Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་སྒྲུབ་ཐབས་རྩ་ཚིག


 
previousའཇམ་དཔལ་སྒྲུབ་ཐབས་རྩ་ཚིགno next

འཇམ་དཔལ་སྒྲུབ་ཐབས་རྩ་ཚིག


CMR044_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྒྲུབ་ཐབས་རྩ་ཚིག་བཞུགས་སོ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་པཾ་ཨ་དཀར་ལས། །རྒྱ་མཚོའི་སྟེང་དུ་པདྨ་ཟླ་བ་བསམ། །དེ་སྟེང་རང་སེམས་ཨ་དཀར་ཉིད་གྱུར་ཏེ། །འོད་འཕྲོས་དོན་བྱས་འདུས་པ་ལས་ལྷར་གྱུར། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བ། །དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །སྟོན་ཟླའི་མདོག་ཅན་ལང་ཚོ་ལྡན་པར་བསྒོམ། །གནས་གསུམ་འབྲུ་གསུམ་འོད་ཀྱི་ཡེ་ཤེས་མཚན། །དབང་ལྷས་དབང་བསྐུར་རིགས་བདག་གིས་མཚན་པའི། །སྙིང་དབུས་ཟླ་བའི་དཀྱིལ་འཁོར་རྩིབས་དྲུག་པ། །འབྲུ་དྲུག་ཡི་གེ་བཀོད་པས་གཡས་གཡོན་འཁོར། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བ། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་གྱུར། །ཨོཾ་ཝཱ་ཀྱེ་དཾ་ན་མཿ ཐུན་མཚམས་སུ། འཇམ་དཔལ་མདུན་གྱི་ནམ་མཁར་


CMR044_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་གྱུར། །ཨོཾ་ཝཱ་ཀྱེ་དཾ་ན་མཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་གསལ། །འཇིག་རྟེན་གསུམ་ན་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འཕགས་པ་འཇམ་དཔལ་གྱིས་བདག་ལ། །ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ། །གྲེ་ཕུག་ཨ་དཀར་དག་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་གྱི་བློ་གྲོས་དཔག་མེད་དག །བསྡུས་ནས་ཁོང་དུ་ཐིམ་པས་ལུས་ཁེངས་པས། །མི་བརྗེད་དྲན་པའི་གཟུངས་ནི་འདི་ཐོབ་གྱུར། །ཅེས་པ་འདི་ཀརྨ་དོན་གྲུབ་ཀྱི་རྒྱུན་གྱི་ཐུགས་དམ་གྱི་ཆེད་དུ་རྒྱ་གཞུང་ནས། ཨ་རཱ་གས་བསྡུས་པའོ། །འདིར་འབད་བསོད་ནམས་ཉིན་བྱེད་ཀྱིས། །བདག་བློའི་ཆུ་སྐྱེས་རབ་འཛུམ་ཞིང་། །འཆད་རྩོད་རྩོམ་པའི་དྲི་བསུང་གིས། །སྲིད་ཞིའི་ཁྱོན་ཀུན་ཁྱབ་གྱུར་ཅིག། །།


previousའཇམ་དཔལ་སྒྲུབ་ཐབས་རྩ་ཚིགno next