས་རང་ཉིད་ལ་བསྟིམ༔ གཟུགས་ཕུང་ལ་བཟའ་བ་ཤ་ཡི་རི་བོ༔ བཏུང་བ་ཁྲག་གི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཁ་འབར་མ་ཡི་སྔགས་བདུན་སོགས་བརྗོད་ཅིང་རྗེས་སུ༔ དགྲ་བགེགས་༔ ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད༔ འཆི་བདག་ཨ་ཝ་གླང་མགོ༔ ཚེ་བདག་རཀྵ་ཕག་མགོ༔ སྲོག་བདག་ཞེ་སྡང་སྦྲུལ་མགོ༔ ལོ་བདུད་ལོ་གཤེད་བཅུ་གཉིས༔ བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ༔ ཞེས་འབུལ༔ བདེན་སྟོབས་ཀྱིས་ཕྲིན་ལས་བཅོལ་བ་ནི༔ ན་མོ༔ དཀོན་


CMR044_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་དང་༔ རིག་སྔགས་དང་༔ གཟུངས་སྔགས་དང་༔ སྙིང་པོ་ཕྱག་རྒྱ་དང་ཏིང་འཛིན་གྱི་བདེན་པ་དང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས༔ དེ་རིང་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་བདག་ཅག་འཁོར་དང་བཅས་པ་རྣམས་ལ༔ དུས་འདི་ནས་བཟུང་སྟེ༔ ནམ་ཞིག་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ༔ ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་བྱད་མ་ལྷ་སྲུང་དང་བཅས་པའི་གནོད་བྱེད་ཐམས་ཅད༔ རང་བྱེད་རང་ལ་ལོག་པར་གྱུར་ཅིག༔ རང་གཤེད་རང་ལ་འབེབས་པར་གྱུར་ཅིག༔ རང་སྲོག་རང་གིས་གཅོད་པར་གྱུར་ཅིག༔ རང་ཤ་རང་གིས་ཟ་བར་གྱུར་ཅིག༔ རང་དམའ་རང་གིས་འབེབས་པར་གྱུར་ཅིག༔ རང་ཁྲག་རང་གིས་འཐུང་བར་གྱུར་ཅིག༔ ཕུང་བར་གྱུར་ཅིག༔ བརླག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ སྟོང་པར་གྱུར་ཅིག༔ ཅེས་བསྔོ་ཞིང་གཡོན་གྱི་སྣོད་དུ་ཕུལ༔ དེ་ནས་གཏོར་མ་གཉིས་གཤིན་རྗེའི་གཡས་གཡོན་གྱི་སྣོད་གཉིས་སུ་བཀོད༔ ༈ དེ་ནས་སྐུ་གླུད་རྒྱན་ལྡན་


CMR044_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསང་སྦྱང་བྱིན་བརླབས་བྱས་ནས༔ གླུད་རབ་དང་བཅས་པས་འཆི་བདག་གཤིན་རྗེ་འཁོར་བཅས་ལ་འབུལ་ལོ༔ དེ་ནས་བསྐུལ་གཏོར་ལ་སྨན་རཀ་སྦྲེང་༔ གཤིན་རྗེ་ཁ་ཕྱིར་བསྒྱུར་ལ་མདུན་དུ་ངར་གླུད་བཞག་དར་ཕྱར༔ དུང་འབུར༔ རྩ་གསུམ་བསྐུལ༔ སྲུང་མ་དྲག་བསྐུལ་དུ་འབོད༔ དེ་ནས་ཁྲོ་བོ་བཅུའི་གུར་ཁ་ཕྱེས་ནས༔ གཟའ་འམ་ཡང་ན་མཁའ་འགྲོ་རྒྱུ་ཕྱོགས་སམ༔ ཡང་ན་ལོ་བདུད་གནས་པའི་ཕྱོགས་དང་༔ དགྲ་བགེགས་ཡོད་པའི་ཕྱོགས་སུ་ཁ་བསྒྱུར༔ རྔ་བརྡུང་རོལ་མོ་སྒྲོག་ཅིང་༔ གཤིན་རྗེ་རྣམས་ལ་བཀའ་བསྒོ་བ་ནི་འདི་སྐད་དོ༔ ཧཱུྃ་འཆི་བདག་གཤིན་རྗེ་འཁོར་བཅས་དང་༔ ལྷ་ཀླུ་གནོད་སྦྱིན་ལ་སོགས་ཏེ༔ གདོན་བགེགས་རིགས་སུ་གྱུར་པ་རྣམས༔ གང་ཟག་འདི་ཞེས་བྱ་བ་ལ༔ གནོད་པར་བྱེད་པ་གང་ཡང་རུང་༔ སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ གདོད་མ་ཉིད་ནས་དངོས་པོར་གོལ༔ དངོས་མེད་པ་ལ་ཡོད་པར་བཟུང་༔ ད་ལྟ་ཉིད་དུ་དངོས་པོར་གོལ༔ རྟག་པར་བཟུང་ཞིང་འཛིན་པར་བཅས༔ དཔེར་ན་ཟོ་ཆུའི་འཁྱུད་མོ་འདྲ༔ སླར་ཡང་ལོག་ཅིང་ངན་སོང་འཁྱམས༔ ཁྱོད་ཀྱི་སེམས་དང་ང་ཡི་སེམས༔ ཁྱོད་ཀྱིས་ད་ལྟ་སོ་སོར་བཟུང་༔ འཁྲུལ་པ་ཡིན་ཏེ་ངན་སོང་རྒྱུ༔ ང་ཡི་སེམས་ཉིད་ཀུན་བཟང་ལ༔ ཁྱོད་ཀྱི་རྫུ་


CMR044_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཅི་བསྟན་ཡང་༔ ང་ལ་གཡོ་བ་རྡུལ་ཙམ་མེད༔ སླར་ཡང་རང་སེམས་བརླག་པའི་རྒྱུ༔ སེམས་ཅན་ཀུན་ལ་མ་འཚེ་ཞིག༔ སེམས་ཅན་ཀུན་ལ་འཚེ་བ་ན༔ སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ༔ སངས་རྒྱས་སྐུ་ལ་ཁྲག་ཕྱུང་ན༔ འགྲོ་བ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་ཆེན་པོའི་ཆར་མི་ཕོད༔ གནོད་པ་བྱས་ན་སྲིན་པོར་སྐྱེ༔ དཔལ་ཆེན་སྐུ་ཡིས་བསྒྲལ་ལ་རེ༔ རྟག་པར་བཟུང་ན་མུ་སྟེགས་ཡིན༔ བཅོམ་ལྡན་འདས་ཀྱིས་འདུལ་ལ་རེ༔ ང་རུ་བཟུང་བ་གཤིན་རྗེ་ཡིན༔ ཁྲོ་རྒྱལ་ཞབས་ཀྱིས་བཅགས་ལ་རེ་ཕྲག་དོག་བལྟས་ན་ལྷ་མིན་ཡིན༔ ཕྱི་འགྲོས་གཡང་སར་ལྟུང་བའི་རྒྱལ་བས་གསུངས་པའི་བཀའ་ལ་ཉོན༔ སྒོ་གསུམ་སྡོམ་ལ་གུས་པར་ཉོན༔ འདི་རུ་གནོད་པ་མ་བྱེད་ཇི་ལྟར་ས་བོན་གང་བཏབ་པ་འབྲས་བུ་དེ་ལྟར་སྨིན་པ་ལྟར༔ དགེ་བའི་འབྲས་བུས་མཐོ་རིས་ཐོབ༔ སྡིག་པའི་འབྲས་བུས་ངན་སོང་ལྟུང་༔ དེ་བས་ཡང་དག་དོན་ལ་སོམས༔ གཟུགས་ལ་མཚན་མར་མ་བཟུང་ཞིག༔ གཟུགས་ལ་མཚན་མར་བཟུང་བ་ན༔ དམྱལ་བའི་བཙོ་བསྲེགས་དེ་ན་ཡོད༔ ཡུལ་ལ་ཆགས་པར་མ་བྱེད་ཅིག༔ ཡུལ་


CMR044_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པར་བྱས་པ་ན༔ དམྱལ་བའི་རྒྱུ་འབྲས་དེ་ན་ཡོད༔ ཚེ་ལ་རྟག་པར་མ་འཛིན་ཞིག༔ ཚེ་ལ་རྟག་པར་བཟུང་བ་ན༔ དམྱལ་བའི་ཚེ་འཕྲོ་དེ་ན་ཡོད༔ ངན་སོང་དམྱལ་བའི་སྡུག་བསྔལ་ཡང་༔ གཞན་ན་ཡོད་པ་མ་ཡིན་ནོ༔ རང་གི་ཉེས་ན་དམྱལ་བ་ཡིན༔ མ་རྟོགས་ན་ནི་སེམས་ཅན་ཡིན་མ་རིག་ན་ནི་ཉོན་མོངས་ཡིན༔ དུས་གསུམ་བདེ་གཤེགས་སངས་རྒྱས་ཀྱང་༔ གཞན་ན་ཡོད་པ་མ་ཡིན་ནོ༔ རང་གི་ལོན་ན་མཐོ་རིས་ཡིན༔ ལེགས་པར་རྟོགས་ན་སངས་རྒྱས་ཡིན༔ རེག་ཅིང་རྟོགས་ན་ཀུན་བཟང་ཡིན༔ གོ་ཞིང་རྟོགས་ན་རྡོར་འཆང་ཡིན༔ དེ་ལྟར་རྟོགས་ན་ཅི་ཕྱིར་གནོད༔ སེམས་ཉིད་ཀུན་ཏུ་བཟང་པོ་ལ་གནོད་པར་བྱེད་པའི་རྒྱུ་ཡང་མེད༔ གང་དུ་གནོད་པའི་ལས་ཀྱང་མེད༔ མཐོ་རིས་མེད་ཅིང་ངན་སོང་མེད༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ ལྷ་ཡང་མེད་ཅིང་འདྲེ་ཡང་མེད༔ བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད། གལ་ཏེ་དེ་ལྟར་མ་རྟོགས་ན༔ དཔེར་ན་ནམ་མཁའི་སྐར་འཚོགས་འདྲ༔ ནམ་མཁའ་ཉིད་ལས་མ་གཡོས་ཀྱང་༔ ཉི་ཟླ་གཟའ་སྐར་བཀྲ་བ་རྣམས༔ གློ་བུར་རྟོགས་པའི་སྤྲིན་


CMR044_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྒྲིབས༔ ཆོས་ཀྱི་དབྱིངས་ལ་བཟང་ངན་མེད༔ ཀུན་བཟང་གནས་ལ་ཡང་དོག་མེད༔ ཡེ་ཤེས་ཐུགས་ལ་གསལ་འགྲིབ་མེད༔ སངས་རྒྱས་ཐུགས་ལ་སྤང་བླང་མེད༔ འཇིག་རྟེན་གནས་ལ་རང་བཞིན་མེད༔ རྟོགས་ན་ང་ལ་སྐྱབས་སུ་ཤོག༔ མ་རྟོགས་ཚེ་ན་གཞན་དུ་དེངས༔ སྔོན་གྱི་ལན་ཆགས་ཡིན་ན་ཡང་༔ མཆོད་སྦྱིན་འདི་ཡིས་འཁོར་བར་ཤོག༔ འཕྲལ་རྐྱེན་འགལ་བ་ཅི་ཡོད་པ༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ བུ་ལོན་ཤ་འཁོན་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་བྱང་བར་གྱིས༔ དོན་མེད་གནོད་པ་བྱེད་ན་ཡང་༔ མཆོད་སྦྱིན་འདི་ཡིས་ཚིམ་པར་གྱིས༔ རང་སྲོག་རང་ལ་གཅེས་པ་ལྟར༔ གཞན་སྲོག་གཞན་ལ་དེ་བས་གཅེས༔ རང་གི་ལུས་ལ་དཔེ་ལོང་ལ་གཞན་ལ་གནོད་པ་མ་བྱེད་ཅིག༔ བཟུང་བ་ཡོད་ན་བཏང་བར་གྱིས༔ བཅིངས་བ་ཡོད་ན་མྱུར་དུ་ཁྲོལ༔ བསྡམས་པ་ཡོད་ན་གློད་དུ་གསོལ༔ རྒྱལ་བའི་བཀའ་ལ་མི་ཉན་མེད༔ སྲིད་པའི་ཆུ་ལ་མི་འཐུང་མེད༔ འབྱུང་བ་རླུང་ལ་མི་བསྟན་མེད༔ མཛེས་པའི་གླུད་ལ་མི་ལེན་མེད༔ དམ་རྫས་བདུད་རྩི་གཏོར་ཆེན་འདི༔ རྟོག་པར་གྱུར་ན་སྨན་


CMR044_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ༔ མ་རྟོགས་ན་ནི་དུག་ཏུ་འགྱུར༔ གཡང་ས་ཆེན་པོར་ཆོས་མ་ཉན༔ རྟག་པར་འཛིན་པའི་ལས་མ་བྱེད༔ རང་བྱས་རང་ལ་སྨིན་གྱུར་པས༔ དཔེར་ན་སྐྱེས་པའི་མཚོན་ཆ་འདྲ༔ རང་གིས་བྱས་ཤིང་རང་ཉིད་འཇོམས༔ འཇིག་རྟེན་འདི་ན་མི་རྟག་སྟེ༔ ས་གཞི་ནམ་མཁར་འཕགས་ཀྱང་སྲིད༔ ཉི་ཟླ་ས་ལ་ལྟུང་ཡང་སྲིད༔ རླུང་པ་པས་ཟིན་ཡང་སྲིད༔ ཆུ་བོ་གྱེན་དུ་ལོག་ཀྱང་སྲིད༔ རྒྱལ་བའི་བཀའ་ལ་འགྱུར་མི་སྲིད༔ རྒྱལ་བའི་བཀའ་ལ་མ་འདའ་བར༔ རང་རང་གནས་སུ་ད་ནི་དེངས་རྒྱལ་བའི་བཀའ་ལས་འདས་གྱུར་ན༔ དེ་ཚེ་སངས་རྒྱས་ཐུགས་ཁྲོས་ནས༔ སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས༔ ལྕགས་ཀྱུ་མཚོན་ཆ་སྣ་ཚོགས་ཀྱིས༔ སྙིང་ནས་བཟུང་སྟེ་བརླག་པར་བྱེད༔ ཚེ་འདིར་སྡུག་བསྔལ་དཔག་མེད་མྱོང་༔ ཕྱི་མ་ངན་སོང་གནས་སུ་ལྟུང་༔ དེ་བས་རང་རང་གནས་སུ་དེངས༔ ང་ཡི་མཚམས་བཅད་ཚུན་ཆོད་ལ༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གནོད་བྱེད་འབྱུང་པོ་མ་ར་ཡ་ཕཊ༔ ཅེས་ཆོས་བཤད་བཀའ་བསྒོ་བྱས་ནས༔ གཏོར་མདོས་རྣམས་གོམ་པ་བདུན་ཅུའི་སར་ཁྱེར་ལ་སྲིན་མོ་ཟ་ལམ་སོགས་ཟློག་སྒྱུར་དང་ཟོར་བརྡེག་དང་ཆད་མདོ་


CMR044_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གྱེར༔ གོ་ཚོན་དང་བཅས་པས་བསོ་སྒྲ་སྒྲོག༔ ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ༔ བཤལ་ཆུས་གཏོར་མ་སྐྱོང་༔ གཏོར་སྣོད་ཁ་སྦུབ་མནན་པ་བྱ༔ གཏོར་བྲོ་བརྡུངས༔ སྲུང་འཁོར་བསྒོམ༔ རྗེས་ཆོག་སྤྱི་མཐུན་བྱའོ༔ ༧ རྗེས་སུ་སྤྲ་བརྟག་པ་ནི༔ གཏོར་ཁ་ཡར་ལ་བསྒྱུར་ན་རྗེས་བཟློག་པ་བསྐྱར་བར་བྱ༔ ཁ་ཕྱིར་ལ་བསྒྱུར་ན་བཟང་༔ འཕྲད་དུ་བསྒྱུར་ན་ཉེས་པ་མི་འབྱུང་ཀྱང་༔ སྐུ་རིམ་ལ་འབད་དོ༔ དེ་ལྟ་བུ་བྱས་པའི་ཕན་ཡོན་ནི༔ ཆག་སྒོ་ཇི་ལྟར་ཆེ་ཡང་འདི་ལ་ལན་གསུམ་བསྐྱར་ན་མི་བཟློག་མི་སྲིད་དོ༔ ལན་གསུམ་བསྐྱར་ནས་ཀྱང་གཏོར་ཁ་ཡར་ལ་བསྟན་ནི༔ ཚེ་དུས་ལ་བབ་པ་ཡིན་པ་ཤེས་པར་བྱའོ༔ འདི་གང་བྱུང་གི་རིམ་གྲོ་ལ་བྱེད་མི་རུང་ངོ་༔ རྣལ་འབྱོར་པ་ལྟ་བའི་གདེང་དང་ལྡན་པའམ༔ ཡང་ན་ཡི་དམ་ལྷ་ལ་བསྙེན་པ་ཐེམ་པ་གཅིག་མ་གཏོགས་གཞན་གྱིས་བྱས་ན་རང་ལ་འཁུ་ལྡོག་འོང་བས་གཟབ་པར་རིག༔ སྤྱི༔ འཆི་བདག་གཤིན་རྗེའི་ཞགས་གཅོད་ཅེས་བྱ་བ་འཁོར་བ་མ་སྟོངས་པར་དུ་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་པ་གུ་རུའི་ཐུགས་རྗེའི་འོད་ཟེར་ལས་སྤྲུལ་པའི་རིག་འཛིན་འཇའ་ཚོན་སྙིང་པོ་ཞེས་ཀྱང་བྱ༔ ལས་འཕྲོ་གླིང་པ་ཞེས་ཀྱང་བྱ༔ ཧཱུྃ་ནག་མེ་འབར་ཞེས་ཀྱང་བྱ༔ ཤར་ལྗོན་པ་ལུང་གི་གནས་སྒོ་ནས་གདན་དྲངས་པའོ༔ ས་མ་ཡ༔ ༈ འདིའི་བརྒྱུད་རིམ་ནི༔ ཆོས་སྐུ་སྣང་བ་མཐའ་ཡས༔ ཐུགས་རྗེ་ཆེན་པོ༔ པདྨ་འབྱུང་གནས༔ ཡེ་ཤེས་མཚོ་རྒྱལ༔ མྱང་བན་ཏིང་འཛིན་བཟང་


CMR044_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ ཧཱུྃ་ནག་མེ་འབར༔ སྤྲུལ་སྐུ་རིག་འཛིན་རྒྱ་མཚོ༔ དྲིན་ཆེན་༧ རཱ་ག་ཨ་སྱ་རིན་པོ་ཆེ་ལའོ༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་འཇོམས།next