Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
གདམས་པ་གུད་དུ་སྦས་པའི་ཤོག་དྲིལ་ལས་དྲེགས་པ་ཉི་ཤུའི་སྲོག་ཤིང་ཐུབ་པ་ནག་པོའི་མན་ངག་ཟབ་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགདམས་པ་གུད་དུ་སྦས་པའི་ཤོག་དྲིལ་ལས་དྲེགས་པ་ཉི་ཤུའི་སྲོག་ཤིང་ཐུབ་པ་ནག་པོའི་མན་ངག་ཟབ་མོ།next

གདམས་པ་གུད་དུ་སྦས་པའི་ཤོག་དྲིལ་ལས་དྲེགས་པ་ཉི་ཤུའི་སྲོག་ཤིང་ཐུབ་པ་ནག་པོའི་མན་ངག་ཟབ་མོ།


CMR047_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་གུད་དུ་སྦས་པའི་ཤོག་དྲིལ་ལས་དྲེགས་པ་ཉི་ཤུའི་སྲོག་ཤིང་ཐུབ་པ་ནག་པོའི་མན་ངག་ཟབ་མོ་ཨྠྀི། །ན་མ་མུ་ནེ་ཀཱ་ལ་ཡེ། དགྲ་བོ་གང་ཡང་གློ་བུར་ཁོལ་རྒྱུག་གིས་ཟས་ནོར་ཤོར་ན། བྱ་སླ་ལ་དོན་ཆེ་ཞིང་ཟབ་པའི་གདམས་པ་འདི། བཅོམ་ལྡན་ཐུབ་པའི་དབང་པོས་མཛད་དོ། །རྡོ་རྗེ་གདན་དུ་མཆོད་རྟེན་ནག་པོར་གཏེར་དུ་སྦས། ཕྱིས་སློབ་དཔོན་པདྨས་གཏེར་ནས་བཏོན་པ་རིམ་པར་བརྒྱུད་དེ། འདི་བྱ་ཐབས་ལ། རང་གི་ལྷམ་གཡོན་གྱི་ནང་དུ་རྒྱུ་ཟས་གང་ཤོར་གྱི་མལ་ས་དང་དགྲ་བོའི་དྲི་མ་རྗེས་ས། སྡོད་ནི་བསྒྲུབ་མི་དགོས་སོ། །༈ །རང་ཉིད་ཐུབ་པ་ནག་པོ་རྔམ་བརྗིད་དང་ལྡན་པ། སྐུ་ལ་དར་ལིང་ནག་པོའི་ཆོས་གོས་གསོལ་བ། ཕྱག་གཡས་ལྕགས་ཀྱི་གསེག་ཤང་ལ་མུན་པའི་བསིལ་གཡབ་བཏགས། གཡོན་ལྕགས་ཀྱུའི་ཕྱག་རྒྱ་མཛད་པ། སྐུ་རི་རབ་ཙམ་པད་ཟླ་སེང་ཁྲི་ནག་པོའི་གདན་ལ་བཞུགས་པར་བསྒོམ། ལྷམ་དེ་ལྕགས་ཁང་ནག་པོ་དགུ་རིམ་སྒོ་མེད་པར་བསམ། དེ་ཡི་ནང་དུ་དགྲ་རྐུན་དེས་ཟས་ནོར་གང་ཡིན་དེ་ཁུར་རམ། ཡང་ན་ཁྲིད་ཡང་ན་མགོ་མཇུག་ལོག་ནས་མུན་པ་ནག་པོས་མྱོས་འཐིབ་ཡོད་པར་བསམ། ཨོཾ་མུ་ནེ་ཙོ་ར་མུར་རྒྱ་ཙ་ཇག་པ་ཆོམ་རྐུན་ཛྭ་ལ་མ་དྷ་ཡེ་ཁུག་ཅིག །ཅེས་བཀུག་གོ །དེ་ནས་དགྲ་ཡི་ཀླད་པའི་ནང་དུ།


CMR047_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པའི་གཡུང་དྲུང་ནག་པོ་གཡོན་དུ་འཁོར་བས་ཀླད་པ་བཀུག་གཞུག་མགོ་ཁོར། མྱོས་རེངས་འཐིབ་པར་བསམས་ལ། དེ་ནས་ངན་སྔགས་ནི། ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱ། གང་ཡིན་ཆེ་སོགས། ཁྱེར་མིའི་རྣམ་ཤེས་བླ་སྲོག་བླ་ཤེད་བང་གསུམ་ཆིངས་ཤིག་དྲན་པ་གཏོར་མགོ་འཁོར་ཅིག་སྭཱ་ཧཱ། ཞེས་དུས་དྲུག་ཏུ་བརྒྱ་རེ་ལས་མི་ཆག་པར་བཟླས་སོ། །དེ་ནས་སྐབས་སུ་བསིལ་གཡབ་རྐུན་མའི་མགོ་ལ་བརྒྱབས་པས་དགྲ་བོ་ནག་སེམས་སེ་སོང་ནས་ས་ལ་འགྱེལ་བར་བསམ་མོ། །ནོར་རྫས་ལག་ཏུ་ཚུད་ནས་རྫས་དེ་རྣམས་ཆུ་ལ་བོར་བར་བྱ་བ་མན་ངག་གོ། །ཨྠྀི། གདམས་ངག་འདིའི་ཞལ་གདམས་ལ་ལྷམ་ནང་དུ་རྫས་བླུགས་ལ་འགུགས་སྔགས་བརྒྱ་རེ་བློདང་འགུགས་གཞུག་བྱས་ཀྱང་རུང་། མ་བྱས་ཀྱང་རུང་ངོ་། །དེ་ནས་ཀླད་པའི་ནང་གི་དམིགས་པ་དང་སྔགས་འདི་གཉིས་ལ་གཞུང་བཟུངས་ནས། ཉིན་མཚན་དུས་དྲུག་ཏུ་བརྒྱ་རེ་བཟླས་སོ། །མཐར་གསིལ་ཡབ་ཀྱི་དམིགས་པ་བྱའོ། །རང་གི་རྐང་པ་གནམ་ལྕགས་ཀྱི་འཁོར་ལོས་དགྲ་བོའི་ཀླད་པའི་ནང་དུ་གཡུང་དྲུང་ལྟར་དམིགས། ལྷམ་གྱོན་ལྷམ་སྒྲོག་སྦྲུལ་ནག་གིས་གཅུད་པར་བསམ་ལ་གཅུད། ནུབ་ཉལ་དུས་ཡང་ཞབས་སུ་མནན་ལ་ལྷམ་སྒྲོག་སྦྲུལ་གྱིས་གཅུད་པར་བསམས་ལ་ཉལ། དེ་ལྟར་ཞག་ལྔ་བདུན་ལ་བྱས་ན་རྟགས་རང་སྐྱུགས་ལེར་མེར་བྱུང་ན་འགྲུབ་རྟགས་ཡིན། ས་གཅིག་ལ་མི་སྡོད་འགྲོ་ཞིང་སྔགས་ན་ཟབ་རྒྱུ་ཡིན། ནོར་རྫས་ཡི་བར་དུ་ཆུ་བོ་ཆེན་པོས་ཆོད་ན་ཡང་འཁོར་བ་འོང་བར་ཐེ་ཚོམ་


CMR047_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །འདི་ལ་མང་ན་ཡང་འདི་ཟབ་ལ་ཆ་ལག་ཁ་ཚང་ལག་ལེན་བཅས་བློ་གཏད་ཆོག་ངེས་པ་ཅིག་ཡིན། ཀྱང་མ་བྲིས་སོ། །བཀྲ་ཤིས་སོ། །མངྒ་ལཾ།།


previousགདམས་པ་གུད་དུ་སྦས་པའི་ཤོག་དྲིལ་ལས་དྲེགས་པ་ཉི་ཤུའི་སྲོག་ཤིང་ཐུབ་པ་ནག་པོའི་མན་ངག་ཟབ་མོ།next