Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲི་མེད་མཁའ་འགྲོ་ལས་སྐྱེས་དར་ཞུས་ལེན།
   
   
   
   
   
   
   
   
   
   
   
   


 
previousདྲི་མེད་མཁའ་འགྲོ་ལས་སྐྱེས་དར་ཞུས་ལེན།next

དྲི་མེད་མཁའ་འགྲོ་ལས་སྐྱེས་དར་ཞུས་ལེན།


CMR044_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་མཁའ་འགྲོ་ལས། སྐྱེས་དར་ཞུས་ལེན། མར་སྔའོ།། ཀྱཻ། ཤར་ནས་བྱོན་པ་བཛྲ་རིགས། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་སུན་མ་དུར་ཁྲོད་གནས་སུ་སྐྱེལ། །སུན་མ་ཨོ་རྒྱན་གནས་སུ་སྐྱེལ། །རྣལ་འབྱོར་བདག་ལ་སྐྱེལ་དར་ཞོག །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །སུན་མ་དུར་ཁྲོད་ཤར་དུ་སྐྱེལ། །ཤར་ཕྱོགས་། མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་རྡོ་རྗེའི་གར་སྟབས་ཅན། །མཁའ་ལ་ཐོག་མེད་བུན་ནེ་བུན། །ལག་པ་དུང་གི་གདུ་བུ་ཅན། །ཌ་རུ་ཅང་ཏེའུ་ཁྲ་ལ་ལ། ན་བཟའ་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །ཤར་གྱི་ཕྱོགས་སུ་གཤེགས་སུ་གསོལ།། ༼ཀ༽ ཀྱཻ། ལྷོ་ནས་འབྱོན་པ་རིན་ཆེན་རིགས། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་སུན་མ་དུར་ཁྲོད་གནས་སུ་སྐྱེལ། །སུན་མ་ཨོ་རྒྱན་གནས་སུ་སྐྱེལ། །རྣལ་འབྱོར་བདག་ལ་སྐྱེལ་དར་ཞོག །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །སུན་མ་དུར་ཁྲོད་ལྷོ་རུ་སྐྱེལ། །ལྷོ་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་རྡོ་རྗེའི་གར་སྟབས་ཅན། །མཁའ་ལ་ཐོག་མེད་བུན་ནེ་བུན། །ལག་པ་གསེར་གྱི་གདུ་བུ་


CMR044_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཌ་རུ་ཅང་ཏེའུ་ཁྲ་ལ་ལ། །ན་བཟའ་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །ལྷོ་ཡི་ཕྱོགས་སུ་གཤེགས་སུ་གསོལ།། ༼ཁ༽ ཀྱཻ། ནུབ་ནས་བྱོན་པ་པདྨའི་རིགས། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་སུན་མ་དུར་ཁྲོད་གནས་སུ་སྐྱེལ། །སུན་མ་ཨོ་རྒྱན་གནས་སུ་སྐྱེལ། །རྣལ་འབྱོར་བདག་ལ་སྐྱེལ་དར་ཞོག །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །སུན་མ་དུར་ཁྲོད་ནུབ་ཏུ་སྐྱེལ། །ནུབ་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་པདྨའི་གར་སྟབས་ཅན། །མཁའ་ལ་ཐོག་མེད་བུན་ནེ་བུན། །ལག་པ་མཆོང་གི་གདུ་བུ་ཅན། །ཌརུ་ཅང་ཏེའུ་ཁྲ་ལ་ལ། །ན་བཟའ་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །ནུབ་ཀྱི་ཕྱོགས་སུ་གཤེགས་སུ་གསོལ།། ༼ག༽ ཀྱཻ། བྱང་ནས་བྱོན་པ་ལས་ཀྱི་རིགས། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་སུན་མ་དུར་ཁྲོད་གནས་སུ་སྐྱེལ། །སུན་མ་ཨོ་རྒྱན་གནས་སུ་སྐྱེལ། །རྣལ་འབྱོར་བདག་ལ་སྐྱེལ་དར་ཞོག །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །སུན་མ་བྱང་གི་ཕྱོགས་སུ་སྐྱེལ། །བྱང་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་ལས་རབ་


CMR044_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གར་སྟབས་ཅན། །མཁའ་ལ་ཐོག་མེད་བུན་ནེ་བུན། །ལག་པ་གཡུ་ཡི་གདུ་བུ་ཅན། །ཌ་རུ་ཅང་ཏེའུ་ཁྲ་ལ་ལ། །ན་བཟའ་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །བྱང་གི་ཕྱོགས་སུ་གཤེགས་སུ་གསོལ།། ༼ང༽ ཀྱཻ། དབུས་ནས་བྱོན་པ་ཌཀྐིའི་རིགས། །མ་ཡེང་བདག་ལ་སྙན་གསོན་དང་། །ངེད་སུན་མ་དུར་ཁྲོད་གནས་སུ་སྐྱེལ། །སུན་མ་ཨོ་རྒྱན་གནས་སུ་སྐྱེལ། །རྣལ་འབྱོར་བདག་ལ་སྐྱེལ་དར་ཞོག །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །སུན་མ་དབུས་ཀྱི་ཕྱོགས་སུ་སྐྱེལ། །དབུས་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་སྣ་ཚོགས་གར་སྟབས་ཅན། །མཁའ་ལ་ཐོག་མེད་བུན་ནེ་བུན། །ལག་པ་མུ་མེན་གདུ་བུ་ཅན། །ཌ་རུ་ཅང་ཏེའུ་ཁྲ་ལ་ལ། །ན་བཟའ་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །དབུས་ཀྱི་ཕྱོགས་སུ་གཤེགས་སུ་གསོལ། ཅེས་སྐྱེལ་དར་ཞུས་ལེན་དྲི་མེད་མཁའ་འགྲོ་ལས་ཁོལ་དུ་ཕྱུང་བའོ། མངྒ་ལཾ། །


previousདྲི་མེད་མཁའ་འགྲོ་ལས་སྐྱེས་དར་ཞུས་ལེན།next