Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མེ་ཟོར་སྔས་གཅོད།
   
   
   
   
   
   
   
   
   
   
   


 
previousམེ་ཟོར་སྔས་གཅོད།next

མེ་ཟོར་སྔས་གཅོད།


CMR044_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཟོར་སྔས་གཅོད་བཞུགས་སོ། །ཧཱུྃ། རཾ་བཅུ་འབར་བའི་མེ་ཟོར་གྱིས། །གནས་བཅུ་འབར་བས་ཕྱོགས་བཅུར་ཁྱབ། །མེ་རི་འབར་བས་སྲིད་གསུམ་ཁེངས། །འབར་བ་མེ་ཡིས་ཁམས་གསུམ་ཁེངས། །ཡེ་ཤེས་མེ་ནི་དཀར་ལ་གསལ། །རྡོ་རྗེ་མེ་ནི་སྔོ་ནག་འཚུབས། །རིན་ཆེན་མེ་ནི་དམར་པོ་འཁྱིལ། །པདྨའི་མེ་ནི་དམར་སྨུག་འཚུབས། །ལས་ཀྱི་མེ་ནི་ལྗང་ནག་འཕྲོ། །དུག་ལྔ་བསྒྲལ་བའི་མེ་ཟོར་ལྔ། །དུག་གསུམ་འཇོམས་པའི་མེ་ཟོར་ཏེ། །སྐུ་ལ་མེ་རི་དཀར་སེར་འབར། །གསུང་གི་མེ་རི་དམར་སེར་འཕྲོས། །ཐུགས་ཀྱི་མེ་རི་མཐིང་ནག་བརྗིད། །ཡོན་ཏན་མེ་རི་འོད་ཟེར་འཕྲོས། །འཕྲིན་ལས་མེ་རི་དྲག་ལ་རྩུབས། །དུག་གསུམ་སྲེག་པའི་མེ་རི་སྟེ། །སངས་རྒྱས་ཀུན་གྱི་ཐུགས་རྗེའི་མེ། །གདུག་པ་ཐམས་ཅད་སྲེག་མཛད་མེ། །མེ་ཟོར་ལྷ་ལ་མི་བགྱིའོ། །ཀླུ་གཉན་ས་བདག་ཀུན་ལ་མི་བགྱིའོ། །མེ་ཟོར་དགྲ་དང་བགེགས་ལ་འཕེན། །ཁྱེད་གཡས་སུ་བཞུགས་པ་གཡོན་དུ་བཟུར། །མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་བ་རྣམས་ཀྱིས་དབུ་མར་ཆུམས། །བར་པ་རྣམས་ཀྱིས་སྐུ་བཟུར་


CMR044_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །མེ་ཟོར་དགྲ་དང་བགེགས་ལ་འཕེན། །མ་མོའི་གདུག་པ་ཟོར་གྱིས་ཟློག །མཁའ་འགྲོའི་གདུག་པ་ཟོར་གྱིས་ཟློག །ཤུགས་འགྲོའི་གདུག་པ་ཟོར་གྱིས་ཟློག །དུར་ཁྲོད་རྒྱུག་བྱེད་མ་མོ་སྟེ། །དེ་ཡི་གདུག་པ་ཟོར་གྱིས་ཟློག །དུར་ཁྲོད་རྒྱུད་ཀྱི་མ་མོའི་གདུག་པ་ཟློག །དུར་ཁྲོད་ནད་བདག་མ་མོའི་གདུག་པ་ཟློག །དུར་ཁྲོད་རྒྱན་བྱེད་མ་མོའི་གདུག་པ་ཟློག །དུར་ཁྲོད་རོ་ལངས་མ་མོའི་གདུག་པ་ཟློག །དུར་ཁྲོད་མཚོན་ཆ་མ་མོའི་གདུག་པ་ཟློག །ཁྲག་ནད་ཟོར་གྱི་མ་མོའི་གདུག་པ་ཟློག །དུར་ཁྲོད་ཤ་ཟ་ཁྲག་འཐུང་དང་། །རུས་མུར་ལྤགས་གྱོན་མ་མོ་དང་། །དེ་ཡི་གདུག་པ་ཟོར་གྱིས་ཟློག །དུར་ཁྲོད་མཁའ་འགྲོ་ཤུགས་འགྲོ་དང་། །དུར་ཁྲོད་ལྷག་འབྱུང་མ་མོ་སྟེ། །དེ་ཡི་གདུག་པ་ཟོར་གྱིས་ཟློག །དུར་ཁྲོད་མཁའ་འགྲོ་ཤུགས་འགྲོ་དང་། །མེ་ཟོར་དམར་པོ་ཤ་ར་ར། །དུར་འདྲེ་དུར་སྲི་སྲེག་པར་མཛོད། །མེ་ཟོར་འབར་བས་ཕྱོགས་བཅུར་ཁྱབ། །སྟོང་གསུམ་ཡམས་བདག་སྲེག་པར་མཛོད། །མེ་ཟོར་འབར་བས་སྟོང་གསུམ་ཁེངས། །སྲིད་གསུ་མ་ལྷ་འདྲེའི་གདུག་པ་ཟོར་གྱིས་ཟློག །ནད་དང་ཡམས་དན་སུན་མ་ཟློག །རཾ༔རཾ༔རཾ༔རཾ༔


CMR044_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རཾ༔རཾ༔རཾ༔ རཾ༔རཾ༔རཾ༔ སྟམ་བྷ་ཡ་ནན་ནན་ནོན་ནོན༔ རྦད་རྦད་རྡུད་རྡུད༔ མངྒ་ལཾ།། མེ་རུ་དམར་ཏ་ལ་ལ་ཁྲ་ཀྱུ་རུ་རུ་འཕང་ལག །སུན་ཟློག་སྐབས་སྦྱར།།


previousམེ་ཟོར་སྔས་གཅོད།next