Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུན་ཟློག་དཔའ་བོ་གདན་བཞུགས་ཀྱི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསུན་ཟློག་དཔའ་བོ་གདན་བཞུགས་ཀྱི་གསོལ་འདེབས།next

སུན་ཟློག་དཔའ་བོ་གདན་བཞུགས་ཀྱི་གསོལ་འདེབས།


CMR044_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཟློག་དཔའ་བོ་གདན་བཞུགས་ཀྱི་གསོལ་འདེབས་བཞུགས་སོ།།


CMR044_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཌཱཀི་ནཱི་ཡེ། རང་བཞིན་དག་པའི་གནས་མཆོག་ནས༔ བཅོམ་ལྡན་པདྨ་ཐོད་ཕྲེང་རྩལ༔ ས་ལ་གནས་དང་ཚེ་ལ་དབང་༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་སོགས༔ རིག་འཛིན་རྣམས་ལ་གསོལ་བ་འདེབས༔ རིག་འཛིན་སུན་མ་བཟློག་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རང་བྱུང་ཨོ་རྒྱན་གནས་མཆོག་ནས༔ རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ ཡབ་ཡུམ་སྐུ་ཡི་དཀྱིལ་འཁོར་ནས༔ འབུམ་ཚོ་ཉི་ཤཱུ་ཐམ་པ་ཡི༔ མཁའ་འགྲོར་བཅས་ལ་གསོལ་བ་འདེབས༔ དཔའ་བོ་མཁའ་འགྲོའི་སུན་མ་དང་༔ ཡེ་


CMR044_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སུན་མ་བཟློག་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ མཁའ་དབྱིངས་བདེ་ཆེན་ཞིང་ཁམས་ནས༔ བདུད་འདུལ་མ་དང་དངོས་གྲུབ་དཔལ༔ དྲི་མེད་མ་དང་ཕྲིན་ལས་བདག༔ སངས་རྒྱས་མཁའ་འགྲོ་ལ་སོགས་པ༔ རིགས་ལྔའི་མཁའ་འགྲོ་འབུམ་ཕྲག་ལྔར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབྱིངས་ཀྱི་སུན་མ་བཟློག་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛམ་གླིང་གནས་མཆོག་ཉེར་བཞི་ནས༔ མཁའ་འགྲོ་དཔའ་བོ་ཉི་ཤཱུ་བཞི༔ འཁོར་ནི་བྱེ་བ་འབུམ་ཕྲག་སྟེ༔ ལ་ལ་མི་སྡུག་རྒན་མོར་སྟོན༔ ལ་ལ་


CMR044_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ཚུལ་མཛེས་པའི་གཟུགས༔ ཅིར་ཡང་སྤྲུལ་ལ་གསོལ་བ་འདེབས༔ གནས་སྐྱེས་སུན་མ་བཟློག་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོ་རྒྱན་ཡུལ་གྱི་ཕྱོགས་མཚམས་ན༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ མཁའ་འགྲོ་བརྒྱད་དང་གདོང་ཅན་བརྒྱད༔ ཞིང་སྐྱོང་ཕྱོགས་སྐྱོང་ལ་སོགས་པ༔ འབུམ་ཕྲག་དུ་མའི་འཁོར་བཅས་པའི༔ དུར་ཁྲོད་མཁའ་འགྲོར་གསོལ་བ་འདེབས༔ ཤ་ཟའི་སུན་མ་བཟློག་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འདི་ནས་་གཡུ་མཚོ་མུ་ལེ་མཐིང་གི་དབུས༔ རིན་ཆེན་ཐོད་པའི་སྐུ་མཁར་ནས༔ དཔལ་ལྡན་ལྷ་མོ་དཔོན་དང་གཡོག༔ ནག་མོ་འབུམ་སྡེ་འཁོར་བཅས་ལ༔ གསོལ་བ་འདེབས་སོ་མ་གཅིག་མ༔ སྔགས་སྐྱེས་ལས་སྐྱེས་མཁའ་འགྲོ་ཡི༔ སུན་མ་ཐམས་ཅད་བཟློག་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བོད་ཁམས་སྐྱོང་བའི་བརྟན་མ་དང་༔ ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི༔ ཕོ་ཉ་ལས་མཁན་ཐམས་ཅད་ཀྱང་༔ མི་གཙང་ལས་ལ་གྲུབ་པ་ཡི༔ ཤ་ཁྲག་དབུགས་ལ་མ་འཕྲོག་པར༔ བྱམས་པའི་སེམས་ཀྱིས་གནས་པར་གྱིས༔ འཇིག་རྟེན་སུན་མ་བཟློག་ཏུ་གསོལ༔


CMR044_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱི་རུ་གནས་མཆོག་ཉི་ཤཱུ་བཞི༔ ནང་དུ་རྩ་རླུང་ཐིག་ལེའི་གཟུགས༔ གཞན་དུ་ལྷ་སྔགས་དཀྱིལ་འཁོར་ཅན༔ མཁའ་འགྲོའི་ཚོགས་རྣམས་དགོངས་སུ་གསོལ༔ ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ ཐོབ་དཀའི་དལ་འབྱོར་ཐོབ་དུས་འདིར༔ ཐོས་བསམ་སྒོམ་མཐར་མ་ཕྱིན་བར༔ ཚེ་ལ་བར་ཆད་མི་གཏོང་གསོལ༔ ལོ་བརྒྱ་ནང་གི་ཐོག་གཅིག་ལྟར༔ གསང་སྔགས་འབྲས་བུ་དར་དུས་འདིར༔ བསྐྱེད་རྫོགས་མཐའ་རུ་མ་ཕྱིན་བར༔ སྲོག་ལ་བར་ཆོད་མི་གཏོང་གསོལ༔ བྱང་ཆུབ་སྒྲུབ་པའི་ལུས་སྲོག་ལ༔ བར་ཆད་བརྩམས་ན་མཁའ་འགྲོ་མིན༔ གནས་དང་ཞིང་གི་མཁའ་འགྲོ་ཡི༔ རྩ་རླུང་མཁའ་འགྲོ་གསོད་ལགས་སམ༔ རྒྱལ་བའི་རྣལ་འབྱོར་མ་རྒྱུད་དུ༔ དུས་ལ་བབ་ན་འཕོ་བྱ་སྟེ༔ དུས་མིན་ལྷ་རྣམས་གསོད་བྱེད་པ༔ ལྷ་རྣམས་བསད་པ་ཙམ་གྱིས་ནི༔ ངན་འགྲོར་འགྲོ་བ་མ་གསུང་ངམ༔ དེ་བས་རང་སྲོག་མ་གཅོད་པར༔ སྲུང་དང་བསྐྱབ་དང་སྦ་བ་དང་༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་དྷཱ་ཀི་ནཱི་ས་ར་མུ་ཁུ་ས་དུ་ན་ཟློག༔ ཅེས་པའི་སྔགས་དེ་བདེ་ཆེན་དཀར་མོའི་ཏིང་ངེ་འཛིན་


CMR044_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྒྱ་རྩ་བརྒྱད་བཟླས་སོ༔ ཞེས་པ་འདི་རང་གཞན་ལ་མཁའ་འགྲོའི་གདོན་གྱིས་རྨིས་ལྟས་དང་༔ དངོས་སུ་ན་ཚ་མོད་ཅིང་དོན་མེད་པར་ཁང་པའི་འོག་དང་དྲུང་དུ་བྱ་རྒོད་བབ་པ་དང་། ཁ་ཅིག་ན་ནི་འཛུལ་བ་འདྲ་བ་གཅིག་ལ་རྒྱ་ར་ནས་ཡིན་ཟེར་བའི་མི་སྔོན་པོ་རུས་རྒྱན་ཅན་གཅིག་བྱུང་ནས་ཁྱོད་རྒྱ་གར་དུ་འགྲོ་དགོས་ཟེར་བ་སོགས་ཆོ་འཕྲུལ་དུ་མ་བྱུང་ཡང་། དྲི་མེད་དང་བརྟན་སྐྱོང་སུན་ཟློག །དཔའ་བོ་གདན་བཞུགས་སོགས་བྱེད་པ་ནི། བྱེད་མཁན་དང་ཡོ་བྱད་སོགས་གཞུང་དང་མཐུན་པ་ནི་རྙེད་དཀའ་ཞིང་། གཞུང་དང་མི་མཐུན་པའི་ཕྱོགས་མཚོན་ཙམ་བྱས་ཀྱང་ཕན་ཡོན་ནི་འོང་བར་དཀའ། སྡེར་སུན་འདྲ་རང་གི་བྱེད་ཆོག་ཀྱང་བཟློག་ཆུང་བས་ཡང་ཡང་དགོས་པ་འདྲ་བ་ཞིག་བྱུང་ནས། གསོལ་འདེབས་སུན་བཟློག་འབྲུག་ལུགས་ལ་གྲགས་ཆེ་ཞིང་། ཀར་ལུགས་དུས་མིན་འཆི་ཟློག་ལ་ཡང་དོན་གྱིས་དེར་སྣང་། འདོད་དོན་གང་ལ་ཡང་གསོལ་འདེབས་རུང་བར་གསུངས་གདའ་བས། མཁའ་འགྲོའི་སྙིང་ཐིག་འབུམ་བསྐུལ་དང་། །བདེ་མཆོག་སྙན་རྒྱུད་སུན་ཟློག་དང་། །བསྟུན་ཏེ་ཡར་གྱི་བཅུ་བཞིར་བྲིས། །ལྷབ་ཁ་ཡིན་པར་མི་དགོངས་འཚལ། །སྤྱི་འདིའི་སྟོད་ཆ་མཁའ་འགྲོའི་བརྡའ་སྐད་དང་། སྨད་ཆ་དལ་ཁྲམ་གྱི་སྐོ་སྡོང་བྱ། སྔགས་དེས་ཡུངས་ཀར་སྔགས་ལ་བསྲུང་བྱ་རེ་རེ་ལ་ཡུངས་ཀར་བདུན་རེ་བཏགས་ཀྱང་རུང་། སྤྱི། ཞེས་༧ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །།


previousསུན་ཟློག་དཔའ་བོ་གདན་བཞུགས་ཀྱི་གསོལ་འདེབས།next