Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བླ་བསླུ་བཞུགས་པའི་དབུ་ཕྱོགས།
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousབླ་བསླུ་བཞུགས་པའི་དབུ་ཕྱོགས།next

བླ་བསླུ་བཞུགས་པའི་དབུ་ཕྱོགས།


CMR044_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བསླུ་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR044_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བསླུ་བྱེད་པར་འདོད་ན། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ཉིད་སྐད་ཅིག་གིས་ཡི་དམ་གང་ཡིན་དེ་བསྒོམ། མདའ་གཅིག་།འཕང་གཅིག །དར་དམར་པོ་དཀར་པོ་ཁ་གང་། སྐུད་པ་སྣ་ལྔ་མེ་ལོང་གཅིག་དོང་ཙེ་གཅིག །དེ་རྣམས་མདའ་ཡི་མགུལ་དུ་བཏགས་ལ། ཤ་བརླ་གཡས་པ་གཅིག་གོ་ར་གཅིག །ཤ་ཆང་མར་ཐུད་ཟས་སྣ་ཚོགས། ཤ་རུ་དཀར་པོ་གཅིག་ཡོན་བདག་གི་ལོ་སྐྱའི་གོས་དང་སྦྱར་ལ་གཟུངས་ཚེ་དཔག་མེད་ཀྱི་སྙིང་པོ་བརྗོད་ལ། བླ་བསླུ་ངར་མི་ལྔ་མར་མེ་ལྔ། ཟན་ཆངས་ལྔ་མཐེབ་ཀྱུ་ལྔ་བྱས་ལ། ལོ་མཐུན་པའི་མི་གཅིག་གིས་གཡས་ན་མདའ་དར་གཡུག་ཅིང་གཡོན་ན་ནད་པའི་གོས་བཟུང་ལ། ཕྱོགས་བཞི་མཚམས་བརྒྱད་ལ་འབོད་པར་བྱའོ། །བླ་ཁུག་མི་ཁུག་རྒྱུ་མ་ལ་ཚད། སྔོན་དང་འདྲ་ན་མ་ཁུག་


CMR044_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ལྷག་ན་བཟང་བ་ཡིན། ཆད་ན་མི་འཆི་བའི་རྟགས་ཡིན། འབྲུ་བྲེ་གང་གི་སྟེང་དུ་ཡོན་བདག་གི་ཕོར་ནང་ཟས་སྣ་ཡོད་ཚད་བཤམས། ཁྱིམ་སྒོའི་མཐང་དཀྱིལ་དུ་འཐག་འདི་སྐད་དོ།། ཀྱཻ། ཚངས་པ་ལ་སོགས་ལྷ་ཆེན་བརྒྱད། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །ལྷ་ཡི་ལག་ནས་མི་བླ་བསླ། །ཉི་མ་ལ་སོགས་གཟའ་ཆེན་བརྒྱད། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །གཟའ་ཡི་ལག་ནས་མི་བླ་བསླུ། །དུ་བ་མཇུག་རིང་ལ་སོགས་པའི། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །གཟའ་བདུད་ལག་ནས་མི་བླ་བསླུ། །དབང་ལྡན་ལ་སོགས་ཕྱོགས་སྐྱོང་


CMR044_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །ཕྱོགས་སྐྱོང་ལག་ནས་མི་བླ་བསླུ། །ཆུ་ལྷ་སྲིན་པོ་ལ་སོགས་པའི། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །ཆུ་ལྷ་སྲིན་པོའི་ལག་ནས་མི་བླ་བསླུ། །རླུང་ལྷ་གཟའ་སྐར་ལ་སོགས་པའི། །རྩང་ཀུན་ལ་སོགས་ས་བདག་རྣམས། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །ས་བདག་ལག་ནས་མི་བླ་བསླུ། །རྒྱལ་རིགས་སེར་པོ་ལ་སོགས་པའི། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །ཀླུ་རྒྱལ་ལག་ནས་མི་བླ་བསླུ། །ཡུལ་འཁོར་སྲུང་ལ་སོགས་པ་ཡིས། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །རྒྱལ་ཆེན་ལག་ནས་མི་བླ་བསླུ། །དྲི་ཟ་གྲུལ་བུམ་ལ་སོགས་པའི། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །གནོད་སྦྱིན་ལག་ནས་མི་བླ་བསླུ། །མ་ཎི་བྷ་ཊ་ལ་སོགས་ནོར་སྲུང་བཞིས། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །ནོར་ལྷའི་ལག་ནས་མི་བླ་བསླུ། །གཙུག་ཕུད་གནོད་སྦྱིན་བདུད་རིགས་རྣམས། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །བདུད་ཀྱི་ལག་ནས་མི་བླ་བསླུ། །སྨིན་དྲུག་ལ་སོགས་རྒྱུ་སྐར་རྣམས། །བཀྲ་


CMR044_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །རྒྱུ་སྐར་ཉེར་བརྒྱད་ལག་ནས་མི་བླ་བསླུ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །གཤིན་རྗེའི་ལག་ནས་མི་བླ་བསླུ། །དམུ་ཡི་ལག་ནས་མི་བླ་བསླུ། །བདུད་ཀྱི་ལག་ནས་མི་བླ་བསླུ། །ཡུལ་ལྷའི་ལག་ནས་མི་བླ་བསླུ། །དགྲ་ལྷའི་ལག་ནས་མི་བླ་བསླུ། །ཐབ་ལྷའི་ལག་ནས་མི་བླ་བསླུ། །ཁྱིམ་ལྷ་གེལ་ཐུང་ལག་ནས་མི་བླ་བསླུ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཁྱོད། །ཕར་ལོ་མ་འགྲོ་ཚུར་ལ་ཤོག །ཁྱོད་ནི་གཤིན་རྗེའི་ཡུལ་དུ་ཅི་ལ་འགྲོ། །གཤིན་རྗེའི་འཇིགས་པ་ཞེ་རེ་ཆེ། །གཤིན་རྗེའི་ཡུལ་དུ་སྐྱུག་རེ་བྲོ། །གཤིན་རྗེའི་ཡུལ་དུ་མ་འགྲོ་ཞིག །ཁྱོད་གཤིན་ལམ་སྐྱ་མོར་ཅི་ལ་འགྲོ། །གཤིན་ཆུ་རབ་མེད་ཅི་ལ་བརྒལ། །ཕར་ལ་མ་འགྲོ་ཚུར་ལ་ཤོག །མི་ངོ་ཆེན་ཅན་གྱིས་བོས་པ་ཡིན། །མི་ངོ་ཤེས་ཅན་དང་འགྲོགས་ལ་ཤོག །གསུང་སྙན་གྲགས་པའི་སྐད་ལ་ཉོན་ལ་ཤོག །སིལ་སྙན་ཌཱ་རུའི་སྐད་ལ་ཉོན་ལ་ཤོག ། སྔགས་འཆང་བདག་གི་སྐད་ལ་ཉོན་ལ་ཤོག །དར་དཀར་གཡབ་པའི་ཕྱོགས་ལ་འགྲོགས་ལ་ཤོག །མདའ་མོ་ལྟོང་བཟང་འདི་ལ་བརྟེན་ལ་ཤོག །གསེར་འཕང་གཡུ་འཕང་འདི་


CMR044_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ལ་ཤོག །མ་མོ་མཁའ་འགྲོའི་ལག་ནས་མི་བླ་བསླུ། །འགོང་པོའི་ལག་ནས་མི་བླ་བསླུ། །རྒྱལ་འགོང་ལག་ནས་མི་བླ་བསླུ། །གྲི་བོ་གྲི་མོས་ལག་ནས་མི་བླ་བསླ། །མཐུ་ཆེན་གཉན་གྱི་སྲུང་མ་མཁྱེན། །བླ་ཡོད་མེད་གཉིས་ཀྱི་སོ་མཚམས་སུ། །བསྐལ་པ་སྟོང་གི་ལམ་དུ་སོང་། །སྙིང་རེ་རྗེ་ལ་ཤ་རེ་ཚ། །ཁྱོད་མི་ཡུལ་བུ་ཚ་ཅི་ལ་བྱེད། །ཤར་བདུད་ཤར་བཙན་ལག་ནས་མི་བླ་བསླུ། །ལྷོ་བདུད་ལྷོ་བཙན་ལག་ནས་མི་བླ་བསླུ། །ནུབ་བདུད་ནུབ་བཙན་ལག་ནས་མི་བླ་བསླུ། །བྱང་བདུད་བྱང་བཙན་ལག་ནས་མི་བླ་བསླུ། །བླ་རྡོ་གནམ་ལ་མ་འཕུར་ཅིག །བླ་རྡོ་ས་ལ་མ་འཛུལ་ཅིག །བདུད་དང་བཙན་གྱི་ལག་ནས་མི་བླ་བསླུ། །བླ་རྔ་གནམ་ལ་མ་གཡུག་ཅིག །བླ་རྔ་ས་ལ་མ་འཛུགས་ཤིག །བླ་བདག་རང་གི་གོ་ཟས་ཡོད། །བླ་ཡི་བརྟེན་ས་མདའ་དར་ཡོད། །གསལ་བྱེད་ལྷ་ཡི་མེ་ལོང་ཡོད། །ཡི་གེའི་བདག་པོ་སྟོང་ཙེ་ཡོད། །རྒྱན་ཆའི་དར་ཚོན་སྣ་ལྔ་ཡོད། །ཚོན་གྱི་སྐུད་པ་སྣ་ལྔ་ཡོད། །ཁྱོད་ཕར་ལ་མ་འགྲོ་ཚུར་ལ་ཤོག །མཛའ་བོ་ཤག་རོགས་འདི་ན་ཡོད། །ཁྱོད་ལ་ཁ་ཟས་ཤ་ཆང་གོས་ནི་འདི་ན་ཡོད། །ཁྱོད་ཀྱི་སྤུན་


CMR044_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕུ་ནུ་འདི་ན་ཡོད། །ཇ་ཆང་འོ་མ་འཚམས་པ་ཡོད། །བོས་པའི་སྐད་ལ་ཉོན་ལ་ཤོག །ཅི་འདོད་སྨོན་ལམ་བཏབ་པ་བཞིན། །ཚེ་རིང་ནད་མེད་ཕུན་ཚོགས་ལྔ། །ཡིད་བཞིན་ནོར་བུ་འོད་ལྡན་པ། །བདེ་ལེགས་ཐམས་ཅད་འབྱུང་བའི་བཀྲ་ཤིས་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ། ༈ དེ་ནས་ཡང་ཕོ་མོ་གང་ཡིན་ཀྱང་ཚེ་འགུགས་བྱ། སྨོན་ལམ་བཏབ་བཀྲ་ཤིས་བརྗོད། ཨ་རཱ་གས་མཛད་པའོ། །ཞལ་དྲོ། དགེའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་བསླུ་བཞུགས་པའི་དབུ་ཕྱོགས།next