Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་རྐྱེན་སེལ་སུན་ཟློག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་རྐྱེན་སེལ་སུན་ཟློགnext

ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་རྐྱེན་སེལ་སུན་ཟློག


CMR044_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་རྐྱེན་སེལ་སུན་ཟློག་བཞུགས་སོ།


CMR044_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཀི་ནཱི། གནས་སྤྱི་བོའི་གཙུག་རོལ་སྟེང་གི་ཆར། །འཇའ་འོད་དཔུང་འཁྲིགས་པའི་གུར་ནང་ནས། །རྗེ་རྫོགས་པའི་སངས་རྒྱས་པདྨ་འབྱུང་། །སྐུ་དཀར་གསལ་སྟོན་ཀའི་ཟླ་རྒྱས་བཞིན། །ཞལ་འཛུམ་མཛེས་སྤྱན་གཉིས་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱི་ལྡེམ་འཕྲུ་ཅན། །སྐུ་ཟབ་བེར་ཆོས་གོས་རྣམ་གསུམ་གསོལ། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་བསྣམས། །ཡུམ་སྦས་ཚུལ་ཁ་ཊཾ་མཆན་ཁུང་བརྟེན། །ཞབས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་སྟེང་། །ཡེ་གདོད་ནས་དམ་ཡེ་དབྱེར་མེད་གྱུར། །ཕྱི་ནམ་མཁས་གར་ཁྱབ་འཁོར་འདས་ཀུན། །


CMR044_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་པད་འབྱུང་སྐུ་གསུང་ཐུགས་ཀྱིས་ཁྱབ། །གནས་ཞིང་ཁམས་རྒྱ་མཚོ་མ་ལུས་པ། །རྗེ་པད་འབྱུང་སྐུ་ལ་ཐམས་ཅད་རྫོགས། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །ཐུགས་ཆོས་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ཆོས་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །གསུང་ལོངས་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ལོངས་སྐུ་མཁའ་


CMR044_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགེ་འདུན་ཐམས་ཅད་འདུས་པའི་སྐུ། །སྐུ་སྤྲུལ་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་སྤྲུལ་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་གནས་ལྔ་ལ། །དཔལ་རིགས་ལྔའི་དཔའ་བོ་ཌཱཀྐི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ཡེ་ཤེས་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་རྩ་གནས་ལ། །ཡུལ་ཉེར་བཞིའི་དཔའ་བོ་ཊཀྐིའི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཕ་གནས་སྐྱེས་ཞིང་སྐྱེས་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་ཆ་ལུགས་ལ། །མ་ཌཱཀྐི་འབུམ་ཚོ་ཉི་ཤུའི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་འབུམ་ཕྲག་མཁའ་འགྲོའི་


CMR044_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །ཤར་ཞི་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཤར་རྡོ་རྗེ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཆེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །ལྷོ་རྒྱས་མཛད་རཏྣ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལྷོ་རིན་ཆེན་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །ནུབ་དབང་མཛད་པདྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ནུབ་པདྨ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །བྱོང་དྲག་མཛད་ཀརྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བྱང་ལས་ཀྱི་མཁའ་འགྲོའི་སུན་མ་


CMR044_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་དབུས་སུ་བསྐྱོད་ཙ་ན། །དབུས་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དབུས་སངས་རྒྱས་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ཕྱོགས་མཚམས་བསྐྱོད་ཙ་ན། །སྐུ་གང་འདུལ་གུ་རུ་མཚན་བརྒྱད་མཆོག །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་དུར་ཁྲོད་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་བོད་ཡུལ་བསྐྱོད་ཙ་ན། །དཔལ་རྡོ་རྗེ་གྲོ་ལོད་ཞི་མ་ཁྲོ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྲིང་བརྟན་མ་བཅུ་གཉིས་སུན་མ་ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་དྲག་པོར་ཁྲོས་ཙ་ན། །དཔལ་གུ་རུ་དྲག་པོ་ཁྲོ་བོའི་རྒྱལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བཀའ་སྣང་སྲིད་ལྷ་འདྲེའི་སུན་མ་


CMR044_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །རྐྱེན་དུས་མིན་འཆི་བའི་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །མི་བདག་གི་ལུས་དང་ལོངས་སྤྱོད་རྣམས། །དཔེ་ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །རྗེ་པད་འབྱུང་མཁའ་འགྲོའི་ཚོགས་ལ་འབུལ། །བདག་དེ་ལྟར་མཆོད་ཅིང་གསོལ་བཏབ་པས། །ཕྱག་ཚེ་བུམ་ནང་ནས་བདུད་རྩི་བབས། །རྐྱེན་བར་ཆད་ནད་གདོན་སྡིག་སྒྲིབ་དག །ལུས་དྲི་མེད་ཤེལ་སྒོང་ལྟ་བུར་གྱུར། །རྗེ་པད་འབྱུང་འོད་ཞུ་བདག་ལ་ཐིམ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །རྗེ་ཨུ་རྒྱན་གུ་རུ་ཚེ་དཔག་མེད། །དུས་སྟན་ཐོག་འདི་ལ་འགྲུབ་གྱུར་ནས། །བདག་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་སིདྡྷི་ཧཱུྃ་ཧཱི༔ གུ་རུ་ཚེ་དཔག་མེད་ཀྱི་སྔགས་འདི་ཅི་ནུས་བཟླའོ། །ཨོཾ་དྷ་ཀ་ནི་ཧཱུྃ༔ ས་ར་ན་ན་མུ་ཁུ་ས་དུ་ན་ཟློག །སུན་མ་བཟློག་པའི་སྔགས་འདི་དུས་བཟང་དུས་བརྒྱའམ་ཉེར་གཅིག་གམ་བདུན་ཙམ་བཟླའོ། །ཧཱུྃ་དྷ་ར་དྷ་དྷ། མཁའ་འགྲོ་མ་རྣམས་ཁྲོས་པའི་སྔགས་འདི་གལ་ཆེ་ན་ཅུང་ཟད་བཟླས་མང་བར་མི་བྱའོ། །ཞེས་པ་འདི་རཱ་ག་ཨ་སྱས་ནད་དྲག་པོའི་བཏབ་ནས་འཆི་བའི་རྟགས་མང་དུ་ཚང་ནས་བྱུང་དུས། འདི་ལྟར་ཡིད་ཀྱིས་གསོལ་བ་བཏབ་པས། ཕྱིས་ནད་ལས་གྲོལ་ཏེ་དུས་གཞན་ལ་མི་ཕན་


CMR044_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་སྙམ་ནས་ཡི་གེར་བཀོད་པ་ཡིན།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་རྐྱེན་སེལ་སུན་ཟློགnext