Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་མཁའ་འགྲོའི་སུན་ཟློག་དཔའ་བོ་གདན་བཞུགས་ལག་ལེན་འཕྱོང་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་མཁའ་འགྲོའི་སུན་ཟློག་དཔའ་བོ་གདན་བཞུགས་ལག་ལེན་འཕྱོང་དང་བཅས་པ།next

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་མཁའ་འགྲོའི་སུན་ཟློག་དཔའ་བོ་གདན་བཞུགས་ལག་ལེན་འཕྱོང་དང་བཅས་པ།


CMR044_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ མཁའ་འགྲོའི་སུན་ཟློག་དཔའ་བོ་གདན་བཞུགས་ལག་ལེན་འཕྱོང་དང་བཅས་པ་བཞུགས་སོ༔


CMR044_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་པདྨ་འབྱུང་གནས་ཡབ་ཡུམ་དང་༔ དབང་ཆེན་མཁའ་འགྲོའི་ཚོགས་དང་བཅས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ དབང་པོ་རབ་ལས་གྱུར་པ་ཡི༔ བཙུན་པ་དང་སྔགས་པ་སྐྱེས་པ་དང་བུད་མེད༔ དེ་རྣམས་ལ་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་རྣམས་ཀྱིས་མཁའ་སྤྱོད་དང་༔ ཨོ་རྒྱན་དང་བདེ་བ་ཅན་རྣམས་ནས་ཁྲིད་པའི་སུན་མ་རྣམས༔ རླུང་རྟ་འཕྲོད་པའི་དུས་སུ་འོང་བས་དེ་བཟློག་པ་ནི༔ མཁའ་འགྲོའི་སུན་ཟློག་མང་དུ་ཡོད་ཀྱང་རྒྱས་བསྡུས་འབྲིང་གསུམ་ཡོད༔ རྒྱས་པ་ལ་བཅུ་གསུམ་འབྲིང་པོ་ལ་བདུན་ནམ་ལ༔ ཐ་མ་གསུམ་སོགས་ཀྱི་གཞི་ཡང་རབ་རྡུལ་ཚོན་པདྨ་འདབ་བཞི༔ དབུས་སུ་འཁོར་ལོ་སོགས་རིགས་ལྔའི་ཕྱག་མཚན་ཁ་དོག་དང་


CMR044_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་མཚོན་གྱིས་ཁ་བསྒྱུར་བའོ༔ ཐ་མ་སྟེགས་བུའམ་གཞི་དཀར་པོར་ཚོམ་བུ་བཀོད༔ རྒྱས་པར་བསྐང་མདོས་བྱེད་ན་ཁམ་ས་ན་པོ་ལ་རིན་པོ་ཆེ་བརྡར་ལ༔ རི་རབ་བང་རིམ་བདུན་པའི་སྟེང་དུ༔ རྣམ་རྒྱལ་བུམ་པ་ལྕོག་གཞི་དང་བཅས་པ༔ རི་རབ་མཐར་ལྕགས་རི༔ དེའི་བར་དུ་གླིང་བཞི་གླིང་ཕྲན་དང་བཅས་པ་བྱ༔ དེ་ལ་བཀོད་པའི་ཡས་ནི༔ དབུས་སུ་མཁའ་འགྲོ་བོང་ཞོན་དང་༔ དཔའ་བོ་ཞུབ་ཅན་སྟག་ལ་ཞོན་པའི་མཐར༔ ཤར་དུ་དྲེལ་ཞོན༔ ལྷོར་གླང་ཞོན༔ ནུབ་ཏུ་འབྲུག་ཞོན༔ བྱང་དུ་རྨ་བྱ་ཞོན་པ་བཀོད་དོ༔ རི་རབ་བང་རིམ་དང་པོར་གར་མཁན༔ དེ་འོག་ལ་མཆོད་པའི་ལྷ་མོ༔ དེ་འོག་ཁྱུང་ལ་སོགས་པའི་འདབ་ཆགས༔ དེ་འོག་སེངྒེ་ལ་སོགས་གཅན་གཟན༔ དེ་འོག་མར་མེ་ལ་སོགས་ལྷ་བཤོས༔ དེ་འོག་རི་


CMR044_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་སྣ་ཚོགས༔ མི་ནོར་སྣ་དགུ་ལ་སོགས་བསགས༔ དེ་འོག་ལ་དར་འཕན་སྟག་གཟིག་རྒྱལ་མཚན༔ འབྲུ་དང་ཟས་སྣ་ཚོགས༔ རིན་པོ་ཆེ་སྣ་ཚོགས༔ འབྲང་རྒྱས་སྨན་ལེབ༔ ཕྱི་བ་ཏིང་ལོ༔ གླུད་ཕྲན༔ ཤ་ཟན༔ རྟ་ཁལ༔ དྲེལ་ཁལ༔ གཡག་ཁལ་ལ་སོགས་པ་བཀོད༔ མདའ་འཕང་ནམ་མཁའ༔ རྒྱང་བུ༔ ཕོ་གདོང་༔ མོ་གདོང་ལ་སོགས་བཅུ་གསུམ་སོགས་བྱའོ༔ སྟེང་ན་ནམ་གདུགས་སམ༔ དར་མཐིང་ཀའི་གདུགས་ཕུབ་པའོ༔ ༈ གཏོར་མ་ལ་བརྟེན་ན༔ དབུས་སུ་དཔལ་གཏོར་ཆེ་བ་གཅིག་ལ༔ རྩེ་མོར་བོང་ཞོན༔ སྨད་དུ་དུད་འགྲོ་ལ་སོགས་གཟུགས་བརྙན་རྣམས་བཀོད་པ་གོང་དང་འདྲ་བ་ལ༔ སྡེ་བརྒྱད་ཀྱི་ཡས་དང་༔ དྲེལ་ཁལ་ལ་སོགས་གླུད་རྫས་ཀྱིས་མཐའ་བསྐོར༔ ༈ མང་སྡེར་ཆ་ལ་བརྟེན་པར་བྱེད་ན༔ དབུས་སུ་བན་དེ་ལ་ལྷ་ཁང་༔ སྔགས་པ་ལ་མཆོད་རྟེན༔ སྐྱེས་པ་ལ་མཁར་དང་དཔལ་བཤོས༔ བུད་མེད་ལ་ཁང་པ་སྨན་ལེབ་སོགས་གང་དགོས་རིགས་པས་དཔག་སྟེ་བྱ༔ དེ་རྣམས་ལ་དབུས་སུ་དཔའ་བོ་སྟག་ཆས་ཅན་བོང་ཞོན་ལ་སོགས་མདོས་དང་མཐུན་ཏེ༔ ཤར་དུ་བོང་ཞོན༔ ལྷོར་རྟ་ཞོན༔ ནུབ་ཏུ་འབྲུག་ཞོན༔ བྱང་དུ་རྨ་བྱ་ཞོན་པ་བཀོད༔ དེའི་ཕྱིར་གར་མཁན༔ དེའི་ཕྱིར་འདབ་ཆགས༔ དེའི་ཕྱིར་གཅན་གཟན༔ དེའི་ཕྱིར་མར་མེ་ལྷ་བཤོས༔ དེའི་ཕྱིར་མི་ནོར་ལ་སོགས་དུད་འགྲོའི་རིགས༔ དེའི་ཕྱིར་མཆོད་པའི་ལྷ་མོ༔ གར་མཁན་གྱི་ཕྱི་བསྐོར་ཡང་མི་འགལ༔ དེའི་ཕྱིར་འབྲང་རྒྱས་ལ་སོགས་ཁ་བཀང་


CMR044_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་༔ སྡེ་བརྒྱད་ཡས་ལ་སོགས་བཀོད་ཆས་རྣམས་བསག་གོ༔ རྣམ་ལྔའི་མཆོད་པ་རྣམས་རྒྱས་པར་བཤམས༔ ཡང་ཡོན་བདག་གི་ངར་གླུད་ཁྲུ་གང་ལ་སྐྲ་སེན་དང་གོས་བཀོན༔ གླུད་ཕྲན་ལོ་སྐོར་བཅུ་གཉིས་ཀྱིས་བསྐོར༔ དཔུང་པ་གཡས་སུ་ཕོ་ཤིང་གཡོན་དུ་མོ་ཤིང་ལ་ཉ་ག་ལོའི་གྲངས་བྱས་ལ་འཛུགས༔ གཞན་ཡང་དྲི་གླུད་གཉིས་བྱ༔ རྩ་བ་གསུམ་གྱི་ཚོགས་གཏོར་དང་༔ འབྲང་རྒྱས་ཕྱེ་མར་ལ་སོགས་བཀྲ་ཤིས་རྫས་ཚོགས་ཚད་བསག་གོ༔ སུན་ཟློག་དར་ལམ་བཅད་པ་ལ་སོགས་དང་༔ གླུད་གཏོར་ལག་ལེན་རྣམས་ཞལ་ཤེས་སོ༔ དེ་ནས་རྩ་བ་གསུམ་གྱི་ལས་བྱང་གཞུང་བསྲང་ལ༔ ཚོགས་དང་བསྐང་བ་རྒྱས་པར་བྱས་ཏེ༔ སྐབས་འདིར་སུན་ཟློག་བྱ་བ་འདི་སྐད་དོ༔ ༈ སུན་བཟློག་དཔའ་བོ་བསྐྱེད་ཆོག་ནི༔ པད་འབྱུང་ཌཱཀིའི་ཚོགས་ལ་ཕྱག་འཚལ་ལོ༔ གཞུང་ལྟར་བཅས་རྣམས་ཚར་ནས་ལས་བྱང་བཏང་༔ ཆུ་གཙང་བདུད་རྩིས་མདོས་བྲན་འདི་སྐད་དོ༔ ཨོཾ་ཧཱིཔདྨནྟ་ཀྲྀཏ་སོགས་ཀྱིས་བསངས༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་མ་ཀྲྀ་བརྡལ་བའི་སྟེང་དུ་མདོས་གཞི་དབང་ཆེན་གསེར་གྱི་ས་གཞི༔ གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པ༔ བཀྲ་ཤིས་པའི་རྟགས་བརྒྱད༔ རྒྱལ་སྲིད་རིན་པོ་ཆེ་སྣ་བདུན༔ འདོད་པའི་ཡོན་ཏན་ལྔ༔ མཆོད་པའི་ལྷ་


CMR044_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཅུ་དྲུག༔ རིན་པོ་ཆེ༔ འབྲུ་སྨན། དར་ཟབ༔ བྱ་རིགས་སྣ་ཚོགས། གཅན་གཟན་སྣ་ཚོགས༔ རི་དྭགས་སྣ་ཚོགས༔ གཡུང་དྭགས་སྣ་ཚོགས་ཕུན་སུམ་ཚོགས་པ་འཁོར་ལོས་སྒྱུར་བའི་མངའ་ཐང་ལྟ་བུ༔ སྐུ་གཟུགས་རིན་ཆེན་རྒྱ་ཆེན་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས༔ དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་འོད་དང་འོད་ཟེར་འབར་བ༔ དེའི་གནས་ལྔར་རྒྱལ་བ་རིགས་ལྔ་ཡུམ་ལྔའི་ཕོ་བྲང་༔ དབང་པོ་ཚོགས་དྲུག་ལ་བྱང་ཆུབ་སེམས་དཔའ་སེམས་མ༔ ལུས་ཀྱི་རྩ་གནས་རྣམས་སུ་གནས་ཉི་ཤཱུ་རྩ་བཞི་དང་ཡུལ་སུམ་ཅུ་སོ་གཉིས༔ བ་སྤུ་བྱེ་བ་ས་ཡ་ལ་མཁའ་འགྲོ་བྱེ་བ་ས་ཡའི་ཕོ་བྲང་༔ ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ༔ དཔའ་བོ་མཁའ་འགྲོ་ཐམས་ཅད་མཉེས་ཤིང་ཚིམ་པར་བསྐྱེད་ནུས་པ༔ འབྲུ་མཆོག་ངར་གྱི་མི་ཆེན་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ འགྲོས་མཁས་ལྡེམ་ལྡེམ༔ སྨྲ་མཁས་ལྗགས་ལྗགས༔ རང་འདྲ་བའི་སྤྲུལ་པ་དུ་མ་འཕྲོ་བས༔ སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དགའ་ཞིང་ཚིམ་ནུས་པར་གྱུར༔ དེ་ཐམས་ཅད་གཟུགས་ལྟ་ན་སྡུག་པར་གྱུར་ཅིག་ཨོཾ༔ སྒྲ་སྙན་ཅིང་ཡིད་དུ་འོང་བར་གྱུར་ཅིག


CMR044_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར་ཅིག་ཧཱུྃ༔ སོ་སོར་ཇི་ལྟར་འདོད་པ་ཐོབ་པར་གྱུར་ཅིག་སྭཱ༔ ཐམས་ཅད་མཉེས་ཤིང་ཚིམ་པར་གྱུར་ཅིག་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མདོས་ཀྱི་སྟེང་རི་རབ་ཀྱི་རྩེ་མོར་ཕྱི་རིན་པོ་ཆེ་ལ་ནང་ཐོད་པ་སྐམ་རློན་བརྩེགས་པའི་གཞལ་ཡས་སྒོ་གྲུ་རྟ་བབས་ཆོས་འཁོར་ཡོངས་སུ་རྫོགས་པའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་རྡོ་རྗེའི་རྭ་གུར་མེ་རི་དང་བཅས་པའི་དབུས་སུ༔ ཆོས་འབྱུང་བསྣོལ་མ་པད་ཉི་དང་རོའི་གདན་ལ་ཧྲཱིདང་མ་ལས་འོད་འཕྲོས་དོན་གཉིས་བྱས་ཡོངས་སུ་གྱུར་པ་ལས༔ དཔའ་བོ་རྟ་མགྲིན་ཡབ་ཡུམ་རྡོ་རྗེ་ཕག་མོ་དང་འཁྲིལ་ནས་རྟ་སྐད་དང་ཕག་མོའི་ངུར་སྒྲས་དཔའ་བོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་པ༔ དེའི་སྟེང་གི་ནམ་མཁའ་ལ་པདྨ་འབྱུང་གནས་ཡབ་ཡུམ་རྡོ་རྗེ་འཆང་གི་ཆ་ལུགས་ལ་གུ་རུ་མཚན་བརྒྱད་གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་ལ་སོགས་པ་རྒྱ་བོད་ཀྱི་རིག་འཛིན་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཐམས་ཅད་ནམ་མཁའ་ལ་སྤྲིན་ལྟར་འཁྲིགས་པ་བར་སྣང་ལ་ཆེ་མཆོག་དཔལ་དགུ་སོགས་རྒྱུད་སྡེ་དྲུག་གི་ལྷ་ཚོགས༔ ས་གཞིར་གིང་ཡབ་ཡུམ་བཅུ་དྲུག་རིགས་བཞི་དཔའ་བོ་


CMR044_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བྱེ་བ་དུང་ཕྱུར༔ ཕྱི་ཁྱམས་ལ་མ་མགོན་ལྕམ་དྲལ་སོགས་ཡེ་ཤེས་འཇིག་རྟེན་གྱི་ཆོས་སྐྱོང་ཐམས་ཅད༔ དུར་ཁྲོད་བརྒྱད་ལ་དུར་ཁྲོད་ཀྱི་ཤ་ཟ་དང་ཞིང་སྐྱོང་༔ བར་མཚམས་རྣམས་སུ་བརྟན་མ་དང་སྡེ་བརྒྱད་ཐམས་ཅད་ཁྲོམ་ལྟར་འཚོགས་པའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་༔ རང་རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར༔ ཅེས་ཨ་རཱ་གས་སོ། །སྤྱན་འདྲེན་པ་ནི༔ ཧཱུྃ༔ དགོངས་ཤིག་སྤྲོས་པ་མེད་པའི་དབྱིངས༔ རང་བཞིན་མཐའ་བྲལ་ངང་ཉིད་ལས༔ ཀུན་རྫོབ་སྒྱུ་མ་ལྟ་བུ་ལ༔ ཐུགས་རྗེ་སྤྲུལ་པའི་སྐུ་བཞེངས་ཤིག༔ དུར་ཁྲོད་རབ་ཏུ་འབར་བའི་དབུས༔ རིན་ཆེན་ལས་གྲུབ་གཞལ་ཡས་ཁང་༔ ཐོད་རུས་བརྩེགས་པའི་སྐུ་མཁར་ནས༔ པདྨ་ཉི་ཟླ་གདན་དུ་བཏིང་༔ ཏི་ར་བམ་ཆེན་གཅལ་དུ་བཀྲམ༔ དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་༔ རབ་འཇིགས་གནས་མཆོག་ཆེན་པོ་འདིར༔ སྤྱན་འདྲེན་བཞུགས་སུ་གསོལ་བ་ནི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས་


CMR044_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རྡོ་རྗེ་སེམས་དཔའ་ལ་སོགས་པའི༔ རིགས་ལྔ་བྱང་ཆུབ་སེམས་དཔའི་ཚོགས༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་དང་༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ སྟོབས་ཆེན་ཁྲོ་རྒྱལ་མ་ལུས་དང་༔ རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དགའ་རབ་འཇམ་དཔལ་བཤེས་གཉེན་དང་༔ ཤི་རི་སེདྷ་ཀུན་དགའ་བོ༔ ཨིནྡྲ་བོ་དྷི་ཧཱུྃ་ཀཱ་ར༔ ཀླུ་སྒྲུབ་པྲ་ཆེན་ཧ་ཏི་དང་༔ བི་མ་མི་ཏྲ་སཾསྐྲྀ་ཏ༔ རོ་བུ་ཤརྙིང་གཅུ་སོགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ པདྨ་བཛྲ་ས་ར་ཧ༔ ལུ་ཧི་པ་དང་ཀུ་ཀུ་རི༔ བིར་བ་པ་དང་ནག་པོ་སྤྱོད༔ སངས་རྒྱས་གསང་བ་ལ་སོགས་པའི༔ གྲུབ་ཆེན་བརྒྱ་དང་བརྒྱད་ཅུའི་ཚོགས༔ མཐུ་སྟོབས་རྫུ་འཕྲུལ་དཔག་མེད་རྣམས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བུདྡྷ་བཛྲ་རཏྣ་དང་༔ པདྨ་ཀརྨ་ལོ་ཀ་སོགས༔ ཡེ་ཤེས་དང་ནི་ལས་ལ་གྲུབ༔ མཁའ་འགྲོ་བྱེ་བ་འབུམ་ཚོགས་ཀྱང་༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྔོན་


CMR044_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམ་ཚིག་ཇི་བཞིན་དུ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དཔལ་མགོན་ནག་པོ་འཁོར་བཅས་ལ༔ བདུད་ཕོ་འབུམ་གྱི་ཚོགས་དང་བཅས༔ མ་གཅིག་དཔལ་ལྡན་ལྷ་མོ་ཡང་༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར༔ ཨཱ་ར་ལི་ཡི་ཚོགས་རྣམས་ཀུན༔ གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དེ་ལྟར་མ་ལུས་ཐམས་ཅད་ཀུན༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཕྱག་འཚལ་ཕྱི་ནང་གསང་བ་ཡི༔ སྨན་གཏོར་རཀྟའི་མཆོད་ཚོགས་འབུལ༔ སྡིག་བཤགས་དགེ་ལ་རྗེས་ཡི་རང་༔ ཆོས་འཁོར་བསྐོར་ཞིང་བསྐལ་པར་ཡང་༔ གྲངས་མེད་འགྲོ་བའི་དོན་ལ་བཞུགས༔ སྐྱབས་གསོལ་བྱང་ཆུབ་ཆེན་པོར་བསྔོ༔ ༈་དཔའ་བོ་གདན་བཞུགས་ཀྱི་མར་དབྱེ་ནི༔ གང་ཞིག་སུན་ཟློག་བྱེད་པའི་ཚེ༔ རྒྱབ་འདྲེ་བཀར་ཐབས་འདི་མེད་ན༔ ལྷ་མིའི་བར་དུ་དབྱེན་བྱེད་ཅིང་༔ བཀྲ་མི་ཤིས་ཤིང་ཕན་མི་ཐོགས༔ དེ་ཕྱིར་སྣ་འདྲེན་བཀར་ཐབས་ནི༔ བང་བའམ་ནི་རྡོ་ལེབ་སྟེང་༔ བཤོས་བུ་མཁར་ཐབས་ནག་པོ་བཞག། གཡས་སུ་བཤོས་བུ་དམར་པོ་དང་༔ གཡོན་དུ་བཤོས་བུ་སྦྲུལ་དཀྲིས་བཞག༔ གཞན་ཡང་ཏིང་ལོ་འབྲང་རྒྱས་དང་༔ འབྲུ་ནགེ་ཚྭ་གཡེར་རམ་རུག་བླུག༔


CMR044_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ངར་མི་ཆངས་བུ་གོས་དུམ་བཞག༔ དེ་བཞིན་གཤེགས་པ་བཞིའི་མཚན་དང་ནི༔ ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབ༔ ག༽སྟོང་པའི་ངང་ལས་སའི་མཎྜལ་གྲུ་བཞི་པའི་སྟེང་དུ༔ བུད་མེད་ནག་མོ་བྱ་མོ་ལ་ཞོན་པ་ཁྲམ་ཤིང་དང་ནད་རྐྱལ་ཐོགས་ནས་རྒྱབ་ཏུ་བུ་ཆུང་གི་མགོ་ཕྲེང་ཁུར་བ༔ རྗེས་སུ་ཁྱི་དཀར་འབྲང་བ༔ བུད་མེད་དམར་མོ་སྲེ་མོང་ལ་ཞོན་པ༔ ཁྲམ་ཤིང་དང་ཞགས་པ་ཐོགས་ནས་ནད་རྐྱལ་ཁུར་བ༔ གཞན་ཡང་ལྷ་སྲིན་སྡེ་བརྒྱད་ཀྱི་འདྲེ་ལྔ་དང་ཁྲིམ་འཛིན༔ འདྲེ་མོ་སྤུན་དགུ་ལ་སོགས་པ་སུན་མའི་སྣ་འདྲེན་ཐམས་ཅད་མངོན་སུམ་ལྟ་བུར་གསལ་བར་གྱུར༔ ཀྱཻ༔ སྲིད་ལྷ་འོད་དཀར་ལ་སོགས་ཏེ༔ ལྷ་ཡི་འདྲེ་ལྔ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་འཁོར་འདིར་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ༔ བདུད་རྨང་འཁྲུག་པ་ལ་སོགས་པའི༔ བདུད་ཀྱི་འདྲེ་ལྔ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་བདུད་ཀྱི་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ༔ རྨུ་རྗེ་བཙན་པོ་ལ་སོགས་པའི༔ དམུ་ཡི་འདྲེ་ལྔ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་དམུ་ཡི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ༔ སྐྱེས་བུ་ལུང་བཙན་ལ་སོགས་པའི༔ བཙན་གྱི་འདྲེ་ལྔ་ཡས་དང་སྟགས་


CMR044_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབྱེ༔ ཕྱིན་ཆད་བཙན་གྱི་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ༔ ཀླུ་གཉན་དེ་ཝ་ལ་སོགས་པའི༔ ཀླུ་ཡི་འདྲེ་ལྔ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་ཀླུ་ཡི་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ། གཉན་རྗེ་རྒྱལ་པོ་ལ་སོགས་པའི༔ གཉན་གྱི་འདྲེ་ལྔ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་གཉན་གྱི་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱེ་ནག་པོ་མིག་དགུ་ལ་སོགས་པའི༔ སྲིད་པའི་འདྲེ་ལྔ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་འདྲེ་ལྔའི་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ༔ ཡིད་ལ་འཇུག་པ་ལ་སོགས་པའི༔ བགེགས་ཀྱི་འདྲེ་ལྔ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་བགེགས་ཀྱི་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ༔ ས་སྲི་ནག་མོ་ལ་སོགས་པའི༔ འདྲེ་མོ་སྤུན་དགུ་ཡས་དང་སྟགས་ཀྱིས་དབྱེ༔ ཕྱིན་ཆད་འདྲེ་མོའི་སུན་མའི་སྣ་འདྲེན་མ་བྱེད་ཅིག༔ ཀྱཻ༔ བཤོས་བུ་མཁར་ཐབས་གྲུ་བཞི་དང་༔ བཤོས་བུ་དམར་ནག་གྲུ་གསུམ་དང་༔ འབྲིང་རྒྱས་ཏིང་ལོ་ཆངས་བུ་དང་༔ ངར་མི་འབྲུ་ནག་ཚྭ་སྒོག་སོགས༔ ཡས་སྟགས་རྣམ་པ་སྣ་ཚོགས་ཀྱིས༔ སྡེ་བརྒྱད་སུན་མ་དབྱེ་ཞིང་ཟློག༔ སྣང་སྲིད་ལྷ་འདྲེའི་སུན་མ་དབྱེ་ཞིང་


CMR044_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ ཕུང་པོ་ལུས་ལེན་སུན་མ་དབྱེ་ཞིང་ཟློག༔ ལྷ་ཡི་སུན་མ་བདུད་ཀྱིས་མ་འཁྲིད་ཅིག༔ ལྷ་བདུད་གདུག་པ་མ་སྟོན་ཅིག༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང་༔ སྒབ་འདྲེ་ལྔ་ཡི་སུན་མ་དབྱེ་ཞིང་བཀར༔ ཡེ་ཤེས་དཔའ་བོ་རིགས་ལྔ་དང་༔ སྒབ་འདྲེ་ལྔ་ཡི་སུན་མ་དབྱེ་ཞིང་བཀར༔ བརྟན་མ་བཅུ་གཉིས་སུན་མ་དང་༔ དབུགས་ལེན་བླ་ཁྱེར་སུན་མ་-། དབྱེ་ཞིང་བཀར༔ འཕེན་བྱེད་དར་བྱེད་སུན་མ་དང་༔ རྨང་ཞིང་རྒུད་པའི་སུན་མ་རྣམས༔ ས་ས་སོ་སོར་དབྱེའོ་ས་ལ་ལ༔ ཡེ་ཤེས་ལྷ་ཡི་སུན་མ་དང་༔ གནོད་བྱེད་གདོན་གྱི་ས་སུན་མ་རྣམས༔ ས་ས་སོ་སོར་དབྱེའོ་ས་ལ་ལ༔ དཔའ་བོ་ཐམས་ཅད་གཡས་སུ་བསྐྱལ༔ མཁའ་འགྲོ་ཐམས་ཅད་གཡོན་དུ་བསྐྱལ༔ འདྲེ་གདོན་ཐམས་ཅད་སོ་སོར་དབྱེ༔ གནོད་བྱེད་ཐམས་ཅད་ཐུར་དུ་བཀར༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ གནོད་ཅིང་འཚེ་བར་མ་བྱེད་པར༔ སོ་སོ་རང་རང་གནས་སུ་སོང་༔ ཕྱིན་ཆད་མི་གནོད་དམ་


CMR044_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཤིག༔ ཅེས་སྟེང་དུ་ཁྲུས་ཆུ་བླུག་ལ་ལོ་བདུད་ཕྱོགས་སུ་བསྐྱལ་ནས༔ མཚམས་གཅོད་སྲུང་འཁོར་བསྒོམ་པར་བྱའོ༔ ཞེས་ཨཱ་ར་གས་བསྡུས་ཏེ་དཔའ་བོ་གདན་བཞུགས་ཀྱི་ཁ་བཀང་དུ་སྦྱར་བའོ༔ ང༽ བཅོམ་ལྡན་རྣམ་སྣང་རྡོ་རྗེ་སེམས༔ ཆོས་ཀྱི་དབྱིངས་དང་མ་མཱ་ཀི༔ སེམས་དཔའ་ལྕམ་དྲལ་ལ་སོགས་ཏེ༔ ཞི་བ་ལྷུན་གྱིས་གྲུབ་པ་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལོ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་མཆོག་རྡོ་རྗེ་དབྱིངས་ཕྱུག་མ༔ བཀའ་བརྒྱད་ཡབ་ཡུམ་སྲས་དང་བཅས༔ ཁྲོ་བོ་རྨད་དུ་བྱུང་བ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལི་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་ལྷ༔ རིན་ཆེན་འབྱུང་ལྡན་ཡོན་ཏན་མཛོད༔ རྣམ་པར་སྣང་མཛད་སྐུ་ཡི་གཏེར༔ དོན་ཡོད་གྲུབ་པ་ཕྲིན་ལས་བདག༔ ཕྱོགས་བཅུའི་སངས་རྒྱས་


CMR044_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་༔ བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལོ་རྒྱན་རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ བཅོམ་ལྡན་བུདྨ་ཧེ་རུ་ཀ༔ ཡུམ་མཆོག་བུདྡྷ་ཀྲོ་ཏི་zམ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལི་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང༔ བ་ལོ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་


CMR044_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་སུན་མ་ཟློག༔ ཧཱུྃ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡུམ་མཆོག་པདྨ་མཁའ་འགྲོ་མ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལིཾ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཡུམ་མཆོག་ལས་ཀྱི་མཁའ་འགྲོ་མ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལི་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་༔ འཇམ་དཔའ་བཤེས་གཉེན་ཤྲཱི་སེངྷ་དང་༔ ཧཱུྃ་ཆེན་ཀཱ་ར་ཀླུ་སྒྲུབ་སྙིང་པོ་དང་༔ ཨིནྡྲ་བོ་དྷི་ལ་སོགས་པའི༔ རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱང་༔ རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལོ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལཿ་སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ དུས་གསུམ་སངས་རྒྱས་བསྟན་པ་སྲུང་༔ ལེགས་ལྡན་མགོན་


CMR044_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནག་པོ་སྟེ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ནག་པོ་སྟོང་གི་འཁོར་གྱིས་བསྐོར༔ ཤ་ཟ་འབུམ་ནི་ཕོ་ཉར་འགྱེད༔ མ་མོ་བྱེ་བ་ལས་ལ་བསྐུལ༔ ལྷ་མིན་དམག་བཟློག་སྟོབས་པོ་ཆེ༔ དུར་ཁྲོད་གནས་ནས་གཤེགས་སུ་གསོལ༔ ཕོ་རྒྱུད་ཆོས་སྐྱོང་སྲུང་མ་རྣམས༔ མ་ཧཱ་ཀཱ་ལའི་བཀའ་བྱུང་གིས༔ སུན་མ་བཟློག་ཕྱིར་གཤེགས་སུ་གསོལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལི་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་མཛད་པ༔ ཧེ་རུ་ཀ་ཡི་བཀའ་ཉན་དང་༔ ས་བརྒྱད་གནོན་པའི་སྤྲུལ་པ་སྟེ༔ མ་གཅིག་ལྷ་མོ་དཔོན་གཡོག་ལ་སྲིད་གསུམ་མ་མོའི་ཚོགས་ཀྱིས་བསྐོར༔ བྱང་ཤར་མཚམས་ནས་སྤྱན་འདྲེན་ནོ༔ རྫུ་འཕྲུལ་སྟོབས་ཀྱིས་གཤེགས་སུ་གསོལ༔ ནད་དང་རིམས་ཀྱི་བདག་མོ་ཁྱོད༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ནག་མོ་བྱེ་བའི་འཁོར་གྱིས་བསྐོར༔ མོ་རྒྱུད་ཆོས་སྐྱོང་སྲུང་མ་རྣམས༔ སུན་མ་བཟློག་ཕྱིར་གཤེགས་སུ་གསོལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་


CMR044_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ བ་ལི་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོ་མ་ལུས་དང་༔ མཁའ་ལྟར་དག་པའི་གཞལ་ཡས་ནས༔ མ་དང་མཁའ་འགྲོ་ཐམས་ཅད་དང་༔ མི་མངོན་དབྱིངས་ཀྱི་ཕོ་བྲང་ནས༔ དབྱིངས་ཀྱི་མཁའ་འགྲོ་མ་ལུས་དགོངས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལོ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ལས་ཀྱི་མཁའ་འགྲོ་མ་ལུས་དང་༔ འདོད་དགུ་ལྷུན་གྲུབ་གཞལ་ཡས་ནས༔ རིགས་ཀྱི་མཁའ་འགྲོ་ཐམས་ཅད་དང་༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ འཇིག་རྟེན་དྲེགས་པ་ཕོ་མོ་དང་༔ ཐོད་མཁར་འབར་བའི་གཞལ་ཡས་ནས༔ གིང་ཆེན་གིང་ཕྲན་ལ་སོགས་ཏ༔ འབུམ་ཕྲག་བྱེ་བ་ས་ཡ་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང་༔ བ་ལོ་རྒྱན་གྱི་གཏོར་མ་དང་༔ རྣམ་ལྔའི་མཆོད་པ་འདི་བཞེས་


CMR044_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ ༈ སྟོང་ཉིད་ཕྱག་རྒྱ་ཆེན་པོ་ཡིས༔ ཡེ་ཤེས་མཁའ་འགྲོའི་སུན་མ་ཟློག༔ བྱམས་དང་སྙིང་རྗེ་སེམས་བསྐྱེད་ཀྱིས༔ དབྱིངས་ཀྱི་མཁའ་འགྲོའི་སུན་མ་ཟློག༔ བསྟོད་བསྐུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ དར་ཚོན་སྣ་ལྔའི་མཆོད་པ་ཡིས༔ རིགས་ཀྱི་མཁའ་འགྲོའི་སུན་མ་ཟློག༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་ཡིས༔ རྡོ་རྗེ་མཁའ་འགྲོའི་སུན་མ་ཟློག༔ རིན་ཆེན་ལྔ་ཡི་རྒྱན་ཆ་ཡིས༔ རིན་ཆེན་མཁའ་འགྲོའི་སུན་མ་ཟློག༔ ཤ་ཆེན་སྤོས་ཀྱི་ལང་ལིང་གིས༔ པདྨ་མཁའ་འགྲོའི་སུན་མ་ཟློག༔ སྨན་སྣ་ཚང་བའི་དམ་རྫས་ཀྱིས༔ ལས་ཀྱི་མཁའ་འགྲོའི་སུན་མ་ཟློག༔ མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས༔ སངས་རྒྱས་མཁའ་འགྲོའི་སུན་མ་ཟློག༔ རྐང་གླིང་སྐད་དང་སྒྲ་དབྱངས་ཀྱིས༔ རིགས་ལྔ་མཁའ་འགྲོའི་སུན་མ་ཟློག༔ ཤ་སྣ་ཚང་བའི་གཏོར་མ་འདིས༔ འཇིག་རྟེན་མཁའ་འགྲོའི་སུན་མ་ཟློག༔ ཁྲག་སྣ་ཚང་བའི་གཏོར་མ་འདིས༔ ཤ་ཟ་མཁའ་འགྲོའི་སུན་མ་ཟློག༔ ཚིལ་ཆེན་གསུར་གྱི་དུད་པ་


CMR044_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདིས༔ གིང་ཆེན་གིང་ཕྲན་ལ་སོགས་པའི༔ དུར་ཁྲོད་བདག་མོའི་སུན་མ་ཟློག༔ དུང་ཆེན་རྐང་གི་གླིང་བུ་དང་༔ མཚན་ལྡན་གསང་བའི་རྔ་ཆུང་གིས༔ སྣ་ཚོགས་མཁའ་འགྲོའི་སུན་མ་ཟློག༔ མི་ལྤགས་གསར་རྙིང་གཡང་གཞི་འདིས༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ རྒྱ་མོ་ར་ཡི་གསུར་དུད་འདིས༔ དགྲ་བླའི་རྒྱལ་མོའི་སུན་མ་ཟློག༔ བསེ་བྱང་ཁྲ་བོ་དར་རྒྱན་འདིས༔ རྒྱལ་པོའི་ཚོགས་ཀྱི་སུན་མ་ཟློག༔ རླབས་ཆེན་ཁྱུང་དང་ངར་ཆེན་འབྲུག༔ རྩལ་ཆེན་སེངྒེ་ལ་སོགས་ཀྱིས༔ ལྷ་ཡི་རྒྱལ་པོའི་སུན་མ་ཟློག༔ མཚལ་བྱ་སྐད་སྙན་བྱ་རིགས་ཀྱིས༔ གཉན་གྱི་རྒྱལ་པོའི་སུན་མ་ཟློག༔ ལྕུང་ཀ་རོག་མོ་ལ་སོགས་དང་། གཤོག་ནག་བྱ་རིགས་ཐམས་ཅད་ཀྱིས༔ བདུད་ཀྱི་རྒྱལ་པོའི་སུན་མ་ཟློག༔ རྟ་རྐྱང་དྲེའུ་ལ་སོགས་པའི༔ རྔོག་ཆགས་སེམས་ཅན་ཐམས་ཅོད་ཀྱིས༔ དམུ་ཡི་རྒྱལ་པོའི་སུན་མ་ཟློག༔ སྟག་གཟིག་གུང་གསུམ་ལ་སོགས་པའི༔ གཅན་གཟན་རི་བཀྲ་སྣ་ཚོགས་ཀྱིས༔ གནོད་སྦྱིན་རྒྱལ་པོའི་སུན་མ་ཟློག༔ ཝ་དང་འཕར་བ་ལ་སོགས་པའི༔ གཅན་གཟན་དམར་པོ་ཐམས་ཅད་ཀྱིས༔ བཙན་གྱི་རྒྱལ་པོའི་སུན་མ་ཟློག༔


CMR044_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དར་ནག་བ་དན་སྣ་ཚོགས་དང་༔ ནག་པོའི་རྒྱན་ཆ་སྣ་ཚོགས་ཀྱིས༔ སྲིན་པོའི་རྒྱལ་པོའི་སུན་མ་ཟློག༔ ཤ་དགོ་རྣ་བ་ལ་སོགས་དང་༔ རི་དྭགས་གཟུགས་བརྙན་སྣ་ཚོགས་ཀྱིས༔ ས་བདག་རྒྱལ་པོའི་སུན་མ་ཟློག༔ གཡག་ལུག་ར་གསུམ་ལ་སོགས་པའི༔ ནོར་ཕྱུགས་གཟུགས་བརྙན་སྣ་ཚོགས་ཀྱིས༔ ཡུལ་ལྷའི་རྒྱལ་པོའི་སུན་མ་ཟློག༔ ཉི་ཟླ་འཇའ་ཚོན་བྲིས་པ་འདིས༔ གཟའ་བདུད་རྒྱལ་པོའི་སུན་མ་ཟློག༔ འབྲང་རྒྱས་ཏིང་ལོ་ཞལ་དཀར་འདིས༔ སྨན་ཕྲན་རྣམས་ཀྱི་སུན་མ་ཟློག༔ གསེར་གཡུ་རིན་ཆེན་ཁལ་བཀལ་འདིས༔ དཀོར་བདག་རྣམས་ཀྱི་སུན་མ་ཟློག༔ ཀྱཻ༔ ཤ་ཁྲག་དམར་གྱི་གཏོར་མ་འདིས༔ མགོན་པོ་ལེགས་ལྡན་ལ་སོགས་པའི་ཕོ་རྒྱུད་རྣམས་ཀྱི་སུན་མ་ཟློག༔ དར་ནག་བ་དན་གཡག་ནག་དང་༔ ལུག་ནག་བྱ་ནག་ཁྱི་ནག་སོགས༔ ནག་པོའི་རྒྱན་ཆ་དཔག་མེད་ཀྱིས༔ མགོན་པོ་རྣམས་ཀྱི་སུན་མ་ཟློག༔ དར་ནག་གོ་ཁྲབ་སྤྱན་གཟིགས་དང་༔ གསེར་གྱི་ར་སྐྱེས་སེར་པོ་དང་༔ དུང་གི་ར་སྐྱེས་དཀར་པོ་དང་༔ མཆོང་གི་ར་སྐྱེས་སྨུག་པོ་དང་༔ གཡུ་ཡི་ར་སྐྱེས་སྔོན་པོ་ཡི༔ རྡོ་རྗེ་ལེགས་པ་ལ་


CMR044_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི༔ སྐྱེས་བུ་རྣམས་ཀྱི་སུན་མ་ཟློག༔ ཁྱི་དཀར་རྟ་དཀར་བྱ་དཀར་དང་༔ གཡག་ལུག་ར་དཀར་ལ་སོགས་ཀྱིས༔ རྒྱལ་པོའི་སྡེ་རིགས་རྣམས་ཀྱི་སུན་མ་ཟློག༔ ཐོད་ལེ་སྐོར་དང་ཕ་ཝང་ལོང་བུ་དང་༔ བླ་གནས་རྡོ་རིགས་ཐམས་ཅད་ཀྱིས༔ ཐེའུ་རང་རྣམས་ཀྱི་སུན་མ་ཟློག༔ ཤ་སྣ་བརྒྱ་དང་རྩ་བརྒྱད་ཀྱིས༔ མ་མོ་རྣམས་ཀྱི་སུན་མ་ཟློག་སྨན་སྣ་བརྒྱ་དང་རྩ་བརྒྱད་ཀྱིས༔ མ་སྲིང་རྒྱ་མཚོའི་སུན་མ་ཟློག༔ ཞིང་ཆེན་བྷྱོ་དང་ཛས་བརྒྱན་འདིས༔ སྲིད་པའི་རྒྱལ་མོའི་སུན་མ་ཟློག༔ གསེར་གཡུ་རིན་ཆེན་སྣ་ཚོགས་འདིས༔ བྱང་སྨན་འབྲོག་སྨན་ཐམས་ཅད་དང་༔ བརྟན་མའི་གནོད་པ་ཞི་གྱུར་ཅིག༔ འབྲང་རྒྱས་ཏིང་ལོ་ཞལ་དཀར་འདིས༔ གཡའ་སྨན་མཚོ་སྨན་གངས་སྨན་དང་༔ ནགས་སྨན་ས་ཡི་ལྷ་མོ་དང་༔ ལྕགས་ཀྱི་ལྷ་མོ་མེའི་ལྷ་མོ༔ ནམ་མཁའི་ལྷ་མོ་ལ་སོགས་ཏེ༔ འབྱུང་བ་བཞི་ཡི་ལྷ་མོ་དང་༔ རི་རབ་རྩེ་ལ་གནས་པ་ཡི༔ ལྷ་ཆེན་ཚངས་པ་ལ་སོགས་ཏེ༔ ལྷ་རྣམས་སྡེ་ཚོགས་སུན་མ་ཟློག༔ ལྷ་ཡི་གཡུལ་ངོ་ད་བསྒྱུར་ཅིག༔ རི་རབ་རྩ་བར་བཞུགས་པ་ཡི༔ ས་བདག་རྩང་ཀུན་ལ་སོགས་ཏེ༔ ས་བདག་ཡོངས་ཀྱི་སུན་


CMR044_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟློག༔ ལྷ་སྲིན་གཡུལ་ངོ་ད་བསྒྱུར་ཅིག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཤ་ཡི་སུན་མ་ད་བསྒྱུར་ཅིག༔ ཁྲག་གི་སུན་མ་ད་བསྒྱུར་ཅིག༔ རུས་པའི་སུན་མ་ད་བསྒྱུར་ཅིག༔ དབང་པོའི་སུན་མ་ད་བསྒྱུར་ཅིག༔ རྣམ་ཤེས་གསལ་བའི་སྒྲོན་མེ་སྦོར༔ མི་ཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ མོ་ངན་འཚེར་རྩུབ་ད་བསྒྱུར་ཅིག །ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་༔ བན་བྱེད་བོན་བྱེད་སྔགས་ཟོར་ཟློག་ལོ་ཟླ་ཞག་སྐག་ཐམས་ཅད་དང་༔ གློ་བུར་བརྒྱ་དང་རྩ་གཅིག་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ ནག་རིགས་བཞི་བརྒྱ་རྩ་བཞི་དང་༔ དུས་མིན་འཆི་བ་རྣམ་བརྒྱད་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ རྩིས་བྱས་རྡེལ་བུ་ནག་པོ་དང་༔ མོ་ངན་རྨིས་ལྟས་ངན་པ་ཟློག༔ མི་ནག་སྐྱེ་བོའི་ཡ་ཁ་དང་༔ བྲན་གཡོག་ངན་པའི་དམོད་མཆུ་ཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ངན་དགུ་སྡིག་བཅུ་ཐམས་ཅད་སྒྱུར༔ མོ་ངན་པྲ་ངན་ཐམས་ཅད་སྒྱུར༔ བྷྱོབྷྱོ༔ ཟློག་ཟློག༔ གཏོར་མ་དུར་ཁྲོད་དམ་རི་རྩེར་བསྐྱལ༔ འབྲང་རྒྱས་ཕྱེ་མར་དངོས་


CMR044_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཏུ་བླང་༔ ལྷག་གཏོར་ལྷགས་མ་སྦྱིན་སྲེག་གྲུབ་ན་ལེགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་དམྱལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ༔ ཅ༽ དེ་ནས་ཤིང་རིས་བསྔོ་བ་ནི༔ ཧཱུྃ༔ རི་རབ་གླིང་བཞིའི་དཀྱིལ་འཁོར་ནས༔ རིགས་ཀྱི་མཁའ་འགྲོ་ཆེན་མོ་ལྔ༔ སྐུ་མདོག་རིགས་ཀྱི་ཁ་དོག་ཅན༔ ན་བཟའ་དར་གྱི་གོ་ཟུ་གསོལ༔ ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཚུལ་སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ ཞལ་ནས་ཧ་རི་ནི་ས་སྒྲོག༔ སྤྱན་གསུམ་སྡང་མིག་དགྲ་ལ་བལྟ༔ སྣ་ནས་ནད་ཀྱི་ན་བུན་འཐུལ༔ རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ རི་རབ་གླིང་བཞིའི་དཀྱིལ་འཁོར་འདིར༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི་ལུས་ངག་ཡིད་གསུམ་མདོས་བཏང་གི༔ བདུད་བཞི་ལས་རྒྱལ་རྒྱལ་མཚན་བཞི༔ མཁའ་འགྲོའི་སྐུ་དང་གཉིས་སུ་མེད༔ འཁོར་བའི་གཡུལ་བཟློག་རུ་མཚོན་བཞི་མཁའ་འགྲོའི་ཐུགས་དང་གཉིས་སུ་མེད༔ ཡེ་ཤེས་ལྔ་ལྡན་ནམ་མཁའ་འདི༔ མཁའ་འགྲོའི་ཞལ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་ལྡན་རྒྱང་བུ་འདི་མཁའ་འགྲོའི་གསུང་


CMR044_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་ཕྱག་རྒྱ་ཆེ༔ མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ མདའ་འདི་མཁའ་འགྲོའི་སྐུ་ཡི་རྟེན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ འཕང་འདི་མཁའ་འགྲོ་མཐུན་པའི་རྫས༔ ཟ་མ་མོ་ཡི་གླུད་དུ་འབུལ༔ ཐབས་མཆོག་སྟག་པའི་ཕོ་གདོང་འདི༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཤེས་རབ་གླང་མའི་མོ་གདོང་འདི༔ ཟ་མ་མོ་ཡི་གླུད་དུ་འབུལ༔ སྐུ་གླུད་མཐུན་རྫས་འདི་འབུལ་གྱིས༔ ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ བདག་ཅག་རྣལ་འབྱོར་རྐྱེན་དབང་ཟློག༔ རིན་ཆེན་ངར་གྱི་མི་བོ་ཆེ༔ མདངས་ལྡན་རྨ་བྱ་མཛེས་པ་འདི༔ མཁའ་ལྡིང་བྱ་དང་ཤེལ་སྒོང་ལུག༔ ཏིང་ལོ་མར་མེ་མདངས་དང་ལྡན༔ ཤ་སྣ་སྙིང་སྣ་གཏོར་མ་བཅས་མཁའ་འགྲོ་མཐུན་པའི་རྫས་སུ་འབུལ༔ ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ བདག་གི་གཡར་དམ་སོར་རྩོལ་ཅིག༔ གཡར་དམ་བསྐང་ལ་རྐྱེན་དབང་ཟློག༔ དེ་ནས་མ་ཏྲ་འཕྱང་ནི༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་འདིར༔ མ་ཏྲ་བསྒྲལ་བའི་ཕུང་པོ་ལ༔ དུར་ཁྲོད་ཆེན་པོའི་ཚོགས་ཁང་ཡིན༔ མ་ཏྲི་ཡན་ལག་དོན་སྙིང་ལ༔ སྣང་སྲིད་ལྷ་འདྲེའི་ཕོ་


CMR044_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་ཡོད༔ རིགས་ལྔ་མཁའ་འགྲོའི་ཕོ་བྲང་ཡོད༔ རིགས་ལྔའི་སངས་རྒྱས་ཕོ་བྲང་ཡོད༔ ཁྲོ་བོ་བཅུ་ཡི་ཕོ་བྲང་ཡོད༔ དེ་སྟེང་རི་རྒྱལ་ལྷུན་པོ་ཡོད༔ རིན་ཆེན་རི་རབ་ཁོང་སེང་ན༔ རིན་ཆེན་གཏེར་ཆེན་འབྲུ་སྨན་ཡོད༔ རི་རབ་བང་རིམ་བཞི་པོ་ལ༔ འདབ་ཆགས་གཅན་གཟན་རི་དྭགས་དང་༔ གཡུང་དྭགས་ཆུ་གནས་སྣ་ཚོགས་ཡོད༔ མཁའ་འགྲོ་མཉེས་པའི་རྫས་སུ་འབུལ༔ ཕྱི་ཡི་ལྕགས་རི་ནག་པོ་ལ༔ རྩོང་རིང་ཅུང་ཐུང་རྩང་འབྲིང་དང་ཚོན་སྐུད་སྣ་ལྔའི་དྲ་མིག་སོགས་རེ་རེ་ལ་ཡང་བརྒྱ་རྩ་བརྒྱད༔ རེ་རེ་ལ་ཡང་མཁའ་འགྲོ་རེ༔ དྲ་བ་མ་ཡི་སུན་མ་ཟློག༔ ཤ་ཁྲག་དྲོད་དབུགས་སུན་མ་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སུན་ཟློག་དཔའ་བོ་གདན་བཞུགས་མདོས་ཐབས་ཀྱི་ཁ་བཀང་དུ་༧ ཨ་རཱ་གས་སྦྱར་བའོ༔ ༔ ༈ འཆི་བསླུ་བཞུགས་སོ༔ ར་གསུར་བྱས་ལ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་འཇིགས་པའི་ཆ་ལུགས་ཅན༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཕྱག་དྲུག་ཕྱག་ཆས་སྐྱེ་འགྲོ་སྒྲོལ༔ སྦྲུལ་ཆེན་ཞགས་པས་མ་ཚོགས་འགུགས༔ གཡས་པས་བརྡུང་བས་ཐམས་ཅད་འདུལ༔ དྲེགས་པ་ཕོ་


CMR044_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གདན་ལ་བཞུགས༔ ཡབ་ཡུམ་གཉིས་སུ་མེད་པ་སྟེ༔ ཐུགས་རྗེའི་དབྱིངས་ལ་རོལ་མཛད་པའི༔ གཙོ་མཆོག་འབར་བའི་ཐུགས་དམ་བསྐང་༔ ནད་འདི་སེལ་ལ་རྐྱེན་འདི་ཟློག༔ སེམས་ཅན་འདི་ཡི་མགོ་བོ་དང་༔ མི་འདིའི་མགོ་བོ་བརྗེ་བསོར་མཛོད༔ ཤི་ལྟས་ངན་པ་བཟློག་ཏུ་གསོལ༔ ཧཱུྃ༔ གཙོ་མོ་ཡུམ་གྱི་མངོན་སྤྱོད་མ་སྤྱི་གཙུག་གཡུ་ཡི་རྡོ་རྗེ་རྩེ་དགུ་འབར། གཡུ་ཡི་རལ་པས་སྟོང་ཁམས་གང་༔ གཡས་ཀྱི་ཕྱག་ན་རིགས་ལྔའི་ཕྱག་རྒྱ་བསྣམས༔ གཡོན་གྱི་ཕྱག་ན་བདུད་རྩིའི་ལོངས་སྤྱོད་འདྲེན༔ རིག་པའི་སྤྱན་གྱིས་ཀུན་ལ་གཟིགས༔ ཁམས་གསུམ་ཀུན་ལ་མངའ་མཛད་མ༔ རྟག་ཏུ་དབང་ཕྱུག་ཆེན་པོའི་གྲོགས་མཛད་མ༔ བལྟས་པས་མི་མཐོང་གཅིག་ཀྱང་མེད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ སེམས་ཅན་འདི་ཡི་ལུས་པོ་དང་༔ མི་འདིའི་ལུས་པོ་བརྗེ་བསོར་མཛོད༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ ཤི་ལྟས་ངན་པ་བཟློག་ཏུ་གསོལ༔ ཧཱུྃ༔ ནམ་མཁའི་རིགས་ཀྱི་རྒྱལ་མོ་ནི༔ མཐིང་ནག་སྤྲིན་གྱི་གོ་ཟུ་ཅན༔ ནམ་མཁའི་ཁམས་ལ་དབང་བསྒྱུར་ཞིང་༔ འགྲོ་བའི་དྲོད་ལ་མངའ་མཛད་


CMR044_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ སེམས་ཅན་འདི་ཡི་བཀྲག་མདངས་དང་༔ མི་ཡི་བཀྲག་མདངས་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བསྐ་ལ་བས་ཐུགས་དམ་བསྐང་༔ ཤི་ལྟ་ལྟོས་ངན་པ་བཟློག་ཏུ་གསོལ༔ ཧཱུྃ༔ ཤར་ཕྱོགས་སྲིད་པའི་མངའ་བདག་མོ༔ འབྱུང་བ་ས་ལ་དབང་བསྒྱུར་ཞིང་༔ འགྲོ་བའི་ཤ་ལ་མངའ་མཛད་མ༔ སེམས་ཅན་འདི་ཡི་ཤ་རུས་དང་༔ མི་འདིའི་ཤ་རུས་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ ཤི་ལྟས་ངན་པ་བཟློག་ཏུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་སྲིད་པའི་མངའ་བདག་མོ༔ འབྱུང་བ་ཆུ་ལ་དབང་བསྒྱུར་ཞིང་༔ འགྲོ་བའི་ཁྲག་ལ་མངའ་མཛད་མ༔ སེམས་ཅན་འདི་ཡི་ཁྲག་དང་ནི༔ མི་འདིའི་ཁྲག་གི་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ ཤི་ལྟས་ངན་པ་བཟློག་ཏུ་གསོལ༔ ཧཱུྃ༔ ནུབ་ཕྱོགས་སྲིད་པའི་མངའ་བདག་མོ༔ འབྱུང་བ་མེ་ལ་དབང་ཡང་བསྒྱུར༔ འགྲོ་བའི་དྲོད་ལ་མངའ་མཛད་མ༔ སེམས་ཅན་འདི་ཡི་དྲོད་དང་ནི༔ མི་འདིའི་དྲོད་ནི་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ ནད་


CMR044_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སོལ་ལ་རྐྱེན་འདི་ཟློག༔ ཤི་ལྟས་ངན་པ་བཟློག་ཏུ་གསོལ༔ ཧཱུྃ༔ བྱང་ཕྱོགས་སྲིད་པའི་མངའ་བདག་མོ༔ འབྱུང་བ་རླུང་ལ་དབང་ཡང་བསྒྱུར༔ འགྲོ་བའི་དབུགས་ལ་མངའ་མཛད་མ༔ སེམས་ཅན་འདི་ཡི་དབུགས་དང་ནི༔ མི་འདིའི་དབུགས་ནི་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ ཤི་ལྟས་ངན་པ་བཟློག་ཏུ་གསོལ༔ ཧཱུྃ༔ སྲིད་པ་བདེ་འགྲོ་ཁམས་གསུམ་ཡུད་ཙམ་མ༔ སྐུ་མདོག་མཐིང་ནག་ཆེན་མོ་ལ༔ དབུས་ཀྱི་སྤྱན་མིག་ཅིར་ཡང་གཟིགས༔ རིན་ཆེན་རལ་པ་སྣ་ཚོགས་ཀྱིས༔ ཁམས་གསུམ་སྲིད་གསུམ་མ་ལུས་ཁེངས༔ སྣང་སྲིད་སྐྱེ་འགྲོ་སྒྲོལ་མཛད་མ༔ ལྔ་བཅུ་རྩ་བཞིའི་གཙོ་མོ་སྟེ༔ ཕུད་ཀྱི་བདག་མོའི་ཐུགས་དམ་བསྐང་༔ སེམས་ཅན་འདི་ཡི་རྣམ་ཤེས་དང་༔ མི་འདིའི་རྣམ་ཤེས་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ འཆི་ལྟས་ངན་པ་བསྒྱུར་དུ་གསོལ༔ བྷྱོ༔ དཔག་བསམ་ཤིང་གི་ཡལ་ག་ལས༔ དཀར་མོ་གཡག་ཐོད་རལ་པ་ཅན༔ ཉི་ཟླ་


CMR044_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་ཕྲེང་བ་ཅན༔ ཟངས་དང་ལྕགས་ཀྱི་རལ་པ་ཅན༔ མི་མགོའི་ཕྲེང་བའི་དོ་ཤལ་ཅན༔ སྣང་སྲིད་ཀུན་གྱི་བདག་མོ་སྟེ༔ སེམས་ཅན་འདི་ཡི་སྙིང་དང་ནི༔ མི་འདིའི་སྙིང་ནི་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བཟློག་ཏུ་གསོལ༔ བྷྱོ༔ མ་མོ་ཆེན་མོ་ཁྲོས་པའི་དབང་མོ་ཆེ༔ ཁམས་གསུམ་ཐམས་ཅད་གསོལ་མཛད་མ༔ སྲིད་པ་གསུམ་པོ་སྒྲོལ་མཛད་མ༔ སེམས་ཅན་འདི་ཡི་ལག་པ་དང་༔ མི་འདིའི་ལག་པ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བཟློག་ཏུ་གསོལ༔ བྷྱོ༔ མ་ཞེས་ཆེན་མོ་ཁྲོས་པའི་ཡུམ་གཅིག་མ༔ ཁམས་གསུམ་ཐམས་ཅད་གསལ་བར་མཛད༔ གསལ་རྒྱལ་མ་ཡི་ཐུགས་དམ་བསྐང་༔ སེམས་ཅན་འདི་ཡི་གློ་བ་དང་༔ མི་འདིའི་གློ་བ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་


CMR044_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་པ་བཟློག་ཏུ་གསོལ༔ བྷྱོ༔ མ་ཆེན་ཞེས་པ་ཁྲོས་པའི་དབང་མོ་ཆེ༔ ཁམས་གསུམ་ཐམས་ཅད་བདེ་ལ་སྦྱོར༔ གནམ་སྒྲོལ་མ་ཡི་ཐུགས་དམ་པ།བསྐང་༔ སེམས་ཅན་འདི་ཡི་མཆིན་པ་དང་༔ མི་འདིའི་མཆིན་པ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བཟློག་ཏུ་གསོལ༔ བྷྱོ༔ ཆེ་ཞེས་བཙན་གྱི་དབང་ཕྱུག་མ༔ ཕྱག་ན་མི་མགོའི་ཕོར་པ་ཐོགས་ཕུང་བྱེད་མ་ཡི་ཐུགས་དམ་བསྐང་༔ སེམས་ཅན་འདི་ཡི་མཁྲིས་པ་དང་༔ མི་འདིའི་མཁྲིས་པ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བཟློག་ཏུ་གསོལ༔ བྷྱོ༔ མཚན་ཉིད་སྲིད་པའི་རྒྱས་མཛད་མ་ལག་ན་ཞིང་གི་རྒྱུ་མ་བསྣམས༔ ཕུང་བྱེད་ཆེན་མོས་ཐུགས་དམ་བསྐང་༔ སེམས་ཅན་འདི་ཡི་རྒྱུ་མ་དང་༔ མི་འདིའི་རྒྱུ་མ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་


CMR044_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བཟློག་ཏུ་གསོལ༔ བྷྱོ༔ མཚན་ཉིད་བདག་ཉིད་ཆེན་མོ་ལ༔ ལག་ན་ཞིང་གི་དབྱུག་པ་བསྣམས༔ ཕུང་བྱེད་མ་ཡིས་ཐུགས་དམ་བསྐང་༔ སེམས་ཅན་འདི་ཡི་ཕུང་པོ་དང་༔ མི་འདིའི་ཕུང་པོ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བཟློག་ཏུ་གསོལ༔ བྷྱོ༔ མཚན་ཉིད་གཅིག་པུ་ཆེན་མོ་ལ༔ ཕྱག་ན་ཞིང་གི་རྒྱལ་མཚན་བསྣམས༔ ཕུང་བྱེད་མ་ཡིས་ཐུགས་དམ་བསྐང་༔ དགྲ་བགེགས་གཟུགས་ཕུང་ཤིག་ལ་ཤོག༔ བྷྱོ༔ རི་རབ་གླིང་བཞིའི་ཤར་ཕྱོགས་ནས་ཤར་གྱི་དཀར་མོ་སྤྱན་གཅིག་མ༔ དཀར་མོ་སྒེག་མོ་འབུམ་གྱིས་བསྐོར༔ སེམས་ཅན་འདི་ཡི་སྲོག་རྩ་དང་༔ མི་ཡི་སྲོག་རྩ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བསྒྱུར་དུ་གསོལ༔ བྷྱོ༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ ལྷོ་ཡི་ནག་མོ་མཆེ་བ་ཅན༔ ནག་མོ་སྒེག་མོ་འབུམ་གྱིས་བསྐོར༔


CMR044_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འདི་ཡི་དབང་པོ་རྣམ་ལྔ་དང་༔ མི་ཡི་དབང་པོ་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི་ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བསྒྱུར་དུ་གསོལ༔ བྷྱོ༔ རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ ནུབ་ཀྱི་དམར་མོ་དབང་བསྒྱུར་མ༔ དམར་མོ་སྒེག་མོ་འབུམ་གྱིས་བསྐོར༔ སེམས་ཅན་འདི་ཡི་གསང་མཚན་དང་༔ མི་འདིའི་གསང་མཚན་བརྗེ་བསོར་མཛོད༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བསྒྱུར་དུ་གསོལ༔ བྷྱོ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ བྱང་གི་སེར་མོ་ལས་མཁན་མ༔ སེར་མོ་སྒེག་མོ་འབུམ་གྱིས་བསྐོར༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་འདི་སོལ་ལ་རྐྱེན་འདི་ཟློག༔ འཆི་ལྟས་ངན་པ་བསྒྱུར་དུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ནད་ཁ་ཆོད་ལ་ཡམས་ཁ་ཟློག༔ དུས་ལ་བབས་པའི་ཚེ་ཟད་ཀྱང་༔ ལོ་བརྒྱའི་བར་དུ་བཤོལ་ཐོབ་མཛོད༔ ཅེས་བསྐང་བ་


CMR044_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་རྗེ་སྐག་བསྒྱུར་རྫོགས་སོ༔ ༈ དཔལ་ཧེ་རུ་ཀས་སུན་མ་རྣམས་ལ་ལན་བཏབ་པ་ནི་འདི་སྐད་དོ༔ ཡང་སྔ༔ ཀ༽ ཀྱཻ༔ མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱོད་མཁའ་འགྲོའི་ཡུལ་དུ་ངས་མི་གཏོང་༔ མཁའ་འགྲོའི་ཡུལ་བས་སྡུག་པ་མེད༔ འཇའ་ཚོན་གུར་ཕུབ་ལེགས་རྒྱུ་མེད༔ ཡང་དག་བརྩིས་ན་ཡལ་ནས་འགྲོ། མཁའ་ལྟར་དག་པའི་གཞལ་ཡས་དེར༔ མེ་ཏོག་ཆར་འབེབས་ཡག་རྒྱུ་མེད༔ ཡང་དག་བརྩིས་ན་ཡལ་ནས་འགྲོ༔ མི་མངོན་དབྱིངས་ཀྱི་ཕོ་བྲང་དེར༔ རིན་ཆེན་གསེར་གྱི་ལྡིང་ཁང་ཡང་༔ ཡང་དག་བརྩིས་ན་ཞིག་ནས་འགྲོ༔ མཁའ་སྤྱོད་རིན་ཆེན་ཕོ་བྲང་ན༔ མཁའ་འགྲོའི་འདུ་འཚོགས་མང་ཡོད་ཀྱང་༔ ཚོང་དཔོན་བཞིན་དུ་བྱེར་ནས་འགྲོ༔ དེ་བས་མཁའ་འགྲོའི་ཡུལ་དེ་སྡུག༔ རྒྱན་གྱི་གླུད་གཏོར་འདི་བཞེས་ལ༔ ངས་ནི་མི་བཏང་ཁྱེད་རང་གཤེགས༔ ཁ༽ མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ འདོད་དགུ་ལྷུན་གྲུབ་ཕོ་བྲང་ན༔ ཡིད་འོང་གཏེར་ལ་ལོངས་སྤྱོད་ཡང་༔ ཡང་དག་བརྩིས་ན་བཅུད་མེད་ཡིན༔ དྲག་པོ་ཨེ་ཡི་གཞལ་ཡས་ན༔ ཐོད་པའི་སྐུ་མཁར་བརྩེགས་


CMR044_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཀྱང་༔ ཡང་དག་བརྩིས་ན་ཞེ་སྡང་ཡིན༔ མི་ལྤགས་བླ་བྲེ་ཡོལ་བ་ཡང་༔ ཡང་དག་བརྩིས་ན་གཏི་མུག་ཡིན༔ ཚིལ་ཆེན་སྣང་གསལ་མར་མེ་ཡང་༔ ཡང་དག་བརྩིས་ན་འདོད་ཆགས་ཡིན༔ ཤ་ཆེན་གཏོར་མ་སྤྱང་པ་ཡང་༔ ཡང་དག་བརྩིས་ན་ང་རྒྱལ་ཡིན༔ རཀྟའི་རྒྱ་མཚོ་འཁྱིལ་བ་ཡང་༔ ཡང་དག་བརྩིས་ན་འདོད་ཆགས་ཡིན༔ རུས་པའི་རྒྱན་ཆ་མང་པོ་ཡང་༔ ཡང་དག་བརྩིས་ན་གནས་མེད་ཡིན༔ ཚིལ་ཆེན་དྲི་གསུར་བལྟམསཔ་ཡང་༔ ཡང་དག་བརྩིས་ན་དྲི་མེད་ཡིན༔ ཤ་ཆེན་གསུར་དུད་དྲི་ཞིམ་ཡང་༔ ཡང་དག་བརྩིས་ན་བཅུད་མེད་ཡིན༔ ཁྱོད་ཀྱི་ཡུལ་བས་སྡུག་པ་མེད༔ མཁའ་འགྲོའི་ཡུལ་བས་བསྔལ་བ་མེད༔ མཁའ་འགྲོའི་ཡུལ་དེ་དགའ་རྒྱུ་མེད་མཁའ་འགྲོའི་ཡུལ་དེ་སྤོ་རྒྱུ་མེད༔ མཁའ་འགྲོའི་ཡུལ་དེ་སྐྱིད་རྒྱུ་མེད༔ ངེད་བོད་ཀྱི་ཡུལ་བས་སྐྱིད་པ་མེད༔ ཡིད་ཀྱི་ཅི་བསམ་འགྲུབ་པ་ཡིན༔ ཟས་ལ་ལོངས་སྤྱོད་བྱེད་པས་ཆོག༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱོད་མཁའ་འགྲོའི་ཡུལ་དེར་ངས་མི་གཏོང་༔ རྒྱན་གྱི་གླུད་གཏོར་འདི་བཞེས་ལ༔ རང་རང་གནས་སུ་ད་གཤེགས་ཤིག༔ ག༽


CMR044_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ དུར་ཁྲོད་དབྱིངས་ཀྱི་ཕོ་བྲང་ནས༔ དཔའ་བོའི་བྲོ་བརྡུང་མཚར་རྒྱུ་མེད༔ དཔའ་མོས་གར་བྱེད་ལེགས་རྒྱུ་མེད༔ ངང་པའི་སྐད་སྙན་སྙན་རྒྱུ་མེད༔ དུར་པའི་གསུང་དེ་སྤྲོ་རྒྱུ་མེད༔ དར་དཀར་རྒྱལ་མཚན་ལེགས་རྒྱུ་མེད༔ དར་ནག་རུ་མཚོན་བརྗིད་རྒྱུ་མེད༔ སྦ་གླིང་སྨྱུག་གླིང་སྙན་རྒྱུ་མེད༔ གསེར་གྱི་ཉི་མ་དྲོ་རྒྱུ་མེད༔ དུང་གི་ཟླ་བོ་གསལ་རྒྱུ་མེད༔ སྐར་ཕྲན་ཚོམ་བུ་ལེགས་རྒྱུ་མེད༔ ཁྱོད་མཁའ་འགྲོའི་ཡུལ་དེ་སྐྱིད་རྒྱུ་མེད༔ ཁྱོད་མཁའ་འགྲོའི་ཡུལ་དེ་དགའ་རྒྱུ་མེད༔ རྒྱན་གྱི་གླུད་གཏོར་འདི་བཞེས་ལ། དེ་བས་ཁྱོད་རང་གཤེགས་པར་ཞུ༔ ང་༽ ཀྱཻ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ ཨོ་རྒྱན་ཡུལ་གྱི་བདུད་རྩིའི་མཚོ༔ ཡང་དག་བརྩིས་ན་ཞིམ་རྒྱུ་མེད༔ བདུད་རྩི་ཟས་ཀྱི་ལོངས་སྤྱོད་ཡང་༔ ཡང་དག་རྩིས་ན་འཕེལ་རྒྱུ་མེད༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་དེར༔ ཐེབ་ཅིག་ཞུགས་པས་སྐྱིད་རྒྱུ་མེད༔ མེ་ཏོག་གླིང་གི་ར་བ་དེར༔ ལན་གཅིག་མཐོང་བས་དགའ་རྒྱུ་མེད༔ མཛེས་པའི་ཡིད་ཀྱི་གདུང་སེམས་དེ༔ སྐད་ཅིག་དྲན་པས་དགའ་རྒྱུ་མེད༔


CMR044_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཡུལ་བས་སྡུག་པ་མེད༔ འཐབ་རྩོད་གནས་ནས་ཐར་དུས་མེད༔ ཤ་ཆང་ཚོགས་ཀྱང་ཞིམ་རྒྱུ་མེད༔ རཀྟ་ཁྲག་ཀྱང་ཞིམ་རྒྱུ་མེད༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱོད་མཁའ་འགྲོའི་ཡུལ་དེར་ངས་མི་གཏོང་༔ རིན་ཆེན་དངུལ་གྱི་སྐུ་མཁར་དེ༔ ཁ་བད་གཡུ་ལ་བྱས་ཡོད་ཀྱང་༔ བལྟས་པས་ལེགས་པ་ངས་མ་མཐོང་༔ རིན་ཆེན་གསེར་གྱི་སྐུ་མཁར་ཡང་ཁ་བད་བྱི་རུས་བྱས་པ་དེ༔ བལྟས་པས་མདངས་ལྡན་ངས་མ་མཐོང་༔ རིན་ཆེན་ལྕགས་ཀྱི་སྐུ་མཁར་དེ༔ ཁ་བད་མཆོང་ལས་བྱས་པ་དེ༔ བལྟས་པས་སྨུག་པར་ངས་མ་མཐོང་༔ ཁྱོད་ཨོ་རྒྱན་ཡུལ་དེར་སྨོན་རྒྱུ་མེད༔ ངེད་བོད་ཀྱི་ཡུལ་བས་དགའ་བ་མེད༔ ཅི་བྱེད་རང་དབང་ཐོབ་པས་དགའ༔ ཚེ་གཅིག་སངས་རྒྱས་འགྲུབ་པས་སྐྱིད༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ཁྱོད་མཁའ་འགྲོའི་ཡུལ་དུ་ངེས་མི་གཏོང་༔ རྒྱན་གྱི་གླུད་གཏོར་འདི་བཞེས་ལ༔ ཁྱོད་རང་རང་གནས་སུ་ད་བཞུད་འཚལ༔ ཅ༽ ཁྱོད་མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ བྱ་རིགས་སྐད་སྙན་འདི་ན་ཡོད༔ ངས་ནི་མི་གཏོང་ཁྱོད་རང་བྱོན༔ རིགས་བཟང་ལྷ་


CMR044_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྐྱེས་བུ་འདིས༔ དཔའ་བོའི་ཕོ་ཉ་བྱེད་མི་ཁོམ༔ དཔའ་མོའི་ཚོགས་དཔོན་བྱེད་མི་ཁོམ༔ ཁྱོད་མཁའ་འགྲོའི་ཡུལ་དེར་ངེས་མི་གཏོང་༔ རྒྱན་གྱི་གླུད་གཏོར་འདི་བཞེས་ལ༔ ཁྱོ་རང་རང་གནས་སུ་ད་བཞུད་འཚལ༔ ཆ༽ ཀྱཻ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྙན་གསོན་དང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཤ་ཁྲག་རུས་པའི་གླུད་འདི་ནི༔ རིན་ཆེན་འབྲུ་སྣ་ཕྱེ་དཀར་ལ༔ གཞི་མདོས་གཙང་པོའི་ཆབ་ཀྱིས་སྦྲུས་དྲག་པོའི་གཏོར་མ་ཟུར་གསུམ་བཅས༔ དམར་གྱི་གཏོར་མ་རི་ལྟར་སྤུངས༔ བདུད་རྩི་སྨན་གྱི་རྒྱ་མཚོ་དང་༔ དར་ཚོན་སྣ་ལྔའི་རྒྱན་གྱིས་བརྒྱན༔ ཙན་དན་ཤུག་པའི་བྱང་བུ་ལ༔ བྱ་བཟང་དཀར་པོའི་ཕོད་ཀྱིས་བརྒྱན༔ འདོད་ཡོན་ལྔ་རུ་བྱིན་གྱིས་བརླབས། དཔའ་བོ་མཁའ་འགྲོའི་ཚོགས་ལ་གླུད་དུ་འབུལ༔ མཉེས་ཤིང་ཚིམ་པར་མཛད་དུ་གསོལ༔ ཚེ་ཡི་དུས་ལ་བབ་པ་ཡང་ལོ་གསུམ་བར་དུ་བཤོལ་ཐོབ་ཅིག༔ ཚེ་དཔལ་ལོངས་སྤྱོད་རྒྱས་ནས་ཀྱང་༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ༔ གླུད་འདི་བཞེས་ལ་དགྱེས་པར་མཛོད༔ མཉམ་གཉིས་སྤོས་ལ་མཚུངས་གཉིས་བརྗེས༔ གནས་འདིར་ཕྱིན་ཆད་


CMR044_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མ་བྱེད་ཅིག༔ ཇ༽ དེ་ནས་གླུད་ཆེན་ལག་ཏུ་བཏེག་ལ༔ ཀྱཻ༔ སུན་མའི་ཚོགས་རྣམས་སྙན་གསོན་དང་༔ སངས་རྒྱས་དགོངས་པ་ལས་བྱུང་བའི༔ སྐུ་གླུད་རིན་ཆེན་རྒྱན་ལྡན་འདི༔ མཚན་དཔེས་རབ་བརྒྱན་གཟི་བརྗིད་ལྡན༔ ཁ་དོག་དབྱིབས་ལས་འདས་པ་སྟེ༔ རྡོ་རྗེ་འཆང་གིས་བྱིན་བརླབས་ནས༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་ཡིན༔ ངོ་མཚར་ཅན་གྱི་གླུད་འདི་འབུལ༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ འགྲོ་དོན་བསྟན་པ་རྒྱས་པ་དང་༔ སེམས་ཅན་སངས་རྒྱས་དབྱིངས་བཀོད་ཕྱིར༔ ཇི་སྲིད་འཁོར་བ་མ་སྟོངསབར༔ གཟུགས་སྐུ་དེ་སྲིད་བཞུགས་ནས་ཀྱང་༔ བསྟན་པ་སྐྱོང་ཞིང་བཞུགས་པར་ཞུ༔ ཞེས་ཞུའོ༔ མཁའ་འགྲོའི་ཞུས་ལན་བདུན་པ་རྫོགས་སོ༔ ཀྱཻ༔ སེམས་ཅན་མགོན་གྱུར་བླ་མ་རྗེ༔ བོད་ཡུལ་སེམས་ཅན་དོན་བཞུགས་ངས་མི་གཏོང་༔ ཞེས་ཞུས་ལན་བདུན་པའི་ཚིག་ཐམས་ཅད་དུ་སྦྱར་རོ༔ རྗེས་སུ་ཚར་བ་དང་༔ བླ་མ་ལ་བཞུགས་གདན་ན་བཟའ་འབུལ༔ བནྡེ་ལ་སོགས་བདུད་རྩི་འབུལ༔ གཞན་ཡང་ཕྱེ་མར་ཟས་སྣ་རྒྱན་སོགས་འབུལ་བ་མང་པོ་ཐོགས་ལ་ཐམས་ཅད་མགྲིན་གཅིག་ཏུ༔ ༈ དེ་ནས་མདོས་ཅུང་ཙམ་འཕང་བསྟོད་ལ་སྤྲོ་བ་བསྐྱེད་པ་འདི་སྐད་དོ༔ ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་


CMR044_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ཉིད་ལས༔ གདུལ་བྱའི་དོན་དུ་སྐྱེ་བའི་ཆོ་འཕྲུལ་ཤར༔ སངས་རྒྱས་སྐུ་ཡི་སྤྲུལ་པ་བསམ་མི་ཁྱབ༔ འགྲོ་བའི་དོན་མཛད་སྤྲུལ་སྐུ་ཅིར་ཡང་འཆར༔ སྟོན་པ་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ གླིང་ལ་མིང་བཏགས་ལྷོ་རྒྱལ་འཛམ་བུ་གླིང་༔ དུས་ལ་མིང་བཏགས་རྩོད་ལྡན་སྙིགས་མའི་དུས༔ ཡུལ་ལ་མིང་བཏགས་འདི་ཡུལ་འདི་གནས་སུ༔ སྦྲ་ཁང་མིང་བཏགས་བཀྲ་ཤིས་གཞལ་ཡས་ཁང་༔ ལོ་ལ་མིང་བཏགས་གནམ་ལོ་རྒྱལ་པོ་འདིར༔ ཟླ་བར་མིང་བཏགས་ཟླ་བ་འདི་ཡི་ནང་༔ ཞག་ལ་མིང་བཏགས་དེ་རིང་ཉི་མ་འདིར༔ དུས་ཚོད་མིང་བཏགས་ད་ལྟའི་དུས་ཚོད་ལ༔ ཡོན་བདག་འདི་ཞེས་བྱ་བ་ཡིས༔ ཚེ་གླུད་སྲོག་སྐྱིན་འཇལ་ཕྱིར་གཏོ་བགྱིའོ༔ ཤ་རིན་ཁྲག་ཚབ་གླུད་འབུལ་ལོ༔ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གླུད་རིན་ཆེན་རྒྱན་ཅན་གྱི༔ སྤྱི་བོའི་གཙུག་ཏུ་ཡར་གཟིགས་དང་༔ རྣམ་པར་སྣང་མཛད་ཕོ་བྲང་ཡོད༔ ཟག་མེད་ཆོས་ཀྱི་འཁོར་ལོ་བསྐོར༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ༈ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་


CMR044_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན༔ སྐུ་གཟུགས་རིན་ཆེན་རྒྱུན་ཅན་གྱི༔ མགུལ་གྱི་བུམ་པར་ཡར་གཟིགས་དང་༔ སྣང་བ་མཐའ་ཡས་ཕོ་བྲང་ཡོད༔ དྲི་མེད་བཀའ་ཡི་འཁོར་ལོ་བསྐོར༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དངས་རེ་སྤོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ༈ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱན་ཅན་གྱི༔ བདེ་ཆེན་སྙིང་གི་ཕོ་བྲང་དུ༔ རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞུགས༔ ཐུགས་མཆོག་རྡོ་རྗེའི་འཁོར་ལོ་བསྐོར༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱུན་ཅན་གྱི༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ རིན་ཆེན་འབྱུང་ལྡན་ཕོ་བྲང་ཡོད༔ ལོངས་སྤྱོད་རྒྱན་གྱི་འཁོར་ལོ་བསྐོར༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱན་ཅན་གྱི༔ རྡོ་རྗེ་ནོར་བུའི་དབྱངས་ཡིག་ལས༔ དོན་ཡོད་གྲུབ་པའི་ཕོ་བྲང་ཡོད༔ ཕྲིན་ལས་


CMR044_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མེད་འཁོར་ལོ་བསྐོར༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱན་ཅན་གྱི༔ སྨིན་མཚམས་ཐད་དུ་ཡར་གཟིགས་དང་ཕྱག་ན་རྡོ་རྗེའི་ཕོ་བྲང་ཡོད༔ ལོག་འདྲེན་གདུག་པ་འཇོམས་པར་བྱེད༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ༈ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱན་ཅན་གྱི༔ ཁུང་གཡས་གཡོན་ཡར་གཟིགས་དང་༔ ནམ་མཁའི་སྙིང་པོའི་ཕོ་བྲང་ཡོད༔ དགོས་འདོད་ཡིད་བཞིན་རེ་བ་སྐོང་༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ་སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱན་ཅན་གྱི༔ སྤྱན་གྱི་གདེང་ལ་ཡར་གཟིགས་དང་༔ པ་རྣམ་སེལ་ཕོ་བྲང་ཡོད༔ གཟུགས་སོགས་རྡོ་རྗེའི་འཁོར་ལོ་བསྐོར༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ཨེ་མ་


CMR044_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱན་ཅན་གྱི༔ ཞལ་གྱི་དཀྱིལ་འཁོར་རྒྱས་པ་ལ༔ འཕགས་པ་འཇམ་དཔལ་ཕོ་བྲང་ཡོད༔ ཤེས་བྱ་རྒྱས་པའི་འཁོར་ལོ་བསྐོར༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ཨེ་མ་ཧོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀུན༔ སྐུ་གཟུགས་རིན་ཆེན་རྒྱན་ཅན་གྱི༔ སྐུ་སྟོད་འདས་པའི་སངས་རྒྱས་ཡིན༔ སྐུ་སྐེད་ད་ལྟའི་སངས་རྒྱས་ཡིན༔ སྐུ་སྨད་སླད་ནས་འབྱོན་པའི་སངས་རྒྱས་ཡིན༔ སྐུ་ཡི་དཀྱིལ་འཁོར་རྒྱས་པ་ལ༔ མཁའ་འགྲོ་བྱེ་བའི་སྤྲུལ་པ་ཡོད༔ བསྟན་སྲུང་བྱེ་བ་འགྱེད་ཅིང་སྡུད༔ ཤོ་ཨེ་མ༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ། སུན་མའི་མགྲོན་རྣམས་ཞེ་རེ་ཚིམ༔ ཅེས་སྤྲོ་བ་བསྐྱེད་པའོ༔ ༈ དེ་ཡང་གཞུང་ལས་མིང་ནས་ལན་གསུམ་འབོད་པ་སོགས་ཞལ་ལས་ཤེས་པར་གསུངས་པ་ནི༔ གདན་དཀར་པོ་རབ་དགུ་བརྩེགས་ཐ་མ་སུམ་བརྩེགས་འོག་མ་རྡོ་རྗེ་རྒྱ་གྲམ༔ བར་མ་ལ་གཡུང་དྲུང་གཡས་འཁྱིལ་ནས་ཀྱི་བྲིས་ལ་བསྲུང་བྱ་དེ་བཞུགས་བཅོལ༔ ན་བཟའ་ཞྭ་སོགས་གཟབ་པར་བྱ༔ དེའི་མདུན་དུ་གཞི་དཀར་ལ་ཕྱེ་མར་གཏོར་མ་རིན་ཆེན་འབར་བ༔ བཀྲ་ཤིས་རྟགས་བརྒྱད༔


CMR044_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་སྣ་བདུན༔ ཟས་སྣ་གང་འཚོགས་བཤམས༔ ཡོན་ཏན་ཅན་ལ་སྐུ་གསུང་ཐུགས་རྟེན༔ སྐྱེས་པ་ལ་གོ་མཚོན༔ བུད་མེད་ལ་རྒྱན་ཆ་སོགས་དང་༔ གྲྭ་རིས་འཁོར་གཡོག་རྣམས་ཀྱིས་ཀྱང་བཤོས་རྟགས་བཞག་སྟེ༔ ཚེ་ཞེས་མིང་སྨོས་ལ༔ ཨོ་རྒྱན་མཁའ་འགྲོའི་གནས་སུ་མི་འབྱོན་པའི་བཅག་རྟགས་ལ༔ འཆི་མེད་ཚེ་ཡི་བུམ་པ༔ མི་ཤིགས་པའི་རྡོ་རྗེ༔ མི་ནུབ་པའི་རྒྱལ་མཚན༔ མི་འགྱུར་བའི་གཡུང་དྲུང་བཀྲ་ཤིས་པའི་རྟགས་བརྒྱད༔ རྒྱལ་སྲིད་རིན་པོ་ཆེ་སྣ་བདུན༔ བཞུགས་པའི་གདན་གཡུང་དྲུང་དང་རྒྱ་གྲམ་གྱི་རི་མོ་ཅན༔ བཞུགས་པའི་གདན་སངས་རྒྱས་ཀྱི་སྐུ་ས་ནོན་གྱི་ཕྱག་རྒྱ་ཅན༔ གསོལ་བའི་སྐྱེམས་འཆི་མེད་ཀྱི་བདུད་རྩི༔ གཞན་ཡང་འཇིག་རྟེན་མིའི་ཟས་ནོར༔ བརྒྱ་འབུལ་དང་བཅས་པ་འབུལ༔ སྐབས་འདིར་གྲྭ་རིས་སོགས་ཀྱི་ཕྲེང་བ་ཀ་ཆ་སྣ་ཚོགས་བཞག་ལ༔ ཆྒེསཿ བརྒྱ་འབུལ་སྒོའི་ཀ་ཆ་རྐེ་སོགས་མང་དུ་བཞག་ལ༔ ཚོན་སྐུད་སྣ་ལྔའི་གཟུངས་ཐག་གཅིག་རྡོ་རྗེ་ལ་བཏགས་ལ་སློབ་དཔོན་གྱིས་བཟུང་ནས༔ ཀྱཻ༔ སྔགས་འཆང་རྒྱལ་པོ་བདག་ལ་ནི༔ སློབ་དཔོན་པདྨས་དབང་ཡང་བསྐུར༔ རིག་འཛིན་རྣམས་ཀྱི་བྱིན་གྱིས་བརླབས༔ མཁའ་འགྲོ་སྡེ་ལྔས་ལུང་ཡང་བསྟན་བརྒྱུད་པའི་བླ་མས་བཀའ་ཡང་གནོང་༔ ལྷ་


CMR044_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་དམ་ལ་འདུས༔ དེ་བས་ཞུ་བའི་ཚིག་ལ་གསོན༔ དཀོན་མཆོག་གསུམ་གྱི་བཀའ་ལ་མི་ཉན་མེད༔ འབྱུང་བ་ལྔ་ལས་མ་སྐྱེས་འགྲོ་དྲུག་མེད། མནའ་དང་ཁྲིམས་ལ་མི་གནས་གཅིག་ཀྱང་མེད༔ ཟས་དང་སྐོམ་ལ་མི་ཆགས་གཅིག་ཀྱང་མེད༔ དེ་བས་འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ གནས་འདིར་བཞུགས་པའི་སྟན་ཅིག་འབུལ༔ སྐུ་གཟུགས་གསུང་རབ་མཆོད་རྟེན་གསུམ༔ ཁྱེད་ཐུགས་དགོངས་རྫོགས་པའི་བཅག་རྟགས་འབུལ༔ གདན་ཁྲི་ན་བཟའ་བཤོས་སྐྱེམས་ཡང་༔ ཁྱེད་ཐུགས་དགོངས་དགྱེས་པའི་བཅག་རྟགས་འབུལ༔ སློབ་དཔོན་མཆེད་གྲོགས་སློབ་མའི་ཚོགས༔ ཁྱེད་ཐུགས་དགོངས་རྫོགས་པའི་བཅག་རྟགས་འབུལ༔ གདུགས་དང་བླ་རེ་མཆོད་ཆ་ཡང་༔ ཁྱེད་ཐུགས་དགོངས་དགྱེས་པའི་བཅག་རྟགས་འབུལ༔ ལྟ་བ་བསྒོམ་པ་སྤྱོད་པ་ཡང་༔ ཁྱེད་ཐུགས་དགོངས་དགྱེས་པའི་བཅག་རྟགས་འབུལ༔ རྟ་དྲེལ་མཛོ་གཡག་ནོར་ཕྱུགས་ཡང་༔ ཁྱེད་ཐུགས་དགོངས་དགྱེས་པའི་བཅག་རྟགས་འབུལ༔ ཕྱག་དང་བསྐོར་བ་མོས་གུས་ཡང་༔ ཁྱེད་ཐུགས་དགོངས་དགྱེས་པའི་བཅག་རྟགས་འབུལ༔ སྐལ་ལྡན་སྐྱེས་


CMR044_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལས་ཅན་ལ༔ ཁྱེད་ལ་བཅག་རྟགས་འབུལ་བ་ནི༔ ཡེ་ཤེས་ལྔ་དང་འདོད་ཡོན་ལྔ༔ ཁྱེད་ལ་དགྱེས་པའི་བཅག་རྟགས་འབུལ༔ འབྲུ་ལྔ་གོས་ལྔ་མཆོད་རྫས་ལྔ༔ ཁྱེད་ལ་དགྱེས་པའི་བཅག་རྟགས་འབུལ༔ རིན་ཆེན་ལྔ་དང་དར་ཟབ་ལྗ༔ ཁྱེད་ལ་དགྱེས་པའི་བཅག་རྟགས་འབུལ༔ དགྱེས་པའི་བཅག་རྟགས་ཟས་འདི་འབུལ༔ འགྲོགས་པའི་བཅག་རྟགས་གྲོགས་འདི་འབུལ༔ བུ་སློབ་ཡོན་མཆོད་རྡོ་རྗེ་སྤུན༔ གྲོགས་མཆེད་མ་སྲིང་ཐམས་ཅད་ཀྱིས༔ དགྱེས་པའི་འདོད་ཡོན་བཅག་རྟགས་འབུལ༔ འཁོར་དང་སྡེ་རིགས་ཐམས་ཅད་ཀྱིས༔ དགྱེས་པའི་འདོད་ཡོན་བཅག་རྟགས་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ སྐལ་ལྡན་ལས་ཅན་སྐྱེས་བུ་ཁྱེད༔ ལོ་བརྒྱའི་བར་དུ་བཞུགས་པར་ཞུ༔ ཚོན་སྐུད་སྣ་ལྔའི་གཟུངས་ཐག་འདི༔ ཡེ་ཤེས་ལྔ་ཡི་ངོ་བོ་ཡིན༔ ཁྱེད་མཁའ་འགྲོའི་ཡུལ་དུ་མི་འབྱོན་འབྲེལ་ཐག་ཞུ༔ ཁྱེད་ཀྱི་ཐུགས་དགོངས་བདག་གིས་བཟུང་བར་བྱ༔ ཕོ་ཡིན་ན་སྲིན་ལག་གཡོན༔ མོ་ཡིན་ན་གཡས་ལ་གཟུངས་ཐག་གི་སྣེ་མོ་བཏགས༔ དེ་ནས་ཕྱེ་མར་ཟས་སྣ་རྒྱན་ཆ་སོགས་འབུལ་བ་མང་པོ་ཐོགས་ལ་ཀུན་གྱིས་མགྲིན་གཅིག་ཏུ་འདི་སྐད་དོ༔ ཀྱེེ༔ སེམས་ཅན་ཀུན་


CMR044_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མགོན་གྱུར་བླ་མ་རྗེ༔ ཨོ་རྒྱན་མཁའ་སྤྱོད་གནས་སུ་མ་བཞུད་པརཿ༔ འགྲོ་བ་སེམས་ཅན་དོན་དུ་བོད་ཡུལ་བཞུགས་པར་ཞུ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་དུ་གསོལ༔ ༈ བདུད་རྩི་སྨན་གྱི་མཆོད་པ་འདི་བཞེས་ལ༔ འཆི་མེད་རིག་འཛིན་ངང་དུ་བཞུགས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཞེས་དྲངས་ལ་ཆས་རྣམས་འབུལ་ལོ༔ དེ་བཞིན་དུ་སྔགས་པ་ཡིན་ན༔ ཀྱཻ༔ མཐུ་སྟོབས་རྩལ་ལྡན་སྔགས་འཆང་ཁྱེད༔ ཅེས་རིགས་པས་སྦྱར༔ སྐྱེས་པ་ཡིན་ན༔ ཀྱེ༔ རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ སྡེ་རིགས་འཁོར་འབངས་སྐྱོང་བའི་ཕྱིར༔ ཅེས་སྦྱར༔ བུད་མེད་ཡིན་ན༔ ཀྱཻ༔ རིགས་བཟང་ལྷ་ཡི་སྲས་མོ་ཁྱེད༔ བུ་ནོར་ལོངས་སྤྱོད་འཕེལ་བའི་ཕྱིར༔ ༈ ཨོ་རྒྱན་མཁའ་སྤྱོད་གནས་སུ་མི་བཞུད་པར༔ བོད་ཡུལ་སེམས་ཅན་དོན་བཞུགས་ངས་མི་གཏོང་༔ ཞེས་ཚིག་གོང་འོག་རྣམས་གོང་ལྟར་འགྲེས་ཤེས་པར་བྱའོ༔ མིང་ནས་ལན་གསུམ་བརྗོད་པ་སོགས་ཞལ་ཤེས་ལྟར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདུད་རྩི་སྨན་སྒྲུབ་ཀྱི་རིལ་བུ་འདྲེས་པའི་ནང་མཆོད་ཅུང་ཟད་རེ་བླུག་པའི་ཆང་ངམ་ཇ་བཟང་པོ༔ དཀར་ཡོལ་སོགས་སྣོད་བཟང་པོ་གས་ཆག་མེད་པ་མར་གྱིས་ཁ་བརྒྱན་པ་བསྐང་སྟེ་དྲོངས༔ དེ་ནི་དམ་རྫས་ལྟ་བུའོ༔ དེ་ནས་


CMR044_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་བཅུག་ལ༔ ཧཱུྃ༔ ང་ནི་སྲ་བརྟན་རྡོ་རྗེའི་སྐུ༔ སྐྱེ་ཤི་མེད་པ་རྡོ་རྗེའི་རྒྱལ༔ ཅིས་ཀྱང་མི་ཚུགས་རྡོ་རྗེའི་ཐུགས༔ ཨོ་རྒྱན་གནས་སུ་མི་འགྲོ་བའི༔ སྔགས་འཆང་རྒྱལ་པོ་མཐུ་སྟོབས་ཅན༔ ཁྱེད་ཀྱི་གསུངས་བཞིན་བདག་གིས་བྱ༔ རང་ཡུལ་གནས་སུ་འདུག་པར་བྱེད༔ ལན་གསུམ༔ དེ་ནས་བརྟན་བཞུགས་འབུལ་བ་ནི༔ ཀྱཻ༔ རྨེ་ཞེས་བྱའི་མིང་སྨོས་ལ༔ ཁྱེད་མཁའ་འགྲོའི་ཡུལ་དུ་མི་འབྱོན་པའི༔ ཁྱེད་ལ་བཞུགས་པའི་གདན་འབུལ་གྱིས༔ སྲ་བརྟན་རྡོ་རྗེའི་བྲག་རི་སྟེང་༔ ཁ་དོག་སྣ་ལྔའི་གྲུམ་ཙེ་བཏིང་༔ མཛེས་ཤིང་འཇམ་པའི་བལ་སྟན་བཏིང་༔ ཡིད་དུ་འོང་བའི་སྟན་དཀར་བཏིང་༔ སྤྱན་ལ་མཛེས་པའི་གདན་དམར་བཏིང་༔ ཞབས་སུ་བདེ་བའི་དར་འབོལ་བཏིང་༔ བསྟན་པ་བསྲུང་ཕྱིར་བརྟན་པར་བཞུགས༔ བསྟན་པ་སྐྱོང་ཕྱིར་བརྟན་པར་བཞུགས༔ བུ་སློབ་སྐྱོང་ཕྱིར་བརྟན་པར་བཞུགས༔ ཉེ་རིང་ཀུན་གྱི་ཁྱེད་བཤོལ་ལོ༔ སྲུང་བ་གཏོ་ཡིས་ཁྱེད་བཤོལ་ལོ༔ སྙིང་པོ་སྔགས་ཀྱིས་ཁྱེད་བཤོལ་ལོ༔ སངས་རྒྱས་བདེན་པས་ཁྱེད་བཤོལ་ལོ༔ སྔགས་འཆང་བདག་གིས་ཁྱེད་བཤོལ་ལོ༔ བཤོལ་བའི་གནས་འདིར་བརྟན་པར་བཞུགས༔ ཞེས་


CMR044_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གདན་བཏིང་པའི་ཐོག་ཏུ་བརྩེགས་མ་བཏིང་སྟེ་བཞུགས་སུ་གསོལ༔ སྐབས་འདིར་ཕྱེ་མར་དང་ཟས་སྣ་ཅུང་ཟད་གསོལ་བཅུག༔ དེ་ནས་སྤྲོ་བ་བསྐྱེད་པ་ནི༔ ཁྱེད་ཐུགས་དགོངས་གཞན་ལ་མ་སྤྲོ་ལ་བདག་ལ་ཚུར་ལ་གསན་པར་མཛོད༔ ཁྱེད་བཞུགས་པའི་གནས་མལ་འདི་ན་བདེ༔ མཁའ་འགྲོའི་གནས་ན་བདེ་བ་མེད༔ རོལ་མོ་སིལ་སྙན་འདི་ན་སྙན༔ མཁའ་འགྲོའི་གནས་ན་བདེ་བ་མེད༔ ཚོགས་ཀྱི་འཁོར་ལོ་འདི་ན་འཐུག༔ མཁའ་འགྲོའི་གནས་ན་བདེ་བ་མེད། སྣང་གསལ་སྒྲོན་མེ་འདི་ན་གསལ༔ མཁའ་འགྲོའི་གནས་ན་བདེ་བ་མེད༔ དྲི་ཞིམ་སྤོས་དུད་འདི་ན་ཞིམ༔ མཁའ་འགྲོའི་གནས་ན་བདེ་བ་མེད༔ འདོད་དགུ་ལོངས་སྤྱོད་འདི་ན་ཡོད༔ མཁའ་འགྲོའི་གནས་ན་བདེ་བ་མེད༔ ཚེ་གཅིག་སངས་རྒྱས་འདི་ན་འགྲུབ༔ མཁའ་འགྲོའི་གནས་ན་བདེ་བ་མེད༔ ཁྱེད་ཐུགས་དགོངས་ཀློད་ལ་བཞུགས་པར་ཞུ༔ དེ་ནས་བཞུགས་པར་ཁས་ལེན་པ་ནི༔ རྡོ་རྗེ་སློབ་དཔོན་ནམ། སྐལ་ལྡན་སྐྱེས་བུ་འམ། རིགས་བཟང་གི་བུ་མོ་འམ། རྒེ་ཞེས་བྱ་བའི་མིང་ནས་བརྗོད། བསྲུང་བྱས་ཨ་བརྗོད༔ ཁྱེད་མཁའ་འགྲོའི་གནས་སུ་མ་འབྱོན་པ༔ ལོ་བརྒྱའི་བར་དུ་གཟུགས་སྐུ་མི་ཡུལ་དུ་


CMR044_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་ཞུ༔ བསྲུང་བྱས༔ འོ་དེ་ག་བྱེད༔ ཅེས་དེ་འདྲའི་རྗེས་ཟློས་ལན་གསུམ་བྱེད༔ སྐྱེས་བུ་དམ་པ་རྣམས་ཚིག་བཙུན་ཞིང་རྫུན་སྤངས་པ་ཡིན་པས༔ དེ་ནས་སྲིན་ལག་གི་ཚོན་སྐུད་བཀྲོལ༔ ཚོགས་བཀྱག་རྟགས་ཀྱི་རྫས་རྣམས་སུན་ཟློག་ཕུལ་མ་ཚར་བར་དེ་གར་བཞག༔ ཕུལ་ཚར་ནས་གཏའ་མའི་ཚུལ་དུ་ཉེ་འཁོར་རྣམས་ཀྱིས་ཚུར་བསྡུས་ལ་སོ་སོར་ཚགས་བྱའོ༔ འདི་ནི་ཅུང་ཟད་རྒྱས་པ་ཡིན་ལ་སྡེར་སུན་ལྟ་བུ་བསྡུ་མ་ལ་གཞུང་གི་ཚིགས་བཅད་ཀྱི་བདུད་རྩི་ཇ་སོགས་སྐྱེམས་དང་ཕྱེ་མར་དྲངས་པས་འཐུས་སོ༔ ཞེས་སུན་ཟློག་དཔའ་བོ་གདན་བཞུགས་ཀྱི་ཁ་བཀང་དུ་ཨ་རཱ་གས་སྦྱར་བ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་ཆོས་ལྡན་རྣམས་ཀྱི་སྐུ་ཚེ་རིང་བར་ཤོག༔ དེ་ནས་བླ་བསླུ་བྱ་བ་ནི༔ ལྡོང་ལ་ཤ་བ་འགྲུ་ལ་རྐྱང་༔ དབྲོ་ལ་གཡག་དང་སྒ་ལ་རི༔ མ་འཛོམ་ལུག་གི་བླ་ལ་བྱ༔ ཨོཾ་ཧཱུྃ་ཏྲཾ་ཧཱུྃཨཱནཾ་དང་༔ ཚེ་ཡི་སྙིང་པོ་ལ་སོགས་བྲི༔ ཚོན་སྐུད་སྣ་ལྔས་དཀྲིས་བྱས་ནས༔ སྲུང་སྐུད་དཀར་པོ་སྲད་བུ་དཀར༔ བཏགས་ནས་སྐུད་པ་ནག་པོས་སྦྲེལ༔ ཁྲམ་ཤིང་དང་བཅས་མདོས་ལ་བཙུགས༔ ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན༔ བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཡིན༔ ཁྱེད་མཁའ་འགྲོའི་ཚོགས་དང་ལྷ་སྲིན་ཚོགས༔ རྩེ་གཅིག་གུས་པའི་ཡིད་ཀྱིས་ཉོན༔ ཁྱོད་སྲོག་དང་དབུགས་ལ་ལོངས་སྤྱོད་ཅིང་༔ བླ་ཡིད་


CMR044_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་འཁྱེར་བ་ན༔ མི་ཁོམ་བརྒྱད་ཀྱི་འཇིགས་པ་ཡོད༔ ངན་སོང་གསུམ་ནས་ཐར་དུས་མེད༔ རྒྱུ་འབྲས་ནམ་ཡང་མི་བསླུ་བས༔ མཐོ་རིས་ཐར་ལམ་ཐོབ་འདོད་ན༔ སྤྲུལ་སྐུ་ཤཱཀ་ཐུབ་བཀའ་མ་བཅག༔ ཚེ་གཅིག་སངས་རྒྱས་ཐོབ་འདོད་ན༔ པདྨ་འབྱུང་གནས་དམ་མ་བཀྲལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་དང་༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདིར༔ སྔོན་ཆད་ཐོ་འཚམ་བྱས་གྱུར་ན༔ སྐུ་གླུད་མདོས་གཏོར་འདི་བཞེས་ལ༔ དོ་ནུབ་ད་ལྟ་འདི་ཉིད་དུ༔ བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོག༔ སྲོག་སྙིང་ནང་གྲོལ་གང་ཁྱེར་རྣམས༔ ནང་དུ་ཆུག་ལ་ཚེ་སྲོག་སྲིངས༔ བཀྲག་མདངས་གང་ཁྱེར་རྒྱབ་ཏུ་ཀློན༔ ནང་གྲོལ་ཤ་ཁྲག་རུས་པ་རྣམས༔ སྔོན་ཆད་གང་ཁྱེར་ས་རུ་ཞོག༔ སྲོག་སྙིང་བླ་གསུམ་ཁྱེར་བ་གཏོད༔ ཁྲག་གིས་ཁ་ཕྲུ་བཏབ་པ་ཁྲུས༔ འཇའ་ཚོན་ཞགས་པས་བཅིངས་པ་ཁྲོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕཊ༔ ཕཊ༔ ཅེས་བླ་བསླུའོ༔ སུན་མའི་ཡིད་བླ་ལ་ཆགས་པ་བཀྲོལ་ཏེ༔ ཐེབ་ཙེའི་དུ་རིགས་ལྔའི་ཕྱག་མཚན་པར་བཏབ་པ་དང་འབྲུ་སྣ་ཤ་དུམ་ཆངས་བུ་སོགས་བཤམས་ལ༔


CMR044_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་དང་བླ་མ་ལ་བསྐོར་བ་གསུམ་བྱས་ལ༔ མདོས་ནང་དུ་འབུལ་ལོ༔ ཧཱུྃ༔ སུན་མའི་མགྲོན་རྣམས་ཐམས་ཅད་ཀྱིས༔ སེམས་ཀྱི་ཡིད་ཆགས་བཀྲོལ་བ་ནི༔ རིགས་ལྔའི་ཕྱག་མཚན་མཆོད་པ་ཡིས༔ རིགས་ལྔ་མཁའ་འགྲོའི་ཡིད་ཆགས་བཀྲོལ༔ སྣ་ཚོགས་མཆོད་པ་ཕྱག་མཚན་གྱིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཡུལ་ཆེན་ཉི་ཤཱུ་རྩ་བཞི་ཡི༔ དཔའ་བོ་དཔའ་མོའི་ཡིད་ཆགས་བཀྲོལ༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ སྡེ་བརྒྱུད་སོ་སོའི་མཐུན་རྫས་ཀྱིས༔ དཔལ་ལྡན་མགོན་པོ་ལྕམ་དྲལ་དང་༔ ལྷ་སྲིན་སྡེ་བརྒྱད་ཡིད་ཆགས་བཀྲོལ༔ སྨན་བཤོས་མཆོད་པ་སྣ་ཚོགས་ཀྱིས་བརྟེན་སྐྱོང་སྨན་མོའི་ཡིད་ཆགས་བཀྲོལ༔ ཆངས་བུ་ཏིང་ལོ་ངར་མི་ཡིས༔ ལན་ཆགས་འབྱུང་པོའི་ཡིད་ཆགས་བཀྲོལ༔ ནད་དང་གདོན་གྱི་ཡིད་ཆགས་བཀྲོལ༔ དམ་སྲི་དམ་འདྲེ་དམ་ལ་ཐོགས༔ དེ་ནས་གདོན་ཐག་བཅད་པ་ནི༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་མཚོན་ཆ་ཡིས༔ དུག་ལྔ་མཁྲིས་པའི་གདོན་ཐག་ཆོད༔ ཡེ་ཤེས་མཚོན་ཆ་འབར་བ་ཡིས༔ རྩེ་ལ་ཡེ་ཤེས་མེ་འཕྲོས་པས༔ བསྐལ་པ་གསུམ་གྱི་ནད་གདོན་བསྲེགས༔ སྐེད་པར་ཡེ་ཤེས་རླུང་བྱུང་བས༔ བསྐལ་


CMR044_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱི་ནད་གདོན་གཏོར༔ རྩ་བར་ཡེ་ཤེས་ཆུ་བྱུང་བས༔ བསྐལ་པ་གསུམ་གྱི་ནད་གདོན་བཀྲུས་གདོན་གྱི་འཁྲི་ཐག་ད་ཆོད་ཅིག༔ ནད་ཀྱི་འཁྲི་ཐག་ད་ཆོད་ཅིག༔ བགེགས་ཀྱི་འཁྲི་ཐག་ད་ཆོད་ཅིག༔ སུན་མའི་འཁྲི་ཐག་ད་ཆོད་ཅིག༔ ཨོཾ་བྷྲཱུཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ རཾ་ཡཾ་ཁཾ༔ གདོན་གྱི་འཁྲི་ཐག་མཱ་ར་ཡ་རྦད༔ ཅེས་གྲི་ཚད་ལ་མེར་བསྲེག་ལ་བཅད༔ ནག་པོ་ལ་དཀར་པོ་འབྱར་ན་སླར་བླ་བསླུ་བྱའོ༔ དཀར་པོ་ལ་ནག་པོ་འབྱར་ན་ཡིད་ཆགས་བཀྲོལ་ཝིག་བྱའོ༔ ཙེས་སུན་ཟློག་དཔའ་བོ་གདན་བཞུགས་ཀྱི་ཁ་བཀང་ཨ་རཱ་གས་སོ༔ ༈ སློབ་དཔོན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མཁའ་འགྲོའི་སུན་ཟློག་འདི་ལ༔ རབ་ལུས་སེམས་འཆི་བའི་མཐའ་དང་བྲལ་བ༔ འབྲིང་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསུ་བར་བྱེད་པ༔ ཐ་མ་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་དབུགས་ལེན་ཅིང་བསུ་བར་བྱེད་པ༔ དེ་ཐམས་ཅད་འདི་ཡིས་བཟློག་པར་འགྱུར་ཏེ༔ སུན་ཟློག་ཐ་མ་ལས་སྦྱོར་བརྟན་མས་བཟློག་པར་བྱ་སྟེ༔ ཧཱུྃ༔ ནམ་མཁའ་གཡུ་ཡི་ལྡིང་ཁང་ནས༔ ཉི་འོད་འབར་བའི་སྨན་གཅིག་མ༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ༔ དགོངས་ཤིག་དགོངས་ཤིག་ཐུགས་དམ་དགོངས༔ འབོད་པའི་འགྲོ་བ་གྲངས་མང་ཡང་༔ ཧ་ཀྱང་ཉོན་


CMR044_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་མ་བསྐྱེད་ཅིག་བོས་ན་ཐུགས་ལོག་མ་མཛད་ཅིག༔ གཡབ་ན་ལེ་ལོ་མ་མཛད་ཅིག༔ ལས་ཀྱི་སུན་མ་བཟློག་ཏུ་གསོལ༔ ལྷ་ཀླུ་སྡེ་བརྒྱད་ལ་སོགས་པའི༔ འཆི་བདག་གཤིན་རྗེའི་སུན་མ་ཟློག༔ བརྟན་མ་ཡོངས་ཀྱི་གཙོ་མོ་སྟེ༔ དམག་གི་རྒྱལ་མོ་ཆེན་མོ་ཁྱོད༔ བདུད་རྩི་སྨན་གཏོར་རཀྟ་དང་༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ་དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ ཧཱུྃ༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ མ་མོ་ཡོངས་ཀྱི་སུན་མ་ཟློག༔ ལྷོ་ཡི་སྐྱེ་མཐིང་ཡ་མ་སྐྱོང་༔ བཙན་གྱི་རྒྱལ་མོའི་སུན་མ་ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ བདུད་ཀྱི་རྒྱལ་མོའི་སུན་མ་ཟློག༔ བྱང་གི་གསེར་ཐང་གཡུ་བུན་མ༔ གཤིན་རྗེ་རྒྱལ་པོའི་སུན་མ་ཟློག༔ གངས་དཀར་ཤ་མེད་སྨན་གཅིག་མ༔ སྨན་གྱི་རྒྱལ་མོའི་སུན་མ་ཟློག༔ བྱང་གི་བྱང་ཐང་ཏིང་མོ་སྨན༔ འགྲོག་གི་རྒྱལ་མོའི་སུན་མ་ཟློག༔ སྨན་བཙུན་ཁུག་ཆོས་དབྱར་མོ་བསིལ༔ ཀླུ་ཡི་རྒྱལ་མོའི་སུན་མ་ཟློག༔ དཔལ་ཆེན་གསང་བའི་གྲོགས་མཆོག་མ༔ རི་ཡི་རྒྱལ་མོའི་སུན་མ་ཟློག༔ སྐྱི་མཐིང་གངས་ཀྱི་ལ་རོ་སྨན༔ ཤེལ་ཟ་ལ་རོའི་སུན་མ་ཟློག༔ བརྟན་མའི་


CMR044_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོ་ལ་རོ་སྨན༔ མ་སང་རྒྱལ་མོའི་སུན་མ་ཟློག༔ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་༔ མ་བདུད་རྒྱལ་མོའི་སུན་མ་ཟློག༔ ལེགས་སྦྱོར་གསེར་ཐང་ཡི་གེ་རིས༔ དམུ་ཡི་རྒྱལ་མོའི་སུན་མ་ཟློག༔ གཡུ་ཡི་བུ་མོ་སི་ལེ་མ༔ གངས་ཀྱི་རྒྱལ་མོའི་སུན་མ་ཟློག༔ ན་ར་ཤེལ་གྱི་སྨན་གཅིག་མ༔ མ་སང་རྒྱལ་མོའི་སུན་མ་ཟློག༔ མི་།གཡོ་བརྟན་པའི་ས་འཛིན་མ༔ བགེགས་ཀྱི་རྒྱལ་མོའི་སུན་མ་ཟློག༔ འཛམ་གླིང་བསྟན་པའི་བརྟན་མ་དང་༔ བོད་ཁམས་སྐྱོང་བའི་སྐྱོང་མ་རྣམས༔ པདྨ་འབྱུང་གནས་ཕོ་ཉ་ས༔ རྐྱེན་རྣམས་བཟློག་པའི་མཐུ་མོ་ཆེ༔ དམག་དཔུང་བསྐྱེད་ལ་གཏོར་མ་ལོངས༔ བྱད་ཁ་ཕུར་ཁ་བཟློག་པ་དང་༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ བདུད་རྩི་སྨན་གཏོར་རཀྟ་དང་༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ བྷྱོ་བྷྱོ་བྷྱོ་ཡང་གཅིག་སུན་མ་བཟློག་པ་ནི༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ དཀར་མོ་སྤྱན་གཅིག་མ་ཡི་སུན་མ་ཟློག༔ མ་མོ་རྣམ་བཞིའི་སུན་མ་ཟློག༔ ལས་ཀྱི་མ་བཞིའི་སུན་མ་ཟློག༔ བསྲེ་ཡི་ལྷ་མོ་བཞི་ཡི་སུན་མ་ཟློག༔ གནོད་སྦྱིན་


CMR044_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འཕྲོག་བཞི་ཡི་སུན་མ་ཟློག༔ བཀའ་སྡོད་བློན་མོ་བཞི་ཡི་སུན་མ་ཟློག༔ དམག་རྒྱལ་མ་བཞིའི་སུན་མ་ཟློག༔ ཡིད་སྐྱེས་མ་མོ་བཞི་ཡི་སུན་མ་ཟློག༔ དབུགས་འཕྲོག་མ་མོ་བཞི་ཡི་སུན་མ་ཟློག༔ སྙིང་འཕྲོག་མ་མོ་བཞི་ཡི་སུན་མ་ཟློག༔ ལས་ཀྱི་མ་མོ་བཞི་ཡི་སུན་མ་ཟློག༔ མ་སྲིང་བརྟན་མའི་སུན་མ་ཟློག༔ སྟེང་ཕྱོགས་ལྷ་རྣམས་སུན་མ་ཟློག༔ འོག་ཕྱོགས་ཀླུ་རྣམས་སུན་མ་ཟློག༔ བར་སྣང་གཉེན་གྱི་སུན་མ་ཟློག༔ སྒྲུབ་པའི་ཚོགས་ཀྱི་སུན་མ་ཟློག༔ གིང་ཆེན་མཆོག་གི་སུན་མ་ཟློག༔ དབང་ཕྱུག་མ་ཚོགས་སུན་མ་ཟློག༔ མ་མོ་དྲུག་ཅུ་རྩ་བཞིའི་སུན་མ་ཟློག༔ འབར་མ་བརྒྱད་ཀྱི་སུན་མ་ཟློག༔ སྲིད་པའི་མ་མོ་བརྒྱད་ཀྱི་སུན་མ་ཟློག༔ ལས་ཀྱི་སྲིན་མོ་བཞི་ཡི་སུན་མ་ཟློག༔ བརྟན་སྐྱོང་མ་མོ་འཁོར་བཅས་སུན་མ་ཟློག༔ ལས་ཀྱི་མ་མོ་འཁོར་བཅས་སུན་མ་ཟློག༔ ཚོགས་དང་གཏོར་མ་འདི་བཞེས་ལ༔ བྱད་ཁ་རྦོད་གཏོང་སུན་མ་བཟློག་ཏུ་གསོལ༔ འབྱུང་བ་ལྔ་ཡི་སུན་མ་བཟློག་ཏུ་གསོལ༔ ཡི་དམ་ལྷ་ཡི་སུན་མ་བཟློག་ཏུ་གསོལ༔ མཁའ་འགྲོ་དམ་ཅན་མ་ལུས་དང་༔ སྲུང་མ་རྣམས་ཀྱི་སུན་མ་བཟློག་ཏུ་གསོལ༔ སྣང་སྲིད་མ་མོ་


CMR044_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ༔ འདོད་ཡོན་མཆོད་པ་འབུལ་བ་ནི༔ སེམས་དང་ནམ་མཁའ་ཤ་དང་ས༔ ཁྲག་དང་ཆུ་སྟེ་དྲོད་དང་མེ༔ དབུགས་རླུང་འབྱུང་ལྔའི་མཆོད་པ་འབུལ༔ དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས༔ ཤ་ཁྲག་ལ་སོགས་མཆོད་པ་འབུལ༔ མི་རྟ་གླང་ཆེན་རྨ་བྱ་ཁྱི་ཡི་ཤ་ཆེན་རྣམ་ལྔའི་མཆོད་པ་འབུལ༔ གཟུགས་སྣང་སྒྲ་གྲག་མི་དགེ་སྡིག་ལ་སོགས་མཆོད་པ་འབུལ༔ དགའ་བཞི་ཉམས་ཀྱི་མཆོད་པ་འབུལ༔ དགའ་བ་མཉམ་ཉིད་མཆོད་པ་འབུལ༔ ཡོན་ཆབ་མེ་ཏོག་བདུག་སྤོས་དང་༔ སྣང་གསལ་དྲི་མཆོག་ཞལ་ཟས་དང་༔ སྒྲ་སྙན་ལ་སོགས་མཆོད་པ་འབུལ༔ དུང་ཆེན་ཁ་སྦྱོར་དུང་ཁང་དུ༔ ཤ་ཆེན་ཚིལ་ཆེན་སྤོས་བལྟམས་དང་༔ དུར་ཁྲོད་ཆེན་པོའི་ས་གཞི་རུ༔ དབང་པོ་ལྔ་ཡི་མེ་ཏོག་བཀྲམ༔ རྐང་བུ་དུར་ཁྲོད་གཞལ་ཡས་སུ༔ ཚིལ་ཆེན་ཞུན་ཆེན་མར་མེ་བལྟམས༔ མཚན་ལྡན་བཀྲ་ཤིས་ཀཱ་པ་ལར༔ གཏོར་མ་ཡེ་ཤེས་བདུད་རྩིར་བསྒྱུར༔ བྷནྡྲ་ཉིད་ཀྱི་དཀྱིལ་འཁོར་དུ༔ ཤ་མང་ཁུར་བ་ལ་སོགས་པའི༔ རོ་བརྒྱ་ལྡན་པའི་ཚོགས་འཁོར་བཤམས༔ མཚན་ལྡན་རྡོ་རྗེ་ཀ་པཱ་ལར༔ འབྲུ་བཅུད་ཨ་མྲྀ་


CMR044_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཡིས་བཀང་༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ མཚན་ལྡན་རྒྱ་ཆེན་མཆོད་པ་འབུལ༔ ཐབས་དང་ཤེས་རབ་དཀྱིལ་འཁོར་དུ༔ རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱི༔ ཚངས་པའི་སྒྲ་དབྱངས་སྙན་པར་བྱེད༔ གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲས༔ མཆོད་པ་རྒྱ་ཆེན་ཁྱེད་ལ་འབུལ༔ མཆོད་པའི་ལྷ་མོ་ཐམས་ཅད་ཀྱིས༔ གར་སྟབས་བྱེད་ཅིང་མཆོད་པ་འབུལ༔ རིན་ཆེན་ཁང་པ་ཡང་བརྩེགས་དང་༔ རིན་ཆེན་གཏེར་གྱི་བུམ་པ་དང་༔ ཡིད་བཞིན་ནོར་བུ་རིན་ཆེན་དང་༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་མཆོད་པའི་ཚོགས༔ གདུགས་དང་རྒྱལ་མཚན་བ་དན་དང་༔ བླ་རེ་དར་འཕན་ལྡ་ལྡི་སོགས༔ མཆོད་པའི་སྤྲིན་ཕུང་ཅི་སྙེད་རྣམས༔ བླ་མ་ཡི་དམ་དཀོན་མཆོག་དང་༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ༔ ལྷ་ཀླུ་སྡེ་བརྒྱད་ལ་སོགས་པའི༔ འཆི་བདག་གཤིན་རྗེའི་སུན་མ་ཟློག༔ མི་དང་མི་མིན་ལ་སོགས་པའི༔ བྱད་ཁ་ཟོར་ཁ་ཕུར་ཁ་རྣམས༔ བྱད་མ་རྦོད་གཏོང་མཁན་ལ་ཟློག༔ རྨི་ལམ་མཚན་ལྟས་ངན་པ་ཟློག༔ དེ་ནས་སྡེ་བརྒྱད་སུན་ཟློག་བྱ་བ་ནི་འདི་སྐད་དོ༔ ཀྱཻ༔ སུམ་ཅུ་རྩ་གསུམ་ཡར་སྟེང་ནས༔ ལྷ་


CMR044_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྒྱལ་པོ་ཆེན་པོ་ལ༔ ལྷ་ཡི་འཁོར་ཚོགས་འབུམ་སྡེར་བཅས༔ ལྷ་ཡི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ ལྷ་ཡི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་ནས༔ གཤིན་རྗེའི་རྒྱལ་པོ་ཆེན་པོ་ལ༔ འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར༔ གཤིན་རྗེའི་འཁོར་ཚོགས་སུན་མ་ཟློག༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ གཤིན་རྗེའི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ ཁམས་གསུམ་དུར་ཁྲོད་ཆེན་པོ་ནས༔ མེ་རླུང་འཚུབ་མའི་ཕོ་བྲང་ནས༔ དཔལ་ལྡན་ལྷ་མོ་ཆེན་མོ་ལ༔ འཁོར་དུ་མ་མོ་འབུམ་སྡེར་བཅས༔ མ་མོའི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ མ་མོའི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ སྟོང་གསུམ་བདུད་ཁམས་ཆེན་པོ་ནས༔ བདུད་རྒྱལ་རེ་ལྡེ་མགོ་ཉག་ལ༔ འཁོར་དུ་བདུད་དམག་འབུམ་སྡེར་བཅས༔ བདུད་ཀྱི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ བདུད་ཀྱི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ ཐམས་ཅད་འདུལ་བྱེད་དཀྱིལ་འཁོར་ནས༔ རུ་ཏྲའི་རྒྱལ་པོ་ཆེན་པོ་ལ༔ འཁོར་དུ་


CMR044_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཏྲ་འབུམ་གྱིས་བསྐོར༔ རུ་ཏྲའི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ རུ་ཏྲའི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ བྲག་དམར་སྤུངས་པའི་ཕོ་བྲང་ནས༔ བཙན་གྱི་རྒྱལ་པོ་ཆེན་པོ་ལ༔ འཁོར་དུ་བཙན་དམག་འབུམ་སྡེར་བཅས༔ བཙན་གྱི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ བཙན་གྱི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ འོད་ཕུང་འབར་བའི་གུར་ཁང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ འཁོར་དུ་གཟའ་སྲིན་འབུམ་སྡེར་བཅས༔ གཟའ་ཡི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ གཟའ་ཡི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་ནས༔ གླིང་བཞི་གླིང་ཕྲན་གླིང་གཡོག་དང་༔ འཇིག་རྟེན་ཁམས་ལ་དབང་བྱེད་པའི༔ ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ༔ འཁོར་དུ་ཀླུ་དམག་འབུམ་སྡེར་བཅས༔ ཀླུ་ཡི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ ཀླུ་ཡི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ ཤེལ་མཁར་འོད་ཀྱི་གཞལ་ཡས་ནས༔ སྲོག་བདག་རྒྱལ་པོ་ཆེན་པོ་ལ༔ འཁོར་དུ་རྒྱལ་འགོང་འབུམ་སྡེའི་


CMR044_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར༔ རྒྱལ་པོའི་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ རྒྱལ་པོའི་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ བྱང་ཕྱོགས་རིན་ཆེན་ཁང་པ་ནས༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་ལ༔ འཁོར་དུ་གནོད་སྦྱིན་འབུམ་སྡེར་བཅས༔ གནོད་སྦྱིན་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ གནོད་སྦྱིན་སུན་མ་བཟློག་ཏུ་གསོལ༔ ཧཱུྃ༔ འོ་ཡུག་ཕྱི་བ་སྟག་རྩེ་ར༔ གཙང་བཙན་རྡོ་རྗེ་ལེགས་པ་ལ༔ འཁོར་དུ་ཐེའུ་རང་འབུམ་སྡེར་བཅས༔ གཙང་བཙན་འཁོར་ཚོགས་སུན་མ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ ཐེའུ་རང་སུན་མ་བཟློག་ཏུ་གསོལ༔ ལྷ་སྲིན་སྡེ་བརྒྱད་སྐག་དང་སུན་མ་ཟློག༔ ལྷ་སྲིན་སྡེ་བརྒྱད་གནོད་པ་ཐམས་ཅད་ཟློག༔ ལོ་སྐག་སྒྱུར་ལ་ཟླ་སྐག་ཟློག༔ ཞག་སྐག་བསྒྱུར་ལ་ཟ་སྐག་ཟློག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ འཆི་བར་ངེས་པའི་མི་ཡོད་ཀྱང་༔ ལོ་གསུམ་བར་དུ་བཤོལ་ཐོབ་ཅིག༔ བྷྱོབྷྱོབྷྱོ༔ ཟློག་ཟློག་ཟློག༔ དེ་ནས་གསེར་སྐྱེམས་མཆོད་ལ་འདི་སྐད་དོ༔ ཧཱུྃ༔ རི་རབ་ཆེན་པོའི་ཡར་སྟེང་ནས༔ རྣམ་པར་རྒྱལ་བའི་ཁང་བཟང་དུ༔ གནོད་སྦྱིན་


CMR044_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་འཁོར་བཅས་བཞུགས༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བར༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད༔ གཉན་ཆེན་བརྒྱད་པོ་འཁོར་དང་བཅས༔ གཟའ་དང་རྒྱུ་སྐར་བཅས་པ་དང་༔ ཕྱི་རྒྱུད་སྲུང་མའི་སུན་མ་རྣམས༔ འདོད་ཡོན་ལྔ་དང་ལྡན་པ་ཡི༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ བརྒྱ་བྱིན་ཚངས་པ་ལ་སོགས་པའི༔ ཕྱི་རྒྱུད་སྲུང་མའི་སུན་མ་རྣམས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ འཆི་བར་ངེས་པའི་མི་ཡོད་ཀྱང་༔ ལོ་གསུམ་བར་དུ་བཤོལ་ཐོབ་ཅིག༔ ལོ་སྐག་བསྒྱུར་ལ་ཞག་སྐག་ཟློག༔ ཞག་སྐག་བསྒྱུར་ལ་ཟ་སྐག་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ ས་བདག་གཉན་གྱི་སུན་མ་ཟློག༔ ཕ་མེས་མཚུན་གྱི་སུན་མ་ཟློག༔ མ་ཕྱི་སྨན་གྱི་སུན་མ་ཟློག༔ ཞང་ཉེ་གཉེན་གྱི་སུན་མ་ཟློག༔ བྲན་འཁོར་རྒྱབ་ཀྱི་སུན་མ་ཟློག༔ གཤིན་པོས་ངུར་འབོད་སུན་མ་ཟློག༔ འཆི་བར་ངེས་པའི་མི་ཡོད་ཀྱང་༔ ལོ་གསུམ་བར་དུ་བཤོལ་ཐོབ་ཅིག༔ ལོ་གསུམ་ཐལ་བའི་དུས་ཚོད་ལ༔ ལན་ཆགས་བགེགས་ལ་གླུད་ཅིག་འཇལ༔ འཆི་


CMR044_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བདུད་ལས་ཐར་ཅིག་འདོན༔ ཟླ་ནས་ལོ་རུ་བཤོལ་དུ་གསོལ༔ ལོ་ནས་ཚེ་རབས་ཀུན་ཏུ་བཤོལ༔ བདག་དང་ཡོན་བདག་འཁོར་བཅས་རྣམས༔ ཚེ་རིང་ནད་མེད་ཕུན་སུམ་ཚོགས༔ རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་གསེར་སྐྱེམས་བསྔོས་ལ་མདོས་བཏང་༔ འདི་ཤིན་ཏུ་གཉན་པས་ནུས་ལྡན་དམ་ཚིག་ཅན་གྱིས་བྱའོ༔ གང་རུང་གིས་བྱས་ན་རང་ལ་ལྡོག༔ རྣལ་འབྱོར་རང་དོན་སོགས་ལ་འདི་ཡིས་མི་བཟློག་མི་སྲིད་དོ༔ ༈ དེ་ནས་གསེར་སྐྱེམས་གཏོར་ཞིང་༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ༔ ས་ཕྱོགས་ཡུལ་རིས་འདི་དག་ལ༔ གནས་པའི་ས་བདག་ཀླུ་གཉན་ཀུན༔ རྣལ་འབྱོར་བདག་ལ་སྙན་གསོན་དང་༔ རིན་ཆེན་གསེར་སྐྱེམས་བདུད་རྩི་འདི༔ རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས༔ ཧེ་རུ་ཀ་ཡི་རྒྱུད་ལས་བྱུང་༔ ཡི་དམ་ལྷ་ཚོགས་མཆོད་པའི་རྫས༔ དཔའ་བོ་མཁའ་འགྲོ་འདུ་བའི་རྫས༔ ལྷ་འདྲེ་མི་གསུམ་མཉེས་པའི་རྫས༔ ཆང་དང་གསེར་དུ་སྦྱར་བ་འདི༔ ལྷ་ཀླུ་གཞི་བདག་རྣམས་ལ་འབུལ༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ སུན་མ་ཟློག་པའི་དཔང་པོ་མཛོད༔ མདོས་དང་ཟོར་གྱི་ལམ་ཕྱེས་ལ༔ མཐོ་བ་


CMR044_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་སྨོད་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག་མདོས་ལམ་ཕྱེས་ལ་ཟོར་ལམ་སོལ༔ སུན་མ་ཟློག་པའི་དཔང་པོ་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་སྒོ་དབྱེ་བ་ནི༔ ཧཱུྃ༔ ཕོ་བྲང་ཆེན་པོའི་ཤར་སྒོ་ནས༔ ཁ་གདོང་ནག་མོ་རྫུ་འཕྲུལ་ཅན་བྱམས་པ་ཚད་མེད་ལྕགས་ཀྱུ་ཡིས༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ སུན་མ་དུར་ཁྲོད་གནས་སུ་སྐྱོལ༔ སུན་མ་ཨོ་རྒྱན་གནས་སུ་སྐྱོལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ༔ ཧཱུྃ༔ ཕོ་བྲང་ཆེན་པོའི་ལྷོ་སྒོ་ནས༔ ཕག་གདོང་སེར་མོ་མཐུ་རྩལ་ཅན༔ སྙིང་རྗེ་ཚད་མེད་ཞགས་པ་ཡིས༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ སུན་མ་དུར་ཁྲོད་གནས་སུ་སྐྱོལ༔ སུན་མ་ཨོ་རྒྱན་གནས་སུ་སྐྱོལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ༔ ཧཱུྃ༔ ཕོ་བྲང་ནང་གི་ནུབ་སྒོ་ནས༔ ཁྱི་གདོང་དམར་མོ་འཇིགས་པའི་གཟུགས༔ དགའ་བ་ཚད་མེད་ལྕགས་སྒྲོག་གིས༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ སུན་མ་དུར་ཁྲོད་གནས་སུ་སྐྱོལ༔ སུན་མ་ཨོ་རྒྱན་གནས་སུ་སྐྱོལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ་


CMR044_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕོ་བྲང་ཆེན་པོའི་བྱང་སྒོ་ནས་༔ འུག་གདོང་ལྗང་གུ་དྲག་རྩལ་ཅན༔ བཏང་སྙོམས་ཚད་མེད་དྲིལ་བུ་ཡིས༔ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས༔ སུན་མ་དུར་ཁྲོད་གནས་སུ་སྐྱོལ༔ སུན་མ་ཨོ་རྒྱན་གནས་སུ་སྐྱོལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ༔ སྒོ་མ་རྣམས་ཀྱིས་སྒོ་ཕྱེས་ལ༔ འཕྲང་མ་རྣམས་ཀྱིས་འཕྲང་སོལ་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྱོགས་བཞིའི་རྩང་ཤབ་ལ་མདོས་ནང་དུ་བཞག་ག་གོ༔ དཔའ་བོ་གདན་བཞུགས་ལྷན་ཐབས་སུ་ཨ་རཱ་གས་སོ༔ ༈ དེ་ནས་མདོས་ཁ་ཕྱིར་བསྒྱུར་ལ་འདི་སྐད་དོ༔ ཧཱུྃ༔ དགོངས་ཤིག་གནས་མཆོག་དམ་པ་འདིར༔ དཔའ་བོ་དཔའ་མོ་འཁོར་བཅས་རྣམས༔ སྔགས་འཆང་རྣལ་འབྱོར་སྐུ་ཚེ་སྲིངས༔ སུན་མ་བཟློག་ཕྱིར་དངོས་གྲུབ་ནུ༔ ད་ནི་གཤེགས་ཤིག་གཤེགས་རེ་རན༔ ད་ནི་བཞུགས་པ་ཡུན་མ་རིང་༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ མཁའ་འགྲོའི་འབོད་པ་ཏི་རི་རི༔ རོལ་མོ་སིལ་སྙན་ཁྲོ་ལོ་ལོ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ དཔའ་བོས་བྲོ་རྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་ཤུགས་གླུ་ཀྱུ་རུ་རུ༔ མཁའ་འགྲོས་བརྡ་སྐད་ཏི་རི་


CMR044_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རི༔ གནས་མཆོག་དེ་ནི་དྭངས་རེ་སྤྲོ༔ གནས་མཆོག་དེ་ནི་དྲི་རེ་ཞིམ༔ མཁའ་འགྲོའི་ཚོགས་རྣམས་ད་བཞུད་ཅིག༔ རང་རང་གཞལ་ཡས་ཁང་ལ་གཤེགས༔ ཁྱེད་རྣམས་གཞལ་ཡས་ཁང་ལ་སྐྱོ༔ སྐྱེལ་ལོ་རང་རང་གནས་སུ་བསྐྱེལ༔ ཁྱེད་རྣམས་གཤེགས་པའི་ཡུལ་ལམ་བདེ༔ དྲི་བཟང་དེ་ནི་སྨན་གྱི་ཡུལ༔ དྲི་བཟང་སྤོས་ངད་ཆི་ལི་ལི༔ འཇའ་ཚོན་སྣ་ལྔ་སྤུངས་སེ་སྤུང་༔ དར་ཟབ་སྣ་ཚོགས་ལྷུབས་སེ་ལྷུབ༔ ད་ནི་ཁྱེད་རང་གནས་སུ་གཤེགས༔ ད་གཤེགས་དེ་ནི་བཞུད་རེ་རན༔ ཁྱེད་རྣམས་གཤེགས་པའི་ཤུལ་ལམ་དེར༔ གཤེགས་སོ་གཤེགས་སོ་ཤ་ར་ར༔ ཁྱེད་ཅག་མ་སྲིང་མཁའ་འགྲོ་རྣམས༔ རང་རང་སོ་སོའི་གནས་སུ་གཤེགས༔ ཀྱཻ༔ མཁའ་འགྲོའི་ལམ་བསྟན་ནུབ་ཏུ་བསྟན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ དུར་ཁྲོད་གླིང་མཆོག་ཉམས་རེ་དགའ༔ བམ་ཆེན་མི་རོ་དཔངས་རེ་མཐོ༔ ཚིལ་ཆེན་མར་མེ་འོད་རེ་གསལཾ༔ རཀྟའི་རྒྱ་མཚོ་མདངས་རེ་ཆེ༔ རྐང་གླིང་དུང་ཆེན་སྐད་རེ་སྙན༔ མི་ལྤགས་གཡང་གཞི་གོས་རེ་དྲོ༔ ཐོད་པའི་སྐུ་མཁར་བརྗིད་རེ་ཆེ༔ མཁའ་འགྲོའི་བརྡ་སྐད་ཏི་རི་རི༔ དཔའ་བོས་གར་བྱེད་ཁྱུགས་སེ་ཁྱུག༔


CMR044_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོས་གླུ་ལེན་ཅེ་རེ་རེ༔ སྨན་སྤོས་ངད་པ་ཀྱི་ལི་ལི༔ ཤིང་ཐོག་མེ་ཏོག་བཀྲག་མདངས་ལྡན༔ གསུང་སྙན་སྒྲ་དབྱངས་ཏི་རི་རི༔ མཛེས་པའི་བྱ་རིགས་གྱ་མ་གྱུ༔ གཙང་པོའི་ཆུ་འབབ་མེ་རེ་རེ༔ ཞལ་ཟས་སྣ་ཚོགས་སྤུངས་སེ་སྤུང་༔ དར་གྱི་ཅོད་པན་པུ་རུ་རུ༔ ན་བཟའ་དར་ཤམ་ལྷུབས་སེ་ལྷུབ༔ གཡུ་ཡི་ཞྭ་ཅིག་ཐིབས་སེ་ཐིབ༔ དེ་འདྲའི་གནས་མཆོག་ཉམས་རེ་དགའ༔ མཁའ་འགྲོའི་ལམ་བསྟན་དེ་རུ་བསྟན༔ ད་ནི་གཤེགས་ཤིག་གཤེགས་རེ་རན༔ མཁའ་འགྲོའི་བརྡ་སྐད་ཏི་རི་རི༔ ཐོད་པའི་ཌཱ་དྲིལ་ཁྲོ་ལོ་ལོ༔ དུང་དང་པི་ཝང་སྐད་རེ་བཟང་༔ རྒྱན་ཆེ་མང་པོ་སི་ལི་ལི༔ དེ་འདྲའི་གནས་སུ་ད་གཤེགས་ཤིག༔ སྐྱི་བསེར་རླུང་ལ་བཅིབས་ཏེ་གཤེགས༔ བྱ་རྒྱལ་ཁྱུང་ལ་བཅིབས་ཏེ་གཤེགས༔ རྟ་དྲེལ་བོང་གསུམ་ཆིབས་ལ་གཤེགས༔ སྟག་དང་གཟིག་ལ་ཆིབས་ལ་གཤེགས༔ དོམ་དང་དྲེད་ལ་ཆིབས་ལ་གཤེགས༔ གཡི་དང་སྤྱང་ཀུར་ཆིབས་ལ་གཤེགས༔ མཁའ་འགྲོས་ལམ་བསྟན་ཨོ་རྒྱན་ཡུལ༔ སྣང་སྲིད་ལྷ་འདྲེའི་ལམ་བསྟན་ནི༔ སྡང་བའི་དགྲ་ལ་ལམ་བསྟན་ནོ༔ གནོད་པའི་བགེགས་ལ་ལམ་བསྟན་


CMR044_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ནོ༔ དེ་ནས་མདོས་ཀྱི་གཏོར་རྫོང་ནི༔ གཏོར་ཆུང་རིམ་པར་འབུལ་ཏེ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་གཏོར་ལེན་མ༔ དཀར་མོ་དུང་གི་གཞོང་པ་ཐོགས༔ རྡོ་རྗེའི་གཤོག་པ་བརྡབས་པ་ཡིས༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་སྐད་ཅིག་ཡུད་ལ་གཅོད་པར་བྱེད༔ གཏོར་མ་ཁྱེར་ལ་གནས་སུ་བཞུད༔ རྒྱལ་པོའི་གདོན་ཚོགས་སུན་མ་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ རིན་ཆེན་མཁའ་འགྲོ་གཏོར་ལེན་མ༔ སེར་མོ་གསེར་གྱི་གཞོང་པ་ཐོགས༔ རིན་ཆེན་གཤོག་པ་བརྡབས་པ་ཡིས༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་༔ སྐད་ཅིག་ཡུད་ལ་གཅོད་པར་བྱེད༔ གཏོར་མ་ཁྱེར་ལ་གནས་སུ་བཞུད༔ གཤིན་རྗེའི་གདོན་ཚོགས་སུན་མ་ཟློག༔ བཅོལ་བའི་ཕྲིན་ལས་*འགྲུབ་པར་མཛོད༔ ཧཱུྃ༔ པདྨ་མཁའ་འགྲོ་གཏོར་ལེན་མ༔ དམར་མོ་ཟངས་ཀྱི་གཞོང་པ་ཐོགས༔ པདྨའི་གཤོག་པ་བརྡབས་པ་ཡིས༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་༔ སྐད་ཅིག་ཡུད་ལ་གཅོད་པར་བྱེད༔ གཏོར་མ་ཁྱེར་ལ་གནས་སུ་བཞུད༔ ཀླུ་ཡི་གདོན་ཚོགས་སུན་མ་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལས་


CMR044_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཁའ་འགྲོ་གཏོར་ལེན་མ༔ ལྗང་མོ་གཡུ་ཡི་གཞོང་པ་ཐོགས༔ རྒྱ་གྲམ་གཤོག་པ་བརྡབས་པ་ཡིས༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་༔ སྐད་ཅིག་ཡུད་ལ་གཅོད་པར་བྱེད༔ གཏོར་མ་ཁྱེར་ལ་གནས་སུ་བཞུད༔ གནོད་སྦྱིན་གདོན་ཚོགས་སུན་མ་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་མཁའ་འགྲོ་གཏོར་ལེན་མ༔ སྔོན་མོ་མུ་མེན་གཞོང་པ་ཐོགས༔ འཁོར་ལོའི་གཤོག་པ་བརྡབས་པ་ཡིས༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་༔ སྐད་ཅིག་ཡུད་ལ་གཅོད་པར་བྱེད༔ གཏོར་མ་ཁྱེར་ལ་གནས་སུ་བཞུད༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་རྫོངས་འདེབས་ནི་འབྲུ་སྣ་སོགས་འདེབ་ཅིང་༔ ཧཱུྃ་བྷྱོ༔ གཙོ་མོ་ཡུམ་ཆེན་མ་གཅིག་མ༔ ཆོས་ཀྱི་དབྱིངས་སུ་རྫོངས་འདེབས་སོ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ ཤར་གྱི་ཕྱོགས་སུ་རྫོ་ངས་འདེབས་སོ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ ལྷོ་ཡི་ཕྱོགས་སུ་རྫོངས་འདེབས་སོ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ ནུབ་ཀྱི་ཕྱོགས་སུ་རྫོངས་འདེབས་སོ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ བྱང་གི་ཕྱོགས་སུ་


CMR044_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རྫོངས་འདེབས་སོ༔ དེ་བཞིན་རིགས་ཀྱི་མཁའ་འགྲོ་མ༔ ནམ་མཁའི་དབྱིངས་སུ་རྫོངས་འདེབས་སོ༔ དབང་ཕྱུག་ཆེན་པོ་ཉི་ཤཱུ་བརྒྱད༔ རཀྟའི་ཀློང་དུ་རྫོངས་འདེབས་སོ༔ བརྟན་མ་ཆེན་མོ་བཅུ་གཉིས་ཀྱང་༔ ཀེང་རུས་གནས་སུ་རྫོ་ངས་འདེབས་སོ༔ སུན་མའི་མགྲོན་རྣམས་ཐམས་ཅད་ལ༔ འདོད་ཡོན་ལྔ་ཡི་སྡོངས་སུ་འདེབས༔ གསེར་གཡུ་དངུལ་གསུམ་རྫོངས་སུ་འདེབས༔ ཇ་ཚོས་རམ་གསུམ་རྫོངས་སུ་འདེབས༔ རས་འཕྲུག་ཐེར་གསུམ་རྫོངས་སུ་འདེབས༔ ལྷ་ཆ་པད་ཀོར་རྫོངས་སུ་འདེབས༔ འབྲུ་དང་བང་མཛོད་རྫོངས་སུ་འདེབས༔ རྫོངས་འདེབས་དྲག་པོ་འདི་བཞེས་ལ༔ རིན་ཆེན་རྒྱན་ཆ་སྤུངས་སེ་འབྱོན་པར་ཞུ༔ རུས་པའི་རྒྱན་ཆ་ཁྲོ་ལེ་འབྱོན་པར་ཞུ༔ སྦ་གླིང་སྙུག་གླིང་ཀྱུ་རེ་འབྱོན་པར་ཞུ༔ གླུ་ལེན་བཀྲ་ཤིས་བརྗོད་དེ་འབྱོན་པར་ཞུ༔ དེ་ནས་གཡང་ལེན་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས༔ མདོས་ལ་མི་རྫོངས་གཡང་དུ་ལེན༔ ཕ་མྱེས་རྒྱུད་པའི་སྲུང་མ་དང་མགོན་སྐྱོབ་བྱེད་པའི་ལྷ་ལྔ་རྣམས༔ མདོས་ལ་མི་རྫོ་ངས་གཡང་དུ་ལེན༔ བཀྲ་ཤིས་རྟགས་བརྒྱད་རིན་


CMR044_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བདུན༔ དཔག་བསམ་ཤིང་དང་འདོད་འཇོའི་བུ༔ མདོས་ལ་མི་རྫོངས་གཡང་དུ་ལེན༔ བདག་གི་ཚེ་སྲིངས་ལོངས་སྤྱོད་སྤེལ་ཅི་བསམ་དོན་རྣམས་འགྲུབ་པར་མཛོད༔ གཡང་ཕུད་ལ་མཚོན་མི་བཏང་བར་བཟའོ༔ དེ་ཡང་བུམ་པ་ནོར་བུ་ཉི་ཟླ་རྡོ་རྗེ་སོགས་བྱུང་ན་བཟང་ངོ་༔ མཁའ་འགྲོའི་གཟུགས་བྱུང་ན་སུན་ཟློག་གིས་ལེན་དགོས༔ རྟ་དང་སེངྒེ་སོགས་བྱུང་ན་ངན་ནོ༔ སླར་སུན་ཟློག་བསྐྱར་བར་བྱའོ༔ ༈ དེ་ནས་མདོས་ལ་དབང་བསྐུར་བ་ནི༔ རིགས་ལྔའི་དབུ་རྒྱན་གཅིག་མདོས་ཀྱི་སྟེང་དུ་བཟུང་ནས༔ མདོས་ལ་ནས་འཐོར་ཞིང་༔ ཧཱུྃ༔ དེ་རིང་སྲིད་པའི་མདོས་ཆེན་ལ༔ ཡེ་ཤེས་ལྔ་ཡིས་ང་བསྐུར་རོ༔ ཤཱཀྱ་ཐུབ་པས་དབང་བསྐུར་རོ༔ རིགས་གསུམ་མགོན་པོས་དབང་བསྐུར་རོ༔ དྲག་པོ་སྔགས་ཀྱིས་དབང་བསྐུར་རོ༔ སྔོན་མོ་ནས་ཀྱིས་དབང་བསྐུར་རོ༔ ལྷ་ཀླུ་ཀུན་གྱིས་དཔང་པོ་མཛོད༔ མདོས་སྣ་ཚུར་ལ་མ་ལོག་ཅིག༔ ཁྲོ་བོ་ཁྲོ་མོ་བན་བོན་སོགས༔ སྟོབས་ཆེན་སུ་དང་འཕྲད་གྱུར་ཀྱང་༔ མདོས་སྣ་ཚུར་ལ་མ་ལོག་ཅིག༔ མཁའ་འགྲོའི་སུན་མ་ཁྱེད་རྣམས་ཀྱིས༔ རླུང་དང་འཚུབ་མར་སྐུ་སྤྲུལ་ལ༔ མདོས་ལོངས་གླུད་ཁྱེར་མཁའ་འགྲོ་མ༔ བྷྱོ༔བྷྱོ༔ ཟློག་ཟློག༔


CMR044_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དར་ཁྲམ་བཀྱག་པ་ནི༔ ཁྱེའུ་དབུ་རྒྱན་གྱོན་པ་གཉིས༔ མེ་རུ་བཏེག་ལ་རས་སྣམ་བཀྱག༔ འཇའ་ཚོན་ལམ་གྱི་ཚུལ་དུ་བྱ༔ ཀྱཻ༔ ད་ནི་དར་ཁྲམ་བཀྱག་རན་ཡིན༔ ཡེ་ཤེས་མཁའ་འགྲོ་མན་ཆད་ནས༔ སྣང་སྲིད་ལྷ་འདྲེ་ཡན་ཆད་ཀུན༔ སྤྱན་གྱིས་གཟིགས་ལ་སྙན་གྱིས་གསོན༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ རྒྱུ་རྣམ་པར་དག་པའི་ནོར་ཕྱུགས་ནས༔ ཁྱེད་སུན་མ་རྣམས་ལ་གླུད་དུ་འབུལ༔ སྐུ་གླུད་མདོས་གཏོར་འདི་བཞེས་ལ༔ མཁའ་འགྲོའི་ཚོགས་རྣམས་ཆས་རན་སིན༔ དུར་བྱ་ཀཾ་ཀ་ཆིབས་རན་སིན༔ སོག་བྱའི་རྟ་ལ་ཆིབས་རན་སིན༔ མེ་ཏོག་ཕྲེང་བ་ཐོགས་རིན་སིན༔ ཞིང་གི་གཡང་གཞི་ཐོགས་རན་སིན༔ ཞིང་ཆེན་གཡང་གཞི་གྱོན་རན་སིན༔ དུར་ཁྲོད་ཆས་སུ་ཞུགས་རན་སིན༔ ཡེ་ཤེས་མཁའ་འགྲོ་ཆས་རན་སིན༔ ལས་ཀྱི་མཁའ་འགྲོ་ཆས་རན་སིན༔ འཇིག་རྟེན་མཁའ་འགྲོ་ཆས་རན་སིན༔ གིང་ཕོ་གིང་མོ་ཆས་རན་སིན༔ དུར་ཁྲོད་མཁའ་འགྲོ་ཆས་རན་སིན༔ བརྟན་མ་སྐྱོང་མ་ཆས་རན་སིན༔ ནམ་མཁའི་དབྱིངས་སུ་གཤེགས་རིན་སིན༔ གངས་དཀར་རྩེ་ན་གཤེགས་རན་སིན༔ དུར་ཁྲོད་གནས་ནས་གཤེགས་རན་སིན༔ ཨོ་རྒྱན་


CMR044_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཤེགས་རན་སིན༔ ཡེ་ཤེས་མཁའ་འགྲོ་མན་ཆད་དང་༔ འཇིག་རྟེན་མཁའ་འགྲོ་ཡན་ཆད་ཀྱི༔ ད་ནི་དར་ཁྲམ་བཀྱག་རན་སིན༔ མདོས་དང་གཏོར་མ་འདི་བཞེས་ལ༔ དར་ཁྲམ་ཐམས་ཅད་ད་ཁྱོག་ཅིག༔ དར་ཁྲམ་གཉན་པོ་དགྲ་དང་བགེགས་ལ་སྒྱུར༔ འཁོར་འདི་སྲུང་ལ་བར་ཆད་ཟློག༔ བྷུདྡྷོ༔ ཟློག་ཟློག༔ སྒྱུར་སྒྱུར༔ ཅེས་རྒྱབ་ནས་ཕར་དྲིལ་ལོ༔ ༈ དེ་ནས་སྐྱེལ་དར་ལེན་པ་ནི༔ ཀྱཻ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀུན༔ མ་ཡེངས་བདག་ལ་སྙན་གསོན་དང་༔ ངས་སུན་མ་དུར་ཁྲོད་གནས་སུ་སྐྱེལ༔ སུན་མ་ཨོ་རྒྱན་གནས་སུ་སྐྱེལ༔ ཡེ་ཤེས་ལྔ་ཡི་དངོས་གྲུབ་དེ༔ ཡོན་བདག་འདི་ལ་སྐྱེལ་དར་ཞོག༔ སྐུ་ལྔ་ལྷུན་གྲུབ་དངོས་གྲུབ་དེ༔ ཡོན་བདག་འདི་ལ་བྱིན་གྱིས་རློབས༔ རིགས་ལྔའི་མཁའ་འགྲོ་འབུམ་སྡེ་རྣམས༔ རྐང་པ་རྡོ་རྗེའི་འགྲོས་སྟབས་ཅན༔ མཁའ་ལ་ཐོག་མེད་བུན་ནེ་བུན༔ ལག་པ་རིན་ཆེན་གདུ་གུ་ཅན༔ ཌཱ་རུ་ཅང་ཏེའུ་ཁྲ་ལ་ལ༔ ན་བཟའ་དར་གྱི་ཅོད་པན་ཅན༔ རླུང་གིས་བསྐྱོད་དར་པུ་རུ་རུ༔ རང་རང་གནས་སུ་གཤེགས་སུ་གསོལ༔ ཅེས་བརྗོད་ལ་དངོས་གྲུབ་བྱིན་པར་བསམ་ལ་མདོས་ཕྱི་


CMR044_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་ཁྱེར་རོ༔ དཔའ་བོ་གདན་བཞུགས་ཀྱི་ཁ་བཀང་དུ་ཨ་རཱ་གས་སོ༔ གོང་གིས་བྲེ་ཕུལ་དང་སྲང་ལ་བྱེ་མ་དང་རྡོ་དཀར་ནག༔ མར་ཐུད་འབྲུ་རིན་པོ་ཆེ་གསེར་དངུལ་ལ་སོགས་འཇལ་བའི་ཚུལ་གྱིས༔ གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པས་གྲངས་མང་པོ་གཤར་ཅིང་༔ གླུད་རྫོངས་ཡིག་ཆུང་ནས་འབྱུང་བ་ལྟར་བརྗོད་ཅིང་༔ ཐམས་ཅད་ཀྱི་རྫོངས་གདབ་པའི་ཚུལ་དུ་བྱས་ལ༔ འོ་སྣང་ཞིང་སྲིད་པའི་མ་མོ་མཁའ་འགྲོ་དྲེགས་པ་སྡེ་བརྒྱད༔ འདྲེ་སྲིན་འབྱུང་པོ༔ མ་ཡམས་ལ་སོགས་པ་སྦྱིན་བདག་སྒྲེ་ལ་འཚེ་བར་བྱེད་པ་ཁྱེད་རྣམས་ལ༔ ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་བསགས་པའི་ལན་ཆགས་སྟོང་འདྲེ་ཐམས་ཅད་གཞལ་བ་ཡིན་ནོ༔ ལན་ཆགས་འཁོར་རོ༔ བུ་ལོན་བྱང་ངོ་༔ སྟོང་དྲིན་དག་གོ༔ སྔོན་གྱི་ལས་ལས་གྱུར་པའི་བུ་ལོན་ལན་ཆགས་ཐམས་ཅད་བྱང་ངོ་༔ དག་གོ༔ འཕྲལ་གྱི་རྐྱེན་ལས་གྱུར་པའི་བུ་ལོན་ལན་ཆགས་ཐམས་ཅད་འཁོར་རོ༔ བྱང་ངོ་༔ དག་གོ༔ ཕྱི་ཤ་ཁྲག་ལྤགས་པའི་གླུད༔ ནང་དོན་ལྔ་སྣོད་དྲུག་གི་གླུད༔ རྣམ་ཤེས་ཚོགས་བརྒྱད་ཀྱི་གླུད༔ ཚེའི་གླུད༔ སྲོག་གི་གླུད༔ དབང་ཐང་གི་གླུད་དུ་གཞལ་བ་ཡིན་པས༔ ཐོབ་པར་གྱིས་ལ་སོང་ཞིག༔ ངོམ་པར་གྱིས་ལ་སོང་


CMR044_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག༔ བགྲང་བར་གྱིས་ལ་སོང་ཞིག༔ ཚིམ་པར་གྱིས་ལ་སོང་ཞིག༔ མགུ་བར་གྱིས་ལ་སོང་ཞིག༔ མ་ཆགས་པར་གྱིས་ལ་སོང་ཞིག༔ མི་འཁོར་བར་སོང་ཞིག༔ ཕྱི་མིག་མ་ལྟ་བར་སོང་ཞིག༔ ཅེས་བརྗོད་ལ་རྫས་རྣམས་མ་མོའི་མདོས་མདུན་དུ་སྤུང་ངོ༔ དེ་ནས་མདོས་ལམ་དུ་ཆས་པའོ༔ དེ་ནས་མདོས་འབུལ་སར་ཕྱིན་ནས་ཆད་ཐོ་བཏང་ལ་ཆད་མདོའི་གཏོར་མ་ཕུལ༔ དེ་ནས་མདོས་བཏེག་བཅུག་ལ་མདོས་ཟོར་བཏང་བའོ༔ ༈ དེ་ནས་ཟོར་འཕང་བ་ནི༔ ཧཱུྃ༔ དམར་ཆེན་གཏོར་མ་ཆེན་པོ་འདི༔ མཁའ་འགྲོ་དམ་ཅན་མཆོད་པའི་རྫ་ས༔ བགེགས་དང་དམ་སྲི་བསྒྲལ་བའི་མཚོན༔ ནད་དང་རིམས་ཀྱི་ན་བུན་འཐུལ༔ མཚོན་དང་ཐུན་གྱི་ཆར་པ་འབེབས༔ བསྟན་པ་བཤིགས་པའི་དགྲ་བོ་ལ༔ མཚོན་གྱི་ཆར་པ་སྣ་ཚོགས་ཕོབ༔ ཁྲག་ཐུན་སྔགས་ཟོར་དེ་ལ་རྒྱོབ༔ ཕུང་བྱེད་འདྲེ་ལ་གཏོར་ཟོར་རྒྱོབ༔ གནོད་པའི་བགེགས་ལ་གཏོར་ཟོར་རྒྱོབ༔ ཟ་བའི་འདྲེ་ལ་གཏོར་ཟོར་རྒྱོབ༔ བར་ཆད་རྐྱེན་ལ་གཏོར་ཟོར་རྒྱབ༔ ལྔ་ཕུང་ལུས་ལ་གཏོར་ཟོར་རྒྱོབ༔ གཏོར་ཟོར་དགྲ་དང་བགེགས་ལ་རྒྱོབ༔ དགྲ་བོ་དམ་སྲི་རྡུལ་དུ་རློག༔ སྣང་སྲིད་ཐམས་ཅད་མདོས་སུ་བཤམས༔ མ་མོ་མཁའ་


CMR044_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་དམག་དཔུང་ཟློག༔ ཤ་ཁྲག་དམར་གྱི་གཏོར་ཆེན་འདི༔ མཚོན་ཆ་འབར་བའི་འཁོར་ལོ་བསྐོར༔ དགྲ་དང་བགེགས་ཀྱི་བར་ཆད་ཟློག༔ ངར་གླུད་དཀོར་ཆ་དཔུང་དང་བཅས༔ སྣང་སྲིད་ཡོངས་ཀྱི་རྐྱེན་ཁ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག༔ གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ རྨི་ལམ་མཚན་ལྟས་ངན་པ་ཟློག༔ བྱད་ཟོར་གཏད་ཁ་ངན་པ་ཟློག༔ རླུང་འཁོར་ཕུང་སེལ་ཐམས་ཅད་ཟློག༔ ནད་ཁ་རིམས་ཁ་ཐམས་ཅད་ཟློག༔ གཞན་གྱི་བསམ་སྦྱོར་ངན་པ་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ བཟློག་གོ་དགྲ་དང་བགེགས་ལ་སྒྱུར༔ བཟློག་གོ་མདོས་གཏོར་འདི་ཡིས་ཟློག༔ ཆག་ཆེ་ཉམ་ང་དགྲ་དང་བགེགས་ལ་ཟློག༔ བར་ཆད་རྐྱེན་ངན་ཐམས་ཅད་ཟློག༔ ཅེས་ཟོར་འཕང་༔ དེ་ནས་མདོས་ཕུལ༔ ཐལ་མོ་བརྡབ་བོ༔ དེ་ནས་བཤལ་ཆུས་བརྟན་མ་འདོན༔ རྟ་བྲོ་བྱ༔ ནང་དུ་ལོགས་ལ་ཆེ་


CMR044_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས༔ དངོས་གྲུབ་བླངས༔ ཤིས་པ་བརྗོད་བསྔོ་སྨོན་གྱིས་རྒྱས་བཏབ་བྱའོ༔ ༈ སློབ་དཔོན་པདྨས་མཛད་པའི་རྣལ་འབྱོར་ཕོ་མོའི་བརྟན་བཞུགས་མཁའ་འགྲོའི་སུན་ཟློག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ཞེས་བྱ་བ༔ བདག་འདྲ་མཁར་ཆེན་བཟས་ཡི་གེར་བཀོད་པ་དགེའོ༔ རྐྱེན་ཟློག་ཟབ་མོ་མཐར་ཐུག་འདི༔ ཐུགས་སྒྲུབ་ཆེན་མོའི་ལས་ཚོགས་སུ༔ དགེ་རིའི་བྲག་ལ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སཱ་མཱ་ཡཱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ༈ ཆོས་རྒྱལ་རཏྣ་གླིང་པས་དམྱལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ༔ སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་མཁའ་འགྲོའི་སུན་ཟློག་དཔའ་བོ་གདན་བཞུགས་ལག་ལེན་འཕྱོང་དང་བཅས་པ།next