Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱེལ་དར།
   
   
   
   
   
   
   
   


 
previousསྐྱེལ་དར།next

སྐྱེལ་དར།


CMR044_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེལ་དར་བཞུགས་སོ། ཀྱཻ། དཔའ་བོ་ཆེན་པོ་སྙན་གསོན་དང་། །ངེད་སུན་མའི་མགྲོན་གྱི་ཞལ་ན་རེ། །ངེད་ཤར་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་རྡོ་རྗེའི་གར་སྟབས་ཀྱིས། །མཁའ་ལ་ཐོག་མེད་བུན་ནེ་བུན། །དུར་སྲི་དམ་ལ་བཏགས་ཤིང་འགྲོ། །ལག་པ་དུང་གི་གདུ་བུ་ཅན། །མཁའ་འགྲོས་གཏོར་མ་ཁྱེར་ཞིང་འགྲོ། །མེ་ལོང་ལྟ་བུའི་ཡེ་ཤེས་འདི། །སྔགས་འཆང་ཁྱེད་ལ་སྐྱེལ་དར་བཞག །སྐུ་མི་འགྱུར་བའི་དངོས་གྲུབ་དེ། །ཡོན་བདག་འདི་ལ་བྱིན་གྱིས་རློབས། །ངེད་དཔའ་བོ་མཁའ་འགྲོ་ཤར་དུ་འགྲོ།། ༼ཀ༽ ཀྱཻ། དཔའ་བོ་ཆེན་པོ་སྙན་གསོན་དང་། །ངེད་སུན་མའི་མགྲོན་གྱི་ཞལ་ན་རེ། །ངེད་ལྷོ་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་རིན་ཆེན་གར་སྟབས་ཀྱིས། །མཁའ་ལ་ཐོག་མེད་བུན་ནེ་བུན། །དུར་སྲི་དམ་ལ་བཏགས་ཤིང་འགྲོ། །ལག་པ་གསེར་གྱི་གདུ་བུ་ཅན། །མཁའ་འགྲོས་གཏོར་མ་ཁྱེར་ཞིང་འགྲོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདི། །སྔགས་འཆང་ཁྱེད་ལ་སྐྱེལ་དར་བཞག །གསུང་དབྱངས་དྲུག་ཅུ་དངོས་གྲུབ་དེ། །ཡོན་བདག་འདི་ལ་བྱིན་གྱིས་རློབས། །ངེད་དཔའ་བོ་མཁའ་འགྲོ་ལྷོ་


CMR044_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རུ་འགྲོ།། ༼ཁ༽ ཀྱཻ། དཔའ་བོ་ཆེན་པོ་སྙན་གསོན་དང་། །ངེད་སུན་མའི་མགྲོན་གྱི་ཞལ་ན་རེ། །ངེད་ནུབ་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་པདྨའི་གར་སྟབས་ཀྱིས། །མཁའ་ལ་ཐོག་མེད་བུན་ནེ་བུན། །དུར་སྲི་དམ་ལ་བཏགས་ཤིང་འགྲོ། །ལག་པ་མཆོང་གི་གདུ་བུ་ཅན། །མཁའ་འགྲོས་གཏོར་མ་ཁྱེར་ཞིང་འགྲོ། །སོ་སོར་རྟོག་པའི་ཡེ་ཤེས་འདི། །སྔགས་འཆང་ཁྱེད་ལ་སྐྱེལ་དར་བཞགས། །ཐུགས་མི་འགྱུར་བའི་དངོས་གྲུབ་དེ། །ཡོན་བདག་འདི་ལ་བྱིན་གྱིས་རློབས། །ངེད་དཔའ་བོ་མཁའ་འགྲོ་ནུབ་ཏུ་འགྲོ།། ༼ག༽ ཀྱཻ། དཔའ་བོ་ཆེན་པོ་སྙན་གསོན་དང་། །ངེད་སུན་མའི་མགྲོན་གྱི་ཞལ་ན་རེ། །ངེད་བྱང་ཕྱོགས་མཁའ་འགྲོ་འབུམ་སྡེ་རྣམས། །རྐང་པ་ལས་རབ་པའི་གར་སྟབས་ཀྱིས། །མཁའ་ལ་ཐོག་མེད་བུན་ནེ་བུན། །དུར་སྲི་དམ་ལ་བཏགས་ཤིང་འགྲོ། །ལག་པ་གཡུ་ཡི་གདུ་བུ་ཅན། །མཁའ་འགྲོས་གཏོར་མ་ཁྱེར་ཞིང་འགྲོ། །བྱ་བ་གྲུབ་པའི་ཡེ་ཤེས་འདི། །སྔགས་འཆང་ཁྱེད་ལ་སྐྱེལ་དར་བཞགས། །ཐུགས་མི་འགྱུར་བའི་དངོས་གྲུབ་དེ། །ཡོན་བདག་འདི་ལ་བྱིན་གྱིས་རློབས། །ངེད་དཔའ་བོ་མཁའ་


CMR044_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བྱང་དུ་འགྲོ།། ང༽ ཀྱཻ། དཔའ་བོ་ཆེན་པོ་སྙན་གསོན་དང་། །ངེད་སུན་མའི་མགྲོན་གྱི་ཞལ་ནས་རེ། །ངེད་དབུས་ཕྱོགས་མཁའ་འགྲོ་འབུམ་སྡེ་ཟརྣམས། །རྐང་པ་སྣ་ཚོགས་གར་སྟབས་ཀྱིས། །མཁའ་ལ་ཐོག་མེད་བུན་ནེ་བུན། །དུར་སྲི་དམ་ལ་བཏགས་ཤིང་འགྲོ། །ལག་པ་མུ་མེན་གདུ་བུ་ཅན། །མཁའ་འགྲོས་གཏོར་མ་ཁྱེར་ཞིང་འགྲོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འདི། །སྔགས་འཆང་ཁྱེད་ལ་སྐྱེལ་དར་བཞགས། །ཐམས་ཅད་ལྷུན་གྲུབ་དངོས་གྲུབ་དེ། །ཡོན་བདག་འདི་ལ་བྱིན་གྱིས་ལྕེ་རློབས། །ངེད་དཔའ་བོ་མཁའ་འགྲོ་དབུས་སུ་འགྲོ། །དྲི་མེད་མཁའ་འགྲོ་ལས་སྐྱེས་དར་ཞུས་ལེན་ཁོལ་དུ་ཕྱུང་བའོ། །


previousསྐྱེལ་དར།next