Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་ཟོར་གྱི་བསྐུལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་ཟོར་གྱི་བསྐུལ་བ།next

གཏོར་ཟོར་གྱི་བསྐུལ་བ།


CMR044_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཏོར་ཟོར་གྱི་བསྐུལ་ནི༔ གཏོར་ཆེན་ལ་དཔལ་འབར་གཟུགས་ཐེབས་ཕྱོགས་སུ་གདོང་ཕྱོགས་པར༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཐུགས་དམ་ཅན༔ ཕྱི་ནང་ཆོས་སྐྱོང་སྲུང་མ་དམ་ཚིག་ཅན༔ ཀུན་ཀྱང་མི་བཟད་འཇིགས་པའི་ཚ་ལུགས་ཅན༔ སྤྲུལ་པ་ཡང་སྤྲུལ་བདུད་ཀྱི་ཕོ་ཉར་བཅས༔ ཁྲོ་གཏུམ་དྲག་ལ་རྔམ་པའི་ཞལ་གདངས་ཤིང་༔ མི་བཟད་མཚོན་ཆ་འབར་བའི་ཐོག་ཆར་འབེབས༔ སྣ་ཚོགས་སྐུར་སྟོན་ཐབས་ཀྱི་གདུག་པ་འདུལ༔ སྤྲུལ་པའི་དམག་ཚོགས་ཕོ་ཉའི་དཔུང་དང་བཅས༔ སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ༔ ཁས་བླངས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ དམ་ཅན་རྒྱ་མཚོ་དབྱིངས་ནས་སྐུར་བཞེངས་ཤིག༔ བསྟེན་ནོ་མ་གཡེལ་དམ་ཅན་རྒྱ་མཚོའི་ཚོགས་དམར་གྱི་གཏོར་མ་དགྲ་བགེགས་སྙིང་ལ་རྒྱོབས༔ འཁོར་དང་བཅས་པ་ཐལ་བ་རྡུལ་དུ་རློགས༔ བསྟན་པ་བཤིག་དང་བླ་མའི་སྐུ་ལ་བསྡོ༔ སྤྱན་ལ་འཁུ་ཞིང་སེམས་ཅན་ཡོངས་ལ་འཚེ༔ རྣལ་འབྱོར་བདག་ལ་བརྙས་བྱེད་དགྲ་དང་བགེགས༔ དམ་ཅན་རྒྱ་མཚོའི་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ༔ དེ་རིང་གཏོར་ཟོར་དྲག་པོ་འདི་དག་ནི༔ བྱང་ཆུབ་


CMR044_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་བར་ཆད་བྱེད་པ་ཡི༔ སྒབ་འདྲེ་དམ་སྲི་རྣམས་ཀྱི་སྲོག་རྩ་ཆོད༔ རྒྱལ་འགོང་འདྲེ་མོ་རྣམས་ཀྱི་སྙིང་རྩ་གཏུང་བཀའ་འདས་དམ་ལོག་རྣམས་ཀྱི་སྙིང་ཁྲག་འཐུང་༔ རིག་འཛིན་དྲོད་ཉུལ་རྣམས་ཀྱི་སྲོག་རྩ་ཆོད༔ དམ་ཉམས་དགྲ་བོ་རྣམས་ཀྱི་མཁར་ལ་རྒྱོབས༔ མ་བྱིན་ཇག་པ་རྣམས་ཀྱི་ལག་པར་རྒྱོབས༔ ཟ་ཁ་ཟུག་པའི་ལྕེ་སྤྱང་ཁ་ལ་རྒྱོབས་གོད་སྲི་ལངས་བའི་གོད་འདྲེའི་སྙིང་ལ་རྒྱོབས༔ དགྲ་སྲི་ལངས་བའི་དགྲ་བོའི་སྟེང་དུ་ཟོར༔ དམོད་ཟོར་མི་ཁ་གཏོང་བའི་ལྕེ་ལ་རྒྱོབས༔ དོ་བསྡོ་ཕོད་བཙུགས་འགྲས་ཚོལ་སྙིང་ལ་རྒྱོབས༔ ལྷ་མེད་མཐུ་མེད་ཟེར་བའི་ངག་ལ་རྒྱོབས༔ རྐུ་ཇག་ཆོམ་ཕྲོག་བྱེད་པའི་ལག་པར་རྒྱོབས༔ བྱད་ཁ་ཕུར་ཁ་སྟོན་པའི་སྙིང་ལ་རྒྱོབས༔ གཏད་ཁ་ཁྲམ་ཁ་སྡང་བའི་དགྲ་ལ་རྒྱོབས༔ ནད་ཁ་ཡམས་ཁ་སྡང་བའི་དགྲ་ལ་བྷྱོ༔ མི་ཁ་བྲ་མཆུ་སྡང་བའི་དགྲ་ལ་བྷྱོ༔ ཆག་ཆེན་ཉམ་ང་སྡང་བའི་དགྲ་ལ་བྷྱོ༔ བྷྱོ༔ དོ་ནུབ་གཏོར་ཟོར་དྲག་པོའི་ཐོག་མདའ་འདི༔ དམ་ཉམས་བྱད་མ་ལྷ་སྲུང་སྙིང་ལ་རྒྱོབས༔ གནོད་བྱེད་བགེགས་དཔུང་བདུད་ཀྱི་སྙིང་ལ་རྒྱོབས་བདུན་རྒྱུད་མ་ལུས་རྩད་ནས་ཆོད་ལ་ཤོག༔ ལྷག་མ་མེད་


CMR044_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པར་དྲུང་ནས་ཕྱུང་ལ་ཤོག༔ དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་ལ༔ བཀའ་ཆད་མེ་སྟག་ཆུ་ཡི་ཕོག་པ་ལྟར༔ བསྟན་པ་བསྲུང་བའི་ལས་འདི་བསྒྲུབ་པར་མཛོད༔ ཨོཾ་བཛྲ་སརྦ་དུཥྚཾཨེ་ཛ་བྷྱོ༔ རྣྲི་མ་ར་ཡ་སྦྱོ་ཟློག༔ ཟོར་ལས་བསྡུས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོར་ཟོར་གྱི་བསྐུལ་བ།next