Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
དྲེགས་པའི་གཟུ་དཔང་དང་ཕྲིན་ལས་རྣམས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདྲེགས་པའི་གཟུ་དཔང་དང་ཕྲིན་ལས་རྣམས།next

དྲེགས་པའི་གཟུ་དཔང་དང་ཕྲིན་ལས་རྣམས།


CMR047_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པའི་གཟུ་དཔང་དང་ཕྲིན་ལས་རྣམས་བཞུགས་སོ།། ཧཱུྃ༔ སྟོན་པ་སངས་རྒྱས་དཀོན་མཆོག་གཟུ་དང་དཔང་༔ སྐྱོབ་པ་དམ་ཆོས་དཀོན་མཆོག་གཟུ་དང་དཔང་༔ འདྲེན་པ་དགེ་འདུན་དཀོན་མཆོག་གཟུ་དང་དཔང་༔ བླ་མེད་དཀོན་མཆོག་གསུམ་པོ་གཟུ་དང་དཔང་༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་གཟུ་དང་དཔང་༔ འཇམ་དཔལ་ཞི་བའི་ལྷ་ཚོགས་གཟུ་དང་དཔང་༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་གཟུ་དང་དཔང་༔ མ་སྲིན་མཁའ་འགྲོའི་ལྷ་ཚོགས་གཟུ་དང་དཔང་༔ དམ་ཅན་རྡོ་རྗེ་ལེགས་པ་གཟུ་དང་དཔང་༔ གཙང་བཙན་དམུ་ཡི་དམག་ཚོགས་གཟུ་དང་དཔང་༔ དྲང་མཁན་གཉན་གྱི་དམག་ཚོགས་གཟུ་དང་དཔང་༔ ཡུལ་ལྷ་གཞི་བདག་གཉན་པོ་གཟུ་དང་དཔང་༔ གཟུ་དང་དཔང་ལ་མི་གསོལ་རྒྱུ༔ སྡང་བའི་དགྲ་བོ་ད་རུང་ལུས༔ བདག་ནི་མ་ལེན་མ་ཉེས་སོ༔ སྡང་བའི་དགྲ་བོ་ལས་ངན་འདི༔ བསྐལ་པ་བརྒྱད་ཀྱི་ཕ་རོལ་དུ༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སངས་རྒྱས་བསྟན་པ་རིན་ཆེན་བཤིགས༔ དགེ་བ་བཅུ་ཡི་སོ་ནམ་བཅག༔ མི་དགེ་བཅུ་པོ་དང་དུ་བླངས༔ མཚམས་མེད་ལྔ་ཡང་འདི་ཡིས་སྤྱོད༔ གོང་དུ་རྒྱལ་བའི་


CMR047_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བཤིགས༔ བར་དུ་སློབ་དཔོན་སྐུ་ལ་བསྡོས༔ ཐ་མར་རྣལ་འབྱོར་བདག་ལ་སྡང་༔ ད་ལྟ་སེམས་ཅན་ཀུན་ལ་འཚེ༔ སྡང་བའི་དགྲ་བོ་ལས་ངན་འདི༔ བསྒྲལ་བའི་ཞིང་དུ་ངེས་པ་ནི༔ བསྒྲལ་བའི་ཞིང་བཅུ་འདི་ལ་ཚང་༔ གལ་ཏེ་མྱུར་དུ་མ་བསྒྲལ་ན༔ མཐོ་རིས་ཐར་པའི་ལམ་སྤངས་ནས༔ ངན་སོང་གསུམ་དུ་ལྟུང་བར་ངེས༔ བདག་གིས་བསྒྲལ་བའི་ལས་བྱེད་ན༔ ཡི་དམ་ལྷ་དང་བཀའ་སྲུང་རྣམས༔ བདག་གི་མཐུ་དང་སྡོང་གྲོགས་མཛོད༔ སྡང་བའི་དགྲ་བོ་ལས་ངན་འདི༔ སྐྱོབ་པའི་ལྷ་དང་ཕྱེ་བའི་ཕྱིར༔ སྲུང་ཞིང་སྐྱོབ་པའི་ལྷ་རྣམས་ཀྱང་༔ དབྱེའོ་བསལ་ལོ་རྒྱབ་ཏུ་དབྱེ༔ སྔོན་ཚེ་བཅོམ་ལྡན་ཧེ་རུ་ཀ༔ སློབ་དཔོན་པདྨ་འབྱུང་གནས་དང་༔ སྔགས་འཆང་རྣལ་འབྱོར་བདག་ཅག་ལ༔ སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ རང་དམ་རང་གིས་མ་སྲུངས་སམ༔ བསྟན་པ་བསྲུང་བར་མ་ཆད་དམ༔ དགྲ་བགེགས་བསྒྲལ་བར་མ་བྱས་སམ༔ དེ་བས་ད་ལྟ་འདི་ཉིད་དུ༔ བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས༔ བསྐུལ་བའི་ལས་ཀ་མངོན་དུ་ཕྱུངས༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR047_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ བཛྲ་སརྦ་དུཏྟཾ་ཧཱུྃ༔ ཡ་མ་ནཱ་ག་དྷེ་ཝ༔ རཱ་ཧུ་ལ་ཡཀཱ་དྷ་ཤ་གྱི་ཝ་བཛྲ་སཱ་དྷུ་གིང་ཀ་ར་ས་མ་ཡ་ཛ་ཛཿ དྲེགས་པ་བཅོ་བརྒྱད་ཀྱི་དགྲ་བགེགས་མཱ་ར་ཡ་རྦད་རྦད༔ དགྲ་བོ་མཱ་ར་ཡ་ཕཊ༔ དམ་ཉམས་ལས་ངན་དགྲ་བོ་འདི༔ དགྲ་བོ་ལྷ་དང་ཕྱེས་ལ་དགྲ་སྲི་དང་སྤྱོད༔ སྤོང་ལྷ་དང་ཕྱེས་ལ་སྤོང་བདུད་དང་སྤྱོད༔ ལེའུ་ལྷ་དང་ཕྱེས་ལ་སྒབ་སྲི་དང་སྤྱོད་ཅིག༔ ནོར་ལྷ་དང་ཕྱེས་ལ་གོད་སྲི་དང་སྤྱོད་ཅིག༔ མ་ལྷ་དང་ཕྱེས་ལ་རིགས་སྲི་དང་སྤྱོད་ཅིག༔ ལོ་ལྷ་དང་ཕྱེས་ལ་བཙའ་སད་དང་སྤྲོད་ཅིག༔ ཞང་ལྷ་དང་ཕྱེས་ལ་ཉེ་སྲི་དང་སྤྱོད་ཅིག༔ སྲོག་ལྷ་དང་ཕྱེས་ལ་སྲོག་གཅོད་དང་སྤྲོད༔ ཚེ་ལྷ་དང་ཕྱེས་ལ་ཚེ་བདུད་དང་སྤྲོད༔ ཡུལ་ལྷ་དང་ཕྱེས་ལ་བཙན་དང་སྤྱོད༔ ཧཱུྃ་བྷྱོ༔ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ དྲེགས་པ་སྤྱི་ཡི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ འཆི་བདག་གཤིན་རྗེ་ནག་པོ་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ འཆི་བདག་ནག་མོ་ཡུམ་བཙུན་བློ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ སྐྱེ་འགྲོ་དབུགས་ཀྱི་བདག་མོ་བྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ སྣང་སྲིད་མ་མོའི་


CMR047_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་སྣ་དགྲ་ལ་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ མ་མོའི་དེད་དཔོན་དགྲ་ལ་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ བདུད་ཕོ་མེ་ཡི་ཁ་རླངས་ཅན༔ བདུད་ཕོ་ཡོངས་ཀྱི་དེད་དཔོན་བྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ རྡོ་རྗེ་ལེགས་པ་ཞེས་བྱ་བ༔ ཐེའུ་རང་ཡོངས་ཀྱི་དེད་དཔོན་བྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ སྲོག་བདག་རྒྱལ་པོ་ལི་བྱིན་ཧར༔ རྒྱལ་པོ་ཡོངས་ཀྱི་དེད་དཔོན་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ དམུ་རྗེ་བཙན་པོ་ལ་སོགས་པ༔ དམུ་རྣམས་ཡོངས་ཀྱི་དེད་དཔོན་བློ་དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ གཟའ་བདུད་ཁྱབ་འཇུག་ལ་སོགས་པ༔ གཟའ་རྣམས་ཡོངས་ཀྱི་དེད་དཔོན་བྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ རཀ་ནག་པོ་གློག་ཕྲེང་ཅན༔ སྲིན་པོ་ཡོངས་ཀྱི་དེད་དཔོན་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ སྲིན་མོ་སྦལ་མགོ་ཁྲག་མིག་མ༔ སྲིན་མོ་ཡོངས་ཀྱི་དེད་དཔོན་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ ཡམ་ཤུད་དམར་པོ་ལ་སོགས་པ༔ བཙན་རྣམས་ཡོངས་ཀྱི་དེད་དཔོན་བྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ ཀླུ་རྒྱལ་གཞོན་ནུ་ལ་སོགས་པ༔ ཀླུ་རྣམས་ཡོངས་ཀྱི་


CMR047_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེད་དཔོན་བྷྱོ༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ རུ་ཊའི་སྡེ་དཔོན་བཅོ་བརྒྱད་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་སྲོག་དམར་པོ་ཁྱེར་ལ་ཤོག༔ མཆན་ནས་བུ་འཕྲོག་ཁྱེར་ལ་ཤོག༔ འདི་བསད་དོན་ཆེན་བདག་ལ་ཆེ༔ གསོལ་བའི་ཟ་ཐང་ཁྱོད་ཀྱིས་མཛོད༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ དྲེགས་པའི་སྡེ་དཔོན་ཁྱེད་རྣམས་ཀྱིས༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མའི་ནང་དུ་སོད༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དུས་ལ་བབ་བོ་ས་མ་ཡ༔ དྲེགས་པའི་སྡེ་དཔོན་ཁྱེད་རྣམས་ཀྱང་༔ ཤར་ནས་ལྷོ་རུ་བསྐྱོད་ནས་ཀྱང་༔ དེས་ཀྱང་འཁོར་ལོ་བསྐོར་དུ་གསོལ༔ ནུབ་ནས་བྱང་དུ་བསྐྱོད་ནས་ཀྱང་༔ དེས་ཀྱང་འཁོར་ལོ་བསྐོར་དུ་གསོལ༔ སྟེང་ནས་འོག་ཏུ་བསྐྱོད་ནས་ཀྱང་༔ དེས་ཀྱང་འཁོར་ལོ་བསྐོར་དུ་གསོལ༔ འོག་ནས་སྟེང་དུ་བསྐྱོད་ནས་ཀྱང་༔ དེས་ཀྱང་འཁོར་ལོ་བསྐོར་དུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་སྐྱོད་ཙམ་ན༔ འཁོར་ལོ་བསྐོར་བའི་ཕྲིན་ལས་མཛོད༔ འཁོར་ལོ་བསྐོར་བས་སྲིད་གསུམ་འཁྲུག༔ སྟེང་གི་སྲིད་པ་འཁྲུགས་པས་ཀྱང་༔ ལྷ་དམག་ཆར་


CMR047_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འབེབས་པར་བྱེད༔ བར་གྱི་སྲིད་པ་འཁྲུགས་པས་ཀྱང་༔ གཉན་དམག་སྤྲིན་ལྟར་འཐིབས་པར་བྱེད༔ འོག་གི་སྲིད་པ་འཁྲུགས་པས་ཀྱང་༔ ཀླུ་དམག་ས་ལྟར་གཡོ་བར་བྱེད༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ ཐལ་བ་རྡུལ་ཕྲན་བཞིན་དུ་ཐོངས༔ རླུང་གི་ཕྱགས་མས་ཐོབ་ལ་སོད༔ ཆུ་ཡི་རྦ་རླབས་གཡེང་ལ་སོད༔ མེ་ཡི་ཀློང་དུ་བསྲེགས་ལ་སོད༔ ས་ཡི་ཞབས་སུ་ནོན་ལ་སོད༔ འགོ་བའི་ལྷ་དང་ཕྲོལ་ལ་སོད༔ སྐྱོབ་པའི་ལྷ་དང་ཕྱེས་ལ་སོད༔ དྲེགས་པ་བཅོ་བརྒྱད་མཐུ་མ་ཆུང་༔ ལྷ་སྲིན་སྡེ་བརྒྱད་རྩལ་མ་ཞན༔ དྲེགས་པ་སྡེ་བརྒྱད་བང་མ་བུལ༔ བདག་གི་བཅོལ་བའི་ལས་རྣམས་ནི༔ ཁྱོད་ཀྱིས་མྱུར་དུ་ཕྲིན་ལས་མཛོད༔ ཁྱོད་ཀྱིས་མྱུར་དུ་མ་བསྒྲུབས་ན༔ ཁྱོད་རྣམས་མགོ་བོ་འགས་པར་འགྱུར༔ དེ་བས་ལས་རྣམས་མྱུར་དུ་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དྲེགས་པའི་བསྐུལ་བྱང་ཆེན་མོའི་ནང་ནས་ཁོང་དུ་བྱུང་བ་ཡིན་ནོ༔ གནམ་ས་གོ་བཟློག་དུས་སྦྱར་རྒྱུ་ཡིན༔ རཱ་ག་ཨ་སྱས་བསྡུས་ཏེ་བྲིས་པའོ༔ མངྒ་ལཾ། དགེའོ།


previousདྲེགས་པའི་གཟུ་དཔང་དང་ཕྲིན་ལས་རྣམས།next