Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་གསང་བའི་གཏོར་ཟློག་གི་བཅའ་འདོན་ཟིན་བྲིས།
   
   
   
   


 
previousམཁའ་འགྲོ་གསང་བའི་གཏོར་ཟློག་གི་བཅའ་འདོན་ཟིན་བྲིས།next

མཁའ་འགྲོ་གསང་བའི་གཏོར་ཟློག་གི་བཅའ་འདོན་ཟིན་བྲིས།


CMR044_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་གསང་བའི་གཏོར་ཟློག་གི་བཅའ་འདོན་ཟིན་བྲིས་ཡོད་ལགས་སོ། །གུ་རུ་དྷེ་ཝ་ཌཱཀི་ནཱི་ཡེ་ན་མོ། མཁའ་འགྲོའི་གཏོར་ཟློག་འདི་ལ་རྒྱས་པ་མཁའ་འགྲོ་སྙིང་ཐིག་ལས་བྱང་འདི་ན་སབ་ནས་མདུན་བསྐྱེད་ཚོགས་དང་རྗེས་གཏོར་འབུལ་དང་ལས་བྱང་བྱ་ཚུལ་དང་༔ ཕག་མོ་དང་རྒྱལ་བ་རྒྱ་མཚོ་སོགས་ལ་བཏགས་རུང་བས་བྱ༔ དེའི་ལུགས་དང་ཀཿཐོག་གི་བླ་མ་དག་གིས་མཛད་པའི་མདུན་བསྐྱེད་སོགས༔ ཐུགས་སྒྲུབ་བསྟན་པ་སོགས་མང་ན་ཡང་གཞུང་རང་ནས་གསུངས་པ་སོར་བཞག་ནས་བཅའ་ཚོགས་གཞུང་གི་ཡིག་ཆུང་ལྟར་ལས༔ དཀྱིལ་འཁོར་ལས་ཚོགས་ཁ་བསྒྱུར་བདུན་མ་ནས་གསུངས་པ་ལྟར་རྡུལ་ཚོན་རས་བྲིས་སམ༔ མ་འཛོམས་ན་གཞི་སྟེང་ནས་དཀྱིལ་བྲིས༔ དེ་སྟེང་ཟངས་ལྕགས་ཀྱི་སྣོད་ཀྱི་ནང་དུ་གཏོར་མདོས་བཞག་རྩེ་ལ་ཕག་མོའི་ཙཀླི་དང་དར་གདུགས་ཡོད་ན་བཙུགས༔ ཕྱི་རྩང་མ་གསུངས་པས་མི་དགོས༔ བཙུགས་ཀྱང་མི་འགལ་ལོ༔ ནང་ཆུང་བཙུགས་ན་བཟང་སྟེ༔ གཏོར་མ་རེ་ལ་གསུམ་རེའོ༔ ༈ འདོན་ལུགས་ནི་ཐུགས་སྒྲུབ་འདོན༔ ཚོགས་བྱ་ཚོགས་ཕུད་ཀྱིས་གཏོར་མ་གསོ༔ གཏོར་བསྔོས་བྱ༔ བར་པས་བསྐང་བ་གསོས་ལ་ཐུགས་


CMR044_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བསྐང་བ་འདོན༔ ཚོགས་ཀྱི་བཤགས་པ་བྱ༔ ཚོགས་དུམ་བུ་ལིངྒ་སྦྲགས་ལ༔ ལས་ལ་བཟློག་པ་ནང་དུ་ཕུལ་གཏོར་ཟློག་འདོན༔ དེ་ཚེ་ཨ་ཀ་ས་མ་ར་ཙ་རྒྱུན་མཁན་ཡོད་ན་ལེགས༔ བྱད་ཟློག་ལ་ཨ་ཀ་ས་མ་ར་ཙ༔ ནད་ཟློག་དམག་ཟློག་སོགས་ལས་ཚོགས་བདུན་མའི་གལ་གང་ཆེ་བ་འདོན༔ ༈ དེ་ལྟར་ཞག་དུ་བྱེད་ཚར་ཅི་ཐོན་བྱེད༔ ཉིན་བཟློག་ཆེས་བཅུ་ཞོར་ལ་བྱེད་ཀྱང་རུང་༔ འབུལ་དུས་དཀར་གཏོར་བསྔོ༔ གསེར་སྐྱེམས་གང་རུང་བྱས༔ གཏོར་ཟློག་ཁ་མར་བསྒྱུར༔ གཏོར་རྫོངས་མ་བྱས་ཀྱང་ཆོག༔ བྱེད་ན་མཁའ་འགྲོ་སྙིང་ཐིག་ལས་བྱང་ངམ༔ དེ་ལ་ཅུང་ཟད་ཚིག་བསྒྱུར་འོས་པ༔ བཅོས་པ་མང་ལུགས་ཀྱི་རྗེ་བཙུན་མས་གཏོར་ཆུང་ཟེར་བ་དེས་གཏོར་ཆུང་མང་དུ་འབུལ་བར་བྱ༔ དེ་ནས་སྔོན་དུ་དཀར་གཏོར༔ དེ་རྒྱབ་གཏོར་ཟློག༔ དེ་རྒྱབ་དར་ནག་བཟུང་བཅུག་ལ་གཞུང་གི་ཟོར་ལས༔ དེ་འདོན་ལ་ཕྱོགས་ཡོད་སར་འབུལ་རྒྱུ་བསྐུར༔ ཚུར་སླེབ་པ་ལ་གཏོར་སྣོད་སྦུབས་ལ་ཐུགས་སྒྲུབ་རྟ་བྲོ་བྱ༔ ཚེ་སྒྲུབ་བཀྲ་ཤིས་སོགས་ཀྱང་ཐུགས་སྒྲུབ་ལྟར་བྱའོ༔ འདི་ནད་བཟློག་ལ་ཤིན་ཏུ་ཟབ་པས་ཤེས་པར་བྱའོ༔ ཐུགས་སྒྲུབ་ཀྱི་བསྙེན་པ་ཐེམ་པ་རབ༔ པདྨ་འོད་


CMR044_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཕག་མོ་རྒྱལ་བ་རྒྱ་མཚོ་མཁའ་འགྲོ་སྙིང་ཐིག་གུ་དྲག་གྲོ་ལོད་སོགས་ཀྱི་བསྙེན་པ་ཐེམ་ན་བཅའ་རུང་སྟེ༔ སྔགས་ཧཱིམ་ཧ་རི་ནི་ས་ལ་འབུང་ངོ་༔ ཞེས་དགེ་སློང་༧རཱ་ག་ཨ་སྱས་འཕྲལ་དུ་བྲིས༔ དགེའོ༔ མངྒ་ལཾ།། །།ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཁའ་འགྲོ་གསང་བའི་གཏོར་ཟློག་གི་བཅའ་འདོན་ཟིན་བྲིས།next