Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང་ལས་དཔལ་ཆེན་དྲག་པོ་མདོས་ཀྱི་དམག་ལམ་བསྟན་པའི་ཟ་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང་ལས་དཔལ་ཆེན་དྲག་པོ་མདོས་ཀྱི་དམག་ལམ་བསྟན་པའི་ཟ་ལམ།next

ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང་ལས་དཔལ་ཆེན་དྲག་པོ་མདོས་ཀྱི་དམག་ལམ་བསྟན་པའི་ཟ་ལམ།


CMR044_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང་ལས༔ དཔལ་ཆེན་དྲག་པོ་མདོས་ཀྱི་དམག་ལམ་བསྟན་པའི་ཟ་ལམ་བཞུགས་སོ༔


CMR044_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྐུ་མདོག་དམར་ནག་འབར་བ་ཆེན་པོ་ལ༔ ཡེ་ཤེས་ལྔ་རྫོགས་དཔལ་ལྡན་རྡོ་རྗེའི་སྐུ༔ མི་བཟད་གཟི་བརྗིད་དྲག་པོ་འབར་བ་ཡི༔ ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་སྐུ་ལ་བརྒྱན༔ ཁྲོ་རྔམ་བརྗིད་ཀྱི་བདུད་བཞི་ཟིལ་གྱིས་གནོན༔ གུས་པའི་ཚུལ་གྱིས་ལྷ་སྲིན་དམ་ལ་འདུ༔ མ་མོ་མཁའ་འགྲོའི་ཚོགས་རྣམས་དབང་དུ་བསྡུས༔ གིང་ཆེན་དྲག་པོའི་ཚོགས་རྣམས་བྲན་དུ་བསྐོལ༔ ཤ་ཟ་ཁྲག་འཐུང་ཚོགས་རྣམས་ལས་ལ་མངག༔ དཔལ་ཆེན་ཁྲོ་མཆོག་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བདག་ནི་དཔལ་


CMR044_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུར་བསྒོམས་ནས༔ ཡེ་ཤེས་ཁྲོ་མཆོག་ཆོས་ཀྱི་སྐུ༔ འབར་བའི་ཀློང་ན་གནས་པ་ཡི༔ ཁྲོ་རྒྱལ་དཀྱིལ་འཁོར་སྐུ་ལ་རྫོགས༔ རང་བཞིན་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ དབུ་ལ་ཁྱུང་ཆེན་འབར་བས་བརྒྱན༔ དྲག་པོའི་ལས་ཀྱི་གདུག་པ་འདུལ༔ བྷ་ལིང་དམར་གྱི་གཏོར་མ་འདི༔ སྦྱོར་སྒྲོལ་ཕྱག་རྒྱས་བྱིན་གྱིས་བརླབས༔ བསྒྲལ་བའི་ཞིང་བཅུར་དམིགས་ནས་ནི༔ བྷན་ཨེ་ཡི་སྣོད་ནང་དུ༔ དབང་པོ་ལྔ་དང་ཙིཏྟ་དང་༔ ཤ་ཆེན་ལྔ་དང་ཀེང་རུས་བཅས༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་༔


CMR044_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཆེན་གཏོར་མ་འདི་བཞེས་ལ༔ བཀའ་ཉན་དམ་ཅན་ཚོགས་རྣམས་ཀྱིས༔ སྡང་བའི་དགྲ་ལ་ཕྲིན་ལས་མཛོད༔ བྷྱོ༔ དཔལ་གྱི་གཏོར་ཟོར་རྒྱ་ཆེན་འདི༔ གཏོར་ཁ་དགྲ་ཡི་ཕྱོགས་སུ་སྟོན༔ བཞེས་ཤིག་དམ་ཅན་ཡོངས་ཀྱི་བཞེས༔ གཏོར་མ་དགྲ་ཡི་ཕྱོགས་སུ་འཕེན༔ དམ་ཉམས་དགྲ་བོའི་ཚེ་སྲོག་ཆོད༔ གཏོར་མའི་ལམ་བསྟན་དགྲ་ལ་བསྟན༔ དམ་ཉམས་དགྲ་བགེགས་དུས་མཐའ་ལྟུང་༔ གཏོར་མའི་ཟོར་སྣ་དགྲ་ལ་བསྟན༔ ལྷ་འདྲེ་ཡོངས་ཀྱི་དམག་ཆོས་ལ༔ དཔལ་གྱི་གཏོར་ཟོར་རྒྱ་ཆེན་འདི༔ གཏོར་ཁ་དགྲ་ཡི་ཕྱོགས་སུ་སྟོན༔ བྷྱོ༔ ཤར་གྱི་ཕྱོགས་ནས་དཀར་མོ་སྤྱན་གཅིག་མ༔ དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ ལྷོ་ཡི་ཕྱོགས་ནས་ནག་མོ་ཁ་འབྱམས་མ་དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ ནུབ་ཀྱི་ཕྱོགས་ནས་དམར་མོ་མཆུ་འཇིབ་མ༔ དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ བྱང་གི་ཕྱོགས་ནས་སེར་མོ་རྐང་ལྡག་མ༔ དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ བྷྱོ༔ དམག་གི་རྒྱལ་ཆེན་མོ་བཞི་རྣམས་ཀྱང་༔ རིགས་བཞི་མཁའ་འགྲོའི་དམག་དཔུང་དགྲ་ལ་ཆོས༔ སྲིད་པ་གསུམ་པོ་


CMR044_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་ཟློག་བྱེད་པ་མོ༔ སྲིད་པ་ཆགས་བྱེད་མ་མོ་ཆེན་མོ་ཡིས༔ སྲིད་པའི་དམག་དཔུང་དམ་ཉམས་དགྲ་ལ་དྲོངས༔ སྲིད་པ་ཆ་མཉམ་མ་མོ་ཆེན་མོ་ཡིས༔ སྲིད་གདུག་པའི་དམག་དཔུང་དགྲ་ལ་དྲོངས༔ རྣལ་འབྱོར་དགྲ་ལྷ་རིག་འཛིན་གྲུབ་པ་མོ༔ རྣལ་འབྱོར་དགྲ་ལྷའི་དམག་དཔུང་དགྲ་ལ་དྲོངས༔ བསྟན་སྲུང་ལས་བྱེད་ཨེ་ཀ་ཙ་ཏི་མ༔ བསྟན་སྲུང་ལས་བྱེད་དམག་དཔུང་དགྲ་ལ་དྲོངས༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ༔ མདོག་བཟང་ནག་མོ་གྲུབ་པའི་རྣལ་འབྱོར་མ༔ ནག་མོའི་ཚོགས་ཀྱི་དམག་དཔུང་དགྲ་ལ་དྲོངས༔ མདོག་བཟང་སྔོན་མོ་ལྷ་མོ་རྣལ་འབྱོར་མ༔ སྔོན་མོའི་དམག་དཔུང་དམ་ཉམས་དགྲ་ལ་དྲོངས༔ མདོག་བཟང་དཀར་མོ་གླིང་བཞི་སྤྱི་འགྲོ་མ༔ དཀར་མོའི་དམག་དཔུང་དམ་ཉམས་དགྲ་ལ་དྲོངས༔ དབུ་བརྒྱ་སྤྱན་སྟོང་ལྡན་པའི་གར་འཆང་མ༔ སྟོང་ཕྲག་བརྒྱད་ཅུའི་དམག་དཔུང་དགྲ་ལ་དྲོངས༔ པདྨ་གར་དབང་ས་བདག་པདྨའི་ཕྲེང་༔ ས་བདག་གདོན་གྱི་དམག་སྣ་དགྲ་ལ་དྲོངས༔ བྷྱོ༔ ཤར་གྱི་དཀར་མོ་ཆེན་མོ་མཆེ་གཙིགས་མ༔ དཀར་མོ་འབུམ་སྡེས་དམག་སྣ་དགྲ་ལ་དྲོངས༔ ལྷོ་ཕྱོགས་


CMR044_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་ཆེན་མོ་ཁ་འབྱམས་མ༔ ནག་མོ་འབུམ་སྡེས་དམག་སྣ་དགྲ་ལ་དྲོངས༔ ནུབ་ཕྱོགས་དམར་མོ་ཆེན་མོ་མཆུ་འཇིབ་མ༔ དམར་མོ་འབུམ་སྡེས་དམག་སྣ་དགྲ་ལ་དྲོངས༔ བྱང་གི་སེར་མོ་ཆེན་མོ་རྐང་ལྡག་མ༔ སེར་མོ་འབུམ་སྡེས་དམག་སྣ་དགྲ་ལ་དྲོངས༔ ཧར་ཏིང་ནག་མོ་བྱང་ཤར་གྲུ་འདེབ་མ༔ བྱང་ཤར་གདོན་གྱི་དམག་དཔུང་དགྲ་ལ་དྲོངས༔ དུན་ཏིང་ནག་མོ་ཤར་ལྷོ་གྲུ་འདེབ་མ༔ ཤར་ལྷོའི་གདོན་གྱི་དམག་ཚོགས་དགྲ་ལ་དྲོངས༔ གྲུབ་ཏིང་སེར་མོ་ནུབ་བྱང་གྲུ་འདེབ་མ༔ ནུབ་བྱང་གདོན་གྱི་དམག་དཔུང་དགྲ་ལ་ཟློདྲོངས༔ ཤརྙིང་སེར་མོ་ལྷོ་ནུབ་གྲུབ་འདེབ་མ༔ ལྷོ་ནུབ་གདོན་གྱི་དམག་སྣ་དགྲ་ལ་དྲོངས༔ བཞུགས་ས་དགྲ་ཡི་ཡུལ་དུ་གྱིས༔ གནས་མལ་དགྲ་ཡི་ཡུལ་དུ་གྱིས༔ བདུད་རྟ་དགྲ་བོའི་ཡུལ་དུ་རྒྱུག༔ དམ་ཉམས་དགྲ་བོ་མྱུར་དུ་སྒོལ༔ ནད་སྣ་ཡམས་སྣ་དགྲ་ལ་དྲོངས༔ དགྲ་མཁར་ནག་པོ་རྨིང་ནས་བསྐྱེལ༔ དགྲ་ལ་ཕྲིན་ལས་མྱུར་དུ་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་དང་གཏོར་མའི་དམག་ལམ་བྱས༔ དགྲ་ཕྱོགས་སམ་གནོད་བྱེད་ཀྱི་ཕྱོགས་སམ༔ གར་དགོས་ཕྱོགས་སུ་འཕང་ཞིང་ལྤགས་གཡབ་མོ་རྡེབ༔ གཏོར་གཞོང་སྦུབ༔ རྟ་བྲོ་བརྡུང་༔ ས་མ་ཡ༔


CMR044_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རྒྱ་རྒྱ༔ གུ་རུ་པདྨའི་ཐུགས་ཀྱི་སྤྲུལ་པ༔ སྔགས་འཆང་ཧཱུྃ་ནག་མེ་འབར་གྱིས་ཤར་ལྗོན་པ་ལུང་གི་གནས་སྒོ་ནས་གདན་དྲངས་པའོ༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང་ལས་དཔལ་ཆེན་དྲག་པོ་མདོས་ཀྱི་དམག་ལམ་བསྟན་པའི་ཟ་ལམ།next