Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲི་མེད་མཁའ་འགྲོ་ལས་རྫོངས་ཞུས་ཡར་སྨྲ།
   
   
   
   
   
   
   
   
   
   
   
   
   


 
previousདྲི་མེད་མཁའ་འགྲོ་ལས་རྫོངས་ཞུས་ཡར་སྨྲ།next

དྲི་མེད་མཁའ་འགྲོ་ལས་རྫོངས་ཞུས་ཡར་སྨྲ།


CMR044_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་མཁའ་འགྲོ་ལས། རྫོངས་ཞུས་ཡར་སྨྲ་ཡིན། མ་ཐ་ནས་ཡར་སྔའོ། །ཨོཾ། འདིར་འཚོགས་སྐལ་ལྡན་ཐམས་ཅད་ཀུན། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་ད་ནངས་འོང་བ་དབུས་ནས་འོང་། །སེམས་ཀྱི་གཏད་ར་འདི་རུ་ཡོད། །དོ་ནུབ་དབུས་ཀྱི་ཕྱོགས་སུ་འགྲོ། །མཁའ་འགྲོ་ཆེན་མོ་འབུམ་འཁོར་བཅས། །སྐྱེས་བུ་འདི་ཞེས་ཁྲིད་དུ་འོང་། །ངེད་ཀྱི་གནས་བས་སྐྱིད་པ་མེད། །རི་རྣམས་ཐམས་ཅད་དུང་གི་རི། །ཡུལ་རྣམས་ཐམས་ཅད་དུང་ལས་གྲུབ། །སྐྱེ་འགྲོ་ཐམས་ཅད་དྷ་ཀི་ཡིན། །རྒྱན་རྣམས་ཐམས་ཅད་དུང་ལས་གྲུབ། །བཟའ་བཏུང་ཐམས་ཅད་བདུད་རྩི་ཡིན། །ཉིན་མོ་མེད་ཅིང་མཚན་མོ་མེད། །རྩེ་རོགས་དཔའ་བོ་དཔའ་མོ་ཡིན། །སྣང་ལ་རང་བཞིན་མེད་པའི་གནས། །གནས་མཆོག་དེ་རུ་ཁྱད་པར་འཕགས། །དེ་ཕྱིར་དེ་རུ་གཤེགས་སུ་གསོལ། །གལ་ཏེ་དེ་ལྟར་མི་གཤེགས་ན། །མཁའ་འགྲོ་ཆེན་མོ་གཙོ་འཁོར་ལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ན། །མཆོད་པའི་བྱེ་བྲག་ཇི་སྙེད་ཀུན། །གཙོ་མོ་མཁའ་འགྲོ་ཆེན་མོ་དང་། །ངེད་འཁོར་གྱི་བཀའ་གཉེན་ཐམས་ཅད་ལ། །འདོད་ཡོན་ལྔ་པོ་རྫོངས་


CMR044_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཐོབ། །ལྗོངས་སུ་ཐོབ་དང་འགྲོ་བ་ཡིན། །གསེར་གཡུ་དངུལ་གསུམ་རྫོངས་སུ་ཐོབ། །ཇ་ཚོས་རམ་གསུམ་རྫོངས་སུ་ཐོབ། །རས་ཕྲུག་ཐེར་གསུམ་རྫོངས་སུ་ཐོབ། །ལྷ་ཆ་པད་ཀོར་རྫོངས་སུ་ཐོབ། །འབྲུ་དང་བང་མཛོད་རྫོངས་སུ་ཐོབ། །དུང་གི་སྟོད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །དུང་གི་སྐེད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །དུང་གི་སྨད་རྒྱན་ཁྲ་ལེ་འགྲོ་བ་ཡིན།། ༼ཀ༽ ཨོཾ། འདིར་འཚོགས་སྐལ་ལྡན་ཐམས་ཅད་ཀུན། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་ད་ནངས་འོང་བ་ཤར་ནས་འོང་། །སེམས་ཀྱི་གཏད་ར་འདི་འདི་རུ་ཡོད། །དོ་ནུབ་ཤར་གྱི་ཕྱོགས་སུ་འགྲོ། །མཁའ་འགྲོ་ཆེན་མོ་འབུམ་འཁོར་བཅས། །སྐྱེས་བུ་འདི་ཞེས་ཁྲིད་དུ་འོང་། །ངེད་ཀྱི་གནས་བས་སྐྱིད་པ་མེད། །རི་རྣམས་ཐམས་ཅད་ཤེལ་ལས་གྲུབ། །ཡུལ་རྣམས་ཐམས་ཅད་ཤེལ་ལས་གྲུབ། །སྐྱེ་འགྲོ་ཐམས་ཅད་དྷཱ་ཀི་ཡིན། །རྒྱན་རྣམས་ཐམས་ཅད་ཤེལ་ལས་གྲུབ། །བཟའ་བཏུང་ཐམས་ཅད་བདུད་རྩི་ཡིན། །ཉིན་མོ་མེད་ཅིང་མཚན་མོ་མེད། །རྩེ་རོགས་དཔའ་བོ་དཔའ་མོ་ཡིན། །སྣང་ལ་རང་བཞིན་མེད་པའི་གནས། །གནས་མཆོག་དེ་རུ་ཁྱད་པར་འཕགས། །


CMR044_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་དེ་རུ་གཤེགས་སུ་གསོལ། །གལ་ཏེ་དེ་ལྟར་མི་གཤེགས་ན། །མཁའ་འགྲོ་ཆེན་མོ་གཙོ་འཁོར་ལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ན། །མཆོད་པའི་བྱེ་བྲག་ཇི་སྙེད་ཀུན། །གཙོ་མོ་མཁའ་འགྲོ་ཆེན་མོ་དང་། །ངེད་འཁོར་གྱི་བཀའ་གཉེན་ཐམས་ཅད་ལ། །འདོད་ཡོན་ལྔ་པོ་རྫོངས་སུ་ཐོབ། །ལྗོངས་སུ་ཐོབ་དང་འགྲོ་བ་ཡིན། །གསེར་གཡུ་དངུལ་གསུམ་རྫོ་ངས་སུ་ཐོབ། །ཇ་ཚོས་རམ་གསུམ་རྫོངས་སུ་ཐོབ། །རས་ཕྲུག་ཐེར་གསུམ་རྫོངས་སུ་ཐོབ། །ལྷ་ཆ་པད་ཀོར་རྫོངས་སུ་ཐོབ། །འབྲུ་དང་བང་མཛོད་རྫོངས་སུ་ཐོབ། །ཤེལ་གྱི་སྟོད་རྒྱུན་ཁྲ་ལེ་འགྲོ་བ་ཡིན། །ཤེལ་གྱི་སྐེད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །ཤེལ་གྱི་སྨད་རྒྱན་ཁྲ་ལེ་འགྲོ་བ་ཡིན། ༼ཁ༽ ཨོཾ། འདིར་འཚོགས་སྐལ་ལྡན་ཐམས་ཅད་ཀུན། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་འོང་བ་ལྷོ་ཡི་ཕྱོགས་ནས་འོང་། །སེམས་ཀྱི་གཏད་ར་འདི་བཞེས་ལ། །དོ་ནུབ་ལྷོ་ཡི་ཕྱོགས་སུ་འགྲོ། །མཁའ་འགྲོ་ཆེན་མོ་འབུམ་འཁོར་བཅས། །སྐྱེས་བུ་འདི་ཞེས་ཁྲིད་དུ་འོང་། །ངེད་ཀྱི་གནས་བས་སྐྱིད་པ་མེད། །རི་རྣམས་ཐམས་ཅད་གསེར་ལས་གྲུབ། །


CMR044_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་ཐམས་ཅད་གསེར་ལས་གྲུབ། །སྐྱེ་འགྲོ་ཐམས་ཅད་དྷ་ཀི་ཡིན། །རྒྱན་རྣམས་ཐམས་ཅད་གསེར་ལས་གྲུབ། །བཟའ་བཏུང་ཐམས་ཅད་བདུད་རྩི་ཡིན། །ཉིན་མོ་མེད་ཅིང་མཚན་མོ་མེད། །རྩེ་རོགས་དཔའ་བོ་དཔའ་མོ་ཡིན། །སྣང་ལ་རང་བཞིན་མེད་པའི་གནས། །གནས་མཆོག་དེ་རུ་ཁྱད་པར་འཕགས། །དེ་ཕྱིར་དེ་རུ་གཤེགས་སུ་གསོལ། །གལ་ཏེ་དེ་ལྟར་མི་གཤེགས་ན། །མཁའ་འགྲོ་ཆེན་མོ་གཙོ་འཁོར་ལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ན། །མཆོད་པའི་བྱེ་བྲག་ཇི་སྙེད་ཀུན། །གཙོ་མོ་མཁའ་འགྲོ་ཆེན་མོ་དང་། །ངེད་འཁོར་གྱི་བཀའ་གཉེན་ཐམས་ཅད་ལ། །འདོད་ཡོན་ལྔ་པོ་ལྗོངས་སུ་ཐོབ། །ལྗོངས་སུ་ཐོབ་དང་འགྲོ་བ་ཡིན། །གསེར་གཡུ་དངུལ་གསུམ་རྫོངས་སུ་ཐོབ། །ཇ་ཚོས་རམ་གསུམ་རྫོངས་སུ་ཐོབ། །རས་ཕྲུག་ཐེར་གསུམ་རྫོངས་སུ་ཐོབ། །ལྷ་ཆ་པད་ཀོར་རྫོངས་སུ་ཐོབ། །འབྲུ་དང་བང་མཛོད་རྫོངས་སུ་ཐོབ། །གསེར་གྱི་སྟོད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །གསེར་གྱི་སྐེད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །གསེར་གྱི་སྨད་རྒྱན་ཁྲ་ལེ་འགྲོ་བ་ཡིན། ༼ག༽ ཨོཾ། འདིར་འཚོགས་སྐལ་ལྡན་ཐམས་


CMR044_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀུན། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་ད་ནངས་ནུབ་ཀྱི་ཕྱོགས་ནས་འོང་། །སེམས་ཀྱི་གཏད་ར་འདི་རུ་ཡོད། །དོ་ནུབ་ནུབ་ཀྱི་ཕྱོགས་སུ་འགྲོ། །མཁའ་འགྲོ་ཆེན་མོ་འབུམ་འཁོར་བཅས། །སྐྱེས་བུ་འདི་ཞེས་ཁྲིད་དུ་འོང་། །ངེད་ཀྱི་གནས་བས་སྐྱིད་པ་མེད། །རི་རྣམས་ཐམས་ཅད་བྱི་རུའི་རི། །ཡུལ་རྣམས་ཐམས་ཅད་བྱུ་རུར་གྲུབ། །སྐྱེ་འགྲོ་ཐམས་ཅད་དྷ་ཀི་ཡིན། །རྒྱན་རྣམས་ཐམས་ཅད་བྱུ་རུ་ལས་གྲུབ། །བཟའ་བཏུང་ཐམས་ཅད་བདུད་རྩི་ཡིན། །ཉིན་མོ་མེད་ཅིང་མཚན་མོ་མེད། །རྩེ་རོགས་དཔའ་བོ་དཔའ་མོ་ཡིན། །སྣང་ལ་རང་བཞིན་མེད་པའི་གནས། །གནས་མཆོག་དེ་རུ་ཁྱད་པར་འཕགས། །དེ་ཕྱིར་དེ་རུ་གཤེགས་སུ་གསོལ། །གལ་ཏེ་དེ་ལྟར་མི་གཤེགས་ན། །མཁའ་འགྲོ་ཆེན་མོ་གཙོ་འཁོར་ལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ན། །མཆོད་པའི་བྱེ་བྲག་ཇི་སྙེད་ཀུན། །གཙོ་མོ་མཁའ་འགྲོ་ཆེན་མོ་དང་། །ངེད་འཁོར་གྱི་བཀའ་གཉེན་ཐམས་ཅད་ལ། །འདོད་ཡོན་ལྔ་པོ་རྫོངས་སུ་ཐོབ། །ལྗོངས་སུ་ཐོབ་དང་འགྲོ་བ་ཡིན། །གསེར་གཡུ་དངུལ་གསུམ་རྫོངས་སུ་ཐོབ། །ཇ་


CMR044_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཚོས་རམ་གསུམ་རྫོངས་སུ་ཐོབ། །རས་ཕྲུག་ཐེར་གསུམ་རྫོངས་སུ་ཐོབ། །ལྷ་ཆ་པད་ཀོར་རྫོ་ངས་སུ་ཐོབ། །འབྲུ་དང་བང་མཛོད་རྫོངས་སུ་ཐོབ། །བྱི་རུའི་སྟོད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །བྱི་རུའི་སྐེད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །བྱི་རུའི་སྨད་རྒྱན་ཁྲ་ལེ་འགྲོ་བ་ཡིན།། ༼ང༽ ཨོཾ། འདིར་འཚོགས་སྐལ་ལྡན་ཐམས་ཅད་ཀུན། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་ད་ནངས་འོང་བ་བྱང་ནས་འོང་། །སེམས་ཀྱི་གཏད་ར་འདི་རུ་ཡོད། །དོ་ནུབ་འགྲོ་བ་བྱང་དུ་འགྲོ། །མཁའ་འགྲོ་ཆེན་མོ་འབུམ་འཁོར་བཅས། །སྐྱེས་བུ་འདི་ཞེས་ཁྲིད་དུ་འོང་། །ངེད་ཀྱི་གནས་བས་སྐྱིད་པ་མེད། །རི་རྣམས་ཐམས་ཅད་གཡུ་ལས་གྲུབ། །ཡུལ་རྣམས་ཐམས་ཅད་གཡུ་ལས་གྲུབ། །སྐྱེ་འགྲོ་ཐམས་ཅད་དྷ་ཀི་ལ་ཡིན། །རྒྱན་རྣམས་ཐམས་ཅད་གཡུ་ལས་གྲུབ། །བཟའ་བཏུང་ཐམས་ཅད་བདུད་རྩི་ཡིན། །ཉིན་མོ་མེད་ཅིང་མཚན་མོ་མེད། །རྩེ་རོགས་དཔའ་བོ་དཔའ་མོ་ཡིན། །སྣང་ལ་རང་བཞིན་མེད་པའི་གནས། །གནས་མཆོག་དེ་རུ་ཁྱད་པར་འཕགས། །དེ་ཕྱིར་དེ་རུ་གཤེགས་སུ་གསོལ། །གལ་ཏེ་དེ་ལྟར་མི་གཤེགས་ན། །མཁའ་འགྲོ་ཆེན་མོ་གཙོ་


CMR044_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ན། །མཆོད་པའི་བྱེ་བྲག་ཇི་སྙེད་ཀུན། །གཙོ་མོ་མཁའ་འགྲོ་ཆེན་མོ་དང་། །ངེད་འཁོར་གྱི་བཀའ་གཉན་ཐམས་ཅད་ལ། །འདོད་ཡོན་ལྔ་པོ་རྫོངས་སུ་ཐོབ། །ལྗོངས་སུ་ཐོབ་དང་འགྲོ་བ་ཡིན། །གསེར་གཡུ་དངུལ་གསུམ་རྫོངས་སུ་ཐོབ། །ཇ་ཚོས་རམ་གསུམ་རྫོངས་སུ་ཐོབ། །རས་ཕྲུག་ཐེར་གསུམ་རྫོངས་སུ་ཐོབ། །ལྷ་ཆ་པད་ཀོར་རྫོངས་སུ་ཐོབ། །འབྲུ་དང་བང་མཛོད་རྫོངས་སུ་ཐོབ། །གཡུ་ཡི་སྟོད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །གཡུ་ཡི་སྐེད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །གཡུ་ཡི་སྨད་རྒྱན་ཁྲ་ལེ་འགྲོ་བ་ཡིན། །དྲི་མེད་མཁའ་འགྲོ་ལས་ཁོལ་དུ་ཕྱུང་བའོ། །བཀྲ་ཤིས་པའོ།།


previousདྲི་མེད་མཁའ་འགྲོ་ལས་རྫོངས་ཞུས་ཡར་སྨྲ།next