Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲི་མེད་མཁའ་འགྲོ་མས་ཤོ་ཞུས།
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲི་མེད་མཁའ་འགྲོ་མས་ཤོ་ཞུས།next

དྲི་མེད་མཁའ་འགྲོ་མས་ཤོ་ཞུས།


CMR044_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་མཁའ་འགྲོ་མས་ཤོ་ཞུས་བཞུགས། སློབ་དཔོན་གྱི་གསུངས་པའོ། ཁྱེད་ལས་ཀྱི་མཁའ་འགྲོ་ཚུར་ཉོན་དང་། །ངེད་ཀྱང་ལས་ཀྱི་དཔའ་བོ་ཡིན། །འགྲོ་བ་སེམས་ཅན་ཟས་སུ་ཟ་ན་ཡང་། །དོ་ནུབ་འདི་ན་འཚོགས་རྒྱུ་མེད། །རྣམ་ཤེས་ཁྱོད་ཀྱིས་བསུ་རྒྱུ་མེད། །ལས་ཀྱི་ཕོ་ཉ་བྱེད་མི་མེད། །རིགས་ལྔ་མཁའ་འགྲོས་མ་བསུས་མེད། །ཁྱོད་ལས་ཀྱི་མཁའ་འགྲོས་བསུ་རྒྱུ་མེད། །རོ་མོ་སིལ་སྙན་སྙན་རྒྱུ་མེད། །མདའ་དར་སྤུངས་སེ་ཁྲིད་རྒྱུ་མེད། །དར་ཐག་ལམ་ཡང་སྨོན་རྒྱུ་མེད། །གྲི་གུག་ཐོད་ཁྲག་འཇིགས་རྒྱུ་ཟམེད། །འགྲོ་དྲུག་སེམས་ཅན་འཚོགས་པ་ཡང་། །ཡོངས་སུ་བརྩིས་ན་ཤན་པ་ཡིན། །ཤ་ཁྲག་ཟས་སུ་ཟ་ན་ཡང་། །ཡོངས་སུ་བརྩིས་ན་དམྱལ་བ་ཡིན། །ཁྱེད་ལས་བྱེད་ཚོ་བས་སྡུག་པ་མེད། །སྐྲག་སྣང་ཞེ་སྡང་རྒྱུན་ཆད་མེད། །སུན་རྟ་སུན་ལུག་ཁྲིད་ལ་སོང་། །ཁྱེད་ལས་བྱེད་རང་གི་ཡུལ་དུ་སོང་། ཀ༽ ཁྱེད་ལས་ཀྱི་མཁའ་འགྲོ་ཚུར་ཉོན་དང་། ཁྱེད་རྒྱ་གར་ཡུལ་ནས་འོང་ན་ཡང་། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །བོད་ཀྱི་ཡུལ་ནས་བསུ་རྒྱུ་ངས་མ་མཐོང་། །ཁྱོད་དཀའ་ལས་མང་ཡང་ཁྱོད་རང་


CMR044_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཚག །ཁྱོད་སུན་མའི་སྡེ་རིགས་མང་ན་ཡང་། །ཁྱོད་ཀྱི་རྗེས་སུ་ངས་མི་བཏང་། །ལས་བྱེད་མཁའ་འགྲོ་མང་ས་མེད། །ཤ་ཟ་མཁའ་འགྲོ་འཇིགས་རྒྱུ་མེད། །ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། །བརྟན་མ་བཅུ་གཉིས་ང་ཡི་བཀའ། །སྲིན་པོ་སྲིན་མོ་ང་ཡི་འཁོར། །མ་མོ་སྨན་མོ་ང་ཡི་བྲན། །ཡུལ་འདྲེ་ཟ་བྱེད་ང་ཡི་འབངས། །ཁྱོད་ཀྱི་དོ་ནུབ་བསུ་རྒྱུ་མེད། །ཁྱོད་ཀྱི་འདྲེ་ལ་ང་མི་འཇིགས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། ཁ༽ ཁྱོད་ལས་བྱེད་མཁའ་འགྲོ་ཚུར་ཉོན་དང་། །ཁྱོད་ཀྱང་མཁའ་འགྲོ་དམ་ཚིག་ཅན། །ང་ཡང་བོད་ཀྱི་རྣལ་འབྱོར་པ། །ཁྱེད་སུན་མས་ཅི་ཙམ་ཉན་པ་ན། །ཕམ་རྒྱལ་ཤོ་ཡིས་འབྱེད་པ་ཡིན། །ང་རྣལ་འབྱོར་དུང་ཤོ་དཀར་པོ་གྱེན་དུ་བསྒྲིལ། །ཁྱོད་སུན་མའི་ཤོ་ནི་ད་སུ་རྒྱས། །ཁྱོད་རང་རྒྱལ་ན་ཁྲིད་ལ་སོང་། །དོ་ནུབ་ང་རང་རྒྱལ་ན་ང་རིང་ཡིན། །དོ་ནུབ་ཤོ་ཡི་དཔང་པོ་དགོས། །དྲང་མཁན་ནམ་མཁའི་དབྱིངས་ནས་བཞེངས། །ཁྱེད་བླ་མ་ཡི་དམ་དྲང་མཁན་མཛོད། །རིག་འཛིན་མཁའ་འགྲོས་དྲང་མཁན་མཛོད། །བཀའ་སྡོད་རྣམས་ཀྱིས་དྲང་མཁན་མཛོད། །ཡུལ་ལྷ་ཟོ་དོར་རྣམས་ཀྱིས་


CMR044_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་མཁན་མཛོད། །ནམ་མཁའི་ལྷ་ཡིས་དྲང་མཁན་མཛོད། །བར་སྣང་གཡུ་འབྲུག་རལ་པ་ཅན། །གངས་དཀར་སེང་ལྕམ་རལ་པ་ཅན། །ཁྲག་ལ་རྒོད་གླག་རལ་པ་ཅན། །ནགས་ལ་རྒྱ་སྟག་རལ་པ་ཅན། །རྨོང་པོའི་བུ་ཆུང་རལ་པ་ཅན། །ཕྱུག་པོའི་ཁྱི་རྒོད་རལ་པ་ཅན། །བཅོ་བརྒྱད་ཤོ་ཡི་དཔོན་པོ་མཛོད། །ནག་ལམ་པ་གྱི་དཔོན་པོ་ཡིན། །དྲང་མཁན་རྣམས་ཀྱི་ཤོ་གཅིག་ཁྱེས། །ཁྱོད་རང་རྒྱལ་ན་ཁྱོད་རང་ཡིན། །ང་རང་རྒྱལ་ན་ང་རང་ཡིན། །བཀྱེའོ། །ཤོ་བཀྱེ་ཁ་ཡི་གེ་བྱ། །ནུབ་མཁའ་འགྲོ་དམ་ཚིག་ཅན། །ང་ལྷ་ཤོ་དཀར་པོ་ང་རང་རྒྱལ། །ཁྱོད་མཁའ་འགྲོའི་ཤོ་ནི་ཁྱོད་རང་ཕམ། །ངས་ནི་ཁྱོད་ལ་རྫོངས་ཤིག་འདེབས། །ཚོགས་དང་གཏོར་མས་རྫོངས་ཤིག་འདེབས། །ཇ་དང་ཆང་གི་རྫོངས་ཤིག་འདེབས། །གསེར་གཡུ་རིན་ཆེན་རྫོངས་ཤིག་འདེབས། །རིན་ཆེན་སྣ་ལྔའི་རྫོངས་ཤིག་འདེབས། །གྲོ་ནས་མར་ཐུད་ཞོ་ཆང་འོ་མ་དང་། །དཀར་གསུམ་མངར་གསུམ་རྫོངས་ཤིག་འདེབས། །ཁྱོད་ཀྱི་བཀྲ་ཤིས་སྨོན་ལས་ཐོབ་ཅིང་སོང་། །ལེན་བཞི་པ་རྫོགས་སོ། །ཞེས་དྲི་མེད་མཁའ་འགྲོའི་སུན་བཟློག་ལས།


CMR044_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་ཞུས་ཁོལ་དུ་ཕྱུང་བའོ། །བཀྲ་ཤིས་སོ། ཤོ་ཞུས་མཁའ་འགྲོའི་ཞུས་ལེན། ཡར་སྔོའོ།། ༈ དེ་ནས་རིགས་ལྔ་མཁའ་འགྲོ་རྒྱས་ཏེ། འཇིག་རྟེན་མཁའ་འགྲོ་ཤ་ཟ་ལས་ཀྱི་མཁའ་འགྲོ་གསུམ་གྱིས་འདི་སྐད་དོ། །ཀྱི། རྡོ་རྗེ་སློབ་དཔོན་སྙན་གསོན་དང་། །ངེད་ཀྱང་ལས་ཀྱི་མཁའ་འགྲོ་མ། །འགྲོ་བ་སེམས་ཅན་ཟས་སུ་ཟ་བུ་ལ། །དོ་ནུབ་འདིར་ཡང་ཚོགས་འཁོར་བྱེད་པ་ཡིན། །རྣམ་ཤེས་བསུ་རུ་འགྲོ་བ་ཡིན། །ལས་ཀྱི་ཕོ་ཉ་བྱེད་དུ་བཅུག །ཁྱེད་རིགས་ལྔ་མཁའ་འགྲོས་མི་བསུ་ན། །ངེད་ལས་བྱེད་རྣམས་ཀྱིས་དོ་ནུབ་བསུ་བ་ཡིན། །སིལ་སྙན་སི་ལེ་ད་སུ་འགྲོ། །མདའ་དར་སྤུངས་སེ་ད་སུ་འགྲོ། །དེར་ལམ་རྒྱུད་ལ་ད་སུ་འགྲོ། །ཕྱག་གཡས་གྲི་གུག་ཕྱར་ཏེ་འགྲོ། །གཡོན་པས་ཐོད་ཁྲག་བསྣམས་ཏེ་འགྲོ། །འགྲོ་དྲུག་ཚོགས་འཁོར་བྱེད་ཅིང་འགྲོ། །ཤ་ཁྲག་ཟས་སུ་ཟ་ཞིང་འགྲོ། །ངེད་ལས་ཀྱི་མཁའ་འགྲོའི་ཚོགས་བས་སྐྱིད་པ་མེད། །སུན་རྟ་སུན་ལུག་ཆིབས་ཏེ་འགྲོ། །མ་འདུག་མྱུར་དུ་འགྲོ་བ། ཀ༽ ཀྱཻ། ཁྱེད་རྡོ་རྗེ་སློབ་དཔོན་སྙན་གསོན་དང་། །ངེད་རྒྱ་གར་ཡུལ་ནས་འོང་བ་ཡིན། །བོད་ཀྱི་ཡུལ་དུ་བསུ་རྒྱུ་ཡོད་ནི་འོང་། །ལས་བྱེད་མཁའ་འགྲོ་ལྔ་བརྒྱ་


CMR044_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཤ་ཟ་མཁའ་འགྲོ་སྟོང་ཕྲག་ཡོད། །ལྷ་སྲིན་སྡེ་བརྒྱད་སུན་མ་ཡོད། །བརྟན་མ་བཅུ་གཉིས་སུན་མ་ཡོད། །སྲིན་པོ་སྲིན་མོ་སྟོང་ཕྲག་གཉིས། །མ་མོ་སྨན་མོ་སྟོང་ཕྲག་གཉིས། །ཡུལ་འདྲེ་ཟ་འདྲེ་གྲོང་རྒྱུན་མང་པོ་ཡོད། །མི་འདུག་མྱུར་དུ་བསུ་ནི་འགྲོ། ཁྱོད་ཀྱི་དོ་ནུབ་བཤུལ་རྒྱུ་མེད། ༼ཁ༽ ཀྱཻ། ཁྱེད་རྡོ་རྗེ་སློབ་དཔོན་སྙན་ཚུར་གསོན། །།ངེད་ལས་བྱེད་སུན་མ་མང་དུ་ཡོད། །ཁྱོད་ཀྱིས་ཅིས་ཀྱང་མི་བཏང་ན། །ཡང་ན་ངེད་རང་ཕྱོགས་གཅིག་བཀྱེ། །ཡང་ན་ངེད་རང་ཇག་གཅིག་རྒྱུག །ཡང་ན་ངེད་རང་བདེན་རྫུན་གཏམ། །དོ་ནུབ་ཤོ་འདི་ཁྱོ་རང་རྒྱལ་ན་ཁྱོད་རང་ཡིན། །ངེད་སུན་མ་རྒྱལ་ན་བསུ་ནི་འགྲོ། །དཔའ་བོ་ཚོགས་དཔོན་ཁྱེད་དུ་བཅུག །དཔའ་མོའི་གར་དཔོན་བྱེད་དུ་བཅུག །ལས་མཁན་ཚོགས་དཔོན་བྱེད་དུ་བཅུག །མ་འདུག་མྱུར་དུ་ཤོ་ཅིག་བཀྱེ། །ཁྱེད་ཀྱང་བོད་ཀྱི་ཤོ་གཅིག་ཁྱེས། །ཕམ་རྒྱལ་ཤོ་ཡི་དོ་ནུབ་གསལ། །དོ་ནུབ་ཤོ་ཡི་།དྲང་མཁན་མཛོད། །སུམ་ཅུ་རྩ་གསུམ་ལྷ་གནས་ནས། །ལྷ་ཡི་དབང་པོས་དྲང་མཁན་མཛོད། །བར་སྣང་གཉན་གྱིས་དྲང་མཁན་མཛོད། །འོག་ཕྱོགས་ཀླུ་ཡིས་དྲང་མཁན་མཛོད། །


CMR044_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རུ་རུ། ན་རྒྱ་རུ་རུ། མོན་རུ་རུ། ན་ག་བ་རུ་རུ། ན་ཏི་ཀ་ལ། ཤན་ཏི་ཀ། ན་ག་ཤི་ན་ཙན་ཏྲ་ཀཾ། དྲང་མཁན་འདི་ང་ལ་ཡོད། དོ་ནུབ་ཤོ་ཡི་དཔང་པོ་མཛོད། །ཁྱེད་རང་རྒྱལ་ན་ཁྱེད་རང་ཡིན། །ང་རང་རྒྱལ་ན་ཁྲིད་ནི་འགྲོ། །ཤོ་ཁྱེས། ག༽ ཁྱེད་རྡོ་རྗེ་སློབ་དཔོན་བཀའ་ནི་གཉེན། །དོ་ནུབ་ཤོ་ནི་ཁྱེད་རང་རྒྱལ། །ད་ནི་ཡོན་བདག་ཕོ་མོ་ནི། །ངེད་སུན་མོས་མི་ཁྲིད་བཞུགས་སུ་བཅོལ། །རྡོ་རྗེ་སློབ་དཔོན་རྗེས་སུ་བཟུང་། །ལོ་བརྒྱ་ཐུབ་པར་སྨོན་ལམ་འདེབས། །།བུ་ནོར་དར་རྒྱས་སྨོན་ལམ་འདེབས། །རྡོ་རྗེ་སློབ་དཔོན་སྐུ་ཚེ་རིང་བར་ཤོག །ཡོན་བདག་བར་ཆད་ཞི་བར་ཤོག །གསེར་གཡུ་དུང་ལྕགས་བྱི་རུ་དང་། །དར་ཚོན་སྣ་ལྔའི་མདའ་དར་དང་། །ཞལ་ཟས་རྣམ་པ་སྣ་ཚོགས་དང་། །ཇ་བརྒྱ་ཆང་བརྒྱ་ཤ་བརྒྱ་དང་། །མར་བརྒྱ་ནས་ཁལ་བརྒྱ་དང་ནི། །གྲོ་ཁལ་སྲན་ཁལ་བྲ་ཁལ་བརྒྱ། །གྲོ་མ་མོན་བུ་ཟར་མ་དང་། །ཐུད་དང་ཞོ་ཡི་བྱེ་བྲག་དང་། །འབྲུ་སྣ་ཐམས་ཅད་རྫོངས་སུ་ཐོབ། །མ་འདུག་རྫོངས་འདེབས་མྱུར་དུ་མཛོད། །བཀྲ་ཤིས་སྨོན་ལམ་འདེབས་ཤིང་འགྲོ་བ་ཡིན། །ཤོ་ཞུས་རྫོགས་སོ། དྲི་མེད་མཁའ་འགྲོ་ལས་ཕྱུང་བའོ།། །།


previousདྲི་མེད་མཁའ་འགྲོ་མས་ཤོ་ཞུས།next