Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཆེན་མོའི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཆེན་མོའི་ཟིན་བྲིས།next

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཆེན་མོའི་ཟིན་བྲིས།


CMR047_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཆེན་མོའི་ཟིན་བྲིས་བཞུགས་སོ།


CMR047_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལེགས་ལྡན་ནག་པོ་ལ་ཕྱག་འཚལ་ལོ། །དེ་ཡི་དགྲ་བྲུབ་ཆེན་མོ་ནི། །སྲིད་པའི་དགྲ་ཆོས་ཞེས་ཀྱང་བྱ། །སྔོན་གྱི་བསྐལ་པ་དང་པོ་ལ། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །སུམ་ཅུ་རྩ་གསུམ་ལྷ་གནས་ཡང་། །ལྷ་མ་ཡིན་ལ་འཆོར་ལ་ཐུག །དེ་ཚེ་ལྷ་དབང་བརྒྱ་བྱིན་གྱིས། །ཕྱག་ན་རྡོ་རྗེ་ལ་ཞུས་པས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །དམ་པ་ཆོས་ཀྱིས་མཚན་གསོལ་བ། །མགོན་པོ་ལེགས་ལྡན་ནག་པོ་ཟེར། །ཡེ་སྲིད་ལྷ་ཡིས་མཚན་གསོལ་བ། །དགྲ་བླ་ཀུན་ཐུབ་འཇིགས་མེད་ཟེར། །སྐྱེ་བོ་ཡོངས་ཀྱིས་མཚན་གསོལ་བ། །དཔལ་མཐུ་ཆེན་


CMR047_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཝེར་མ་ཉི་མ་ཟེར། །ངོ་བོ་གཅིག་ལ་མཚན་མང་བ། །ཁྱད་པར་དགྲ་འདྲེ་འདུལ་བའི་མཆོག །དགྲ་བྲུབ་འདི་ཉིད་གནང་བའི་ཕྱིར། །ལྷ་མིན་དམག་ཚོགས་ཆམ་ལ་ཕབ། །ལྷ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས། །བསྐལ་པ་དེ་ཡི་བར་མ་ལ། །སྲིད་པ་ཡེ་སྨོན་རྒྱལ་པོ་ལ། །ངམ་རྗེ་བཙན་པོ་དགྲ་རུ་ལང་། །ཡེ་ཁམས་མི་ཡི་སྤྱི་ཆོས་ཏེ། །ངམ་རྗེ་དེ་ལ་འཆོར་ལ་ཐུག །ལྷ་ཆེན་སྣང་བ་དོན་ལྡན་གྱིས། །དགྲ་ཆོས་དགྲ་བྲུབ་འདི་བྱས་པས། །ངམ་རྗེ་བཙན་པོ་ཆམ་ལ་ཕབ། །ངམ་གྱིས་དཀོར་ནོར་སྣ་དགུ་དེ། །ཡེ་སྨོན་རྒྱལ་པོའི་གནང་དུ་ཐོབ། །བསྐལ་པ་དེ་ཡིས་


CMR047_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ལ། །ཐུགས་ཀར་བུ་དགུ་བྱ་བ་ལ། །ཐུགས་དམར་བུ་དགུ་དགྲ་རུ་ལང་། །ཐུགས་ཀར་མཁར་ལྷ་རྩེ་མོ་ནས། །བཙན་བྱ་འུག་པ་གཤོག་རིང་བབས། །ཐུགས་དམར་བཙན་གྱི་དམག་ཚོགས་ཀྱིས། །ཐུགས་ཀར་ལྷ་འཁོར་བཤིག་ལ་ཐུག །དེ་ཚེ་ཡེ་ཤེས་དམག་ཚོགས་ཀྱིས། །དགྲ་བྲུབ་དགྲ་ཆོས་འདི་བྱས་པས། །ཐུགས་དམར་བཙན་གྱིས་གོང་ཡུལ་རྒྱལ། །ཐུགས་དམར་ནག་ཟོག་བཅོ་བརྒྱད་དེ། །ཐུགས་ཀར་བུ་དགུའི་གནང་དུ་བཅད། །བསྐལ་པ་དེ་ཡི་འོག་མ་ལ། །ལྷ་ཚ་བུ་དགུ་བྱ་བ་ལ། །སྲིན་ཚ་བུ་དགུ་དགྲ་རུ་ལང་། །སྲིན་པོའི་དམག་ཚོགས་ཁྲི་ཕྲག་གིས། །ལྷ་ཡུལ་དཀར་པོ་གླིང་དགུ་དེ། །སྲིན་ཚའི་དམག་ལ་འཆོར་ལ་ཐུག །དེ་ཚེ་ཐུགས་ཀར་སློབ་དཔོན་གྱིས། །དགྲ་ཆོས་དགྲ་བྲུབ་འདི་བྱས་པས། །སྲིན་ཚ་བུ་དགུའི་གཡུལ་ངོ་ཟློག །སྲིན་ཚའི་དཀོར་ནོར་ཁྱུ་ཆེན་དགུ། །བང་མཛོད་མཁར་ཆེན་བཅོ་བརྒྱད་བཅས། །ལྷ་ཚེ་བུ་དགུའི་གནང་དུ་ཐོབ། །བསྐལ་པ་དེ་ཡི་འོག་མ་ལ། །མིའུ་རུས་དྲུག་ཡབ་དང་བདུན། །མཛོ་མོ་དཀར་མོ་བདུན་ཡོད་དེ། །བདུད་ཀྱི་ཇག་པས་དེད་པ་ལ། །ཡབ་རྒན་དེ་ལ་ར་མདའ་བྱས། །ཨ་མྱེ་བདུད་ཀྱིས་


CMR047_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བསད་དོགས་ནས། །གཉན་གྱི་བུ་མོས་བར་བྱས་ནས། །ཨ་མྱེ་ཁྲོས་ནས་གྲི་བརྒྱབས་པས། །གཉན་རྒོད་དྷེ་ཝས་དེ་གཟིགས་ནས། །གཉན་གྱི་གཟིར་མདས་ཨ་མེ་བསད། །དེ་ཚེ་མིའུ་རུས་དྲུག་གིས། །དགྲ་བྲུབ་དགྲ་ཆོས་འདི་བྱས་པས། །གཉན་ལ་ཕ་སྟོང་བདུད་ལ་ཕ་ཤ་ལོན། །དེ་རྗེས་རྒྱ་བོད་ཧོར་གསུམ་གྱི། །ཕ་རྒན་ཤི་ནས་རོ་བགོས་པས། །ཕ་མཚུན་ནག་པོ་རྒྱ་ལ་ཤོར། །རྒྱ་མི་རབས་གསུམ་ལ་དར་བའི་དུས། །བོད་མི་རབས་གསུམ་ལ་དབུལ་ཕོངས་བྱུང་། །སྟོང་གསུམ་མགོན་ལྷ་དཀར་པོ་ཡི། །དགྲ་བྲུབ་དགྲ་ཆོས་འདི་བྱས་པས། །ཕ་མཚུན་སྐུ་རྒྱལ་བོད་ལ་ལོན། །བོད་ཁམས་བདེ་སྐྱིད་ཕུན་སུམ་ཚོགས། །དེ་རྗེས་སྐུ་རྒྱལ་བོད་ཀྱི་ཡུལ། །རྒྱལ་པོ་གཉའ་ཁྲི་བཙན་པོ་དེས། །དམ་པ་ཆོས་ཀྱི་དབུ་བརྙེས་ནས། །བསྟན་པ་དར་ཞིང་རྒྱས་པ་ལ། །དུས་དང་བསྐལ་པ་དེ་ཙམ་ན། །གནམ་མཐའ་ལྕགས་ཀྱི་རྒད་པོ་དང་། །ས་མཐའ་ཟངས་ཀྱི་རྒན་མོ་དང་། །དེ་གཉིས་ཐབས་ཀྱི་བཤོས་པ་ལས། །སྒོ་ང་བཞི་སྲིད་དུང་སྒོང་ཤར། །ཤར་ཕྱོགས་རྒྱ་ཡི་དགྲ་སྲི་བྱུང་། །གཡུ་སྒོང་ལྷོ་རུ་རྡོལ་བ་ལས། །ལྷོ་ཕྱོགས་འཇང་གི་དགྲ་སྲི་བྱུང་། །ཟངས་


CMR047_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྒོང་ནུབ་ཏུ་རྡོལ་བ་ལས། །ནུབ་ཕྱོགས་མོན་གྱི་དགྲ་སྲི་བྱུང་། །ལྕགས་སྒོང་བྱང་དུ་རྡོལ་བ་ལས། །བྱང་ཕྱོགས་ཧོར་གྱི་དགྲ་སྲི་བྱུང་། །དགྲ་སྲི་དེ་བཞིས་རྐྱེན་བྱས་ནས། །ཕྱོགས་བཞིའི་དགྲ་བཞི་དེ་ནས་ལང་། །གནམ་མཐའ་ལྕགས་ཀྱི་རྒད་པོ་དེ། །གཤིན་རྗེ་ཁྲམ་ཐོགས་དབྱུག་འཛིན་སྤྲུལ། །རྡུལ་ནག་འཚུབ་མའི་རྟ་ལ་ཞོན། །མི་དགེ་སྡུག་པ་སྣ་ཚོགས་བསྟན། །མདས་མཐའ་ལངས་ཀྱི་རྒན་མོ་དེས། །མི་ཁའི་བུ་མོ་བ་རུ་སྤྲུལ། །ནད་མུག་མཚོན་གྱི་ཆར་པ་ཕབ། །བོད་ཀྱི་ཆོས་རྒྱལ་འཁོར་འབངས་བཅས། །མི་ནོར་རྟིང་ནས་བརླག་ལ་ཐུག །དེ་ཚེ་རྒྱལ་བློན་འཁོར་བཅས་ཀྱི། །བཀའ་བགྲོས་བྱས་ནས་བློ་བྱུང་ནས། །མཐུ་ཆེན་ནོར་ལྷ་ཐོད་དཀར་གྱིས། །དགྲ་བྲུབ་དགྲ་ཆོས་འདི་བྱས་པས། །ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ། །ཕྱོགས་བཞིའི་ཇ་དར་རིན་པོ་ཆེ། །གོ་མཚོན་ནོར་སོགས་གནང་དུ་ཆོད། །དེ་རྗེས་བསྐལ་པའི་ཐ་མ་ལ། །ཆོས་རྒྱལ་མུ་ཁྲི་བཙན་པོ་ལ། །ཞང་བློན་མགུལ་རིང་དགྲ་ལང་དུས། །དགྲ་བྲུབ་དགྲ་ཆོས་འདི་བྱས་པས། །ཞང་དབུ་རིང་ཕ་ཚན་བཅས་པ་བརླག །དེ་རྗེས་རྒྱ་བོད་འཁྲུག་པའི་དུས། །སྔགས་པ་རྡོ་རྗེ་བདུད་འཇོམས་


CMR047_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡོན་མཆོད་གཉིས་ཀྱི་ཟླ་གཅིག་བར། །དགྲ་བྲུབ་དགྲ་ཆོས་འདི་བྱས་པས། །བོད་རྒྱལ་རྒྱ་རྣམས་བོད་འོག་ཚུད། །དེ་ཕྱིར་བོད་ལ་འཕྲག་གཡང་ཆེ། །དེ་བས་ཕྱི་རབས་རྣལ་འབྱོར་ལ། །དགྲ་ཇག་ཆོམ་རྐུན་ནད་མུག་མཚོན། །བྱད་ཁ་ལ་སོགས་རྐྱེན་ངན་ལ། །འདི་ལས་ལྷག་པའི་རྐྱེན་ཟློག་ནི། །ས་སྟེང་འདི་ན་མེད་དོ་སྐད། །དེ་ཕྱིར་ལེགས་ལྡན་བྱ་ཐབས་ནི། །ཆོས་ལུགས་བོན་ལུགས་སྲིད་པའི་ལུགས། །ལུགས་ཁ་གསུམ་ལ་བཅའ་ལུགས་གསུམ། །དགྲ་ཟློག་དགྲ་བྲུབ་མདོས་ཐབས་གསུམ། །བཅའ་ཐབས་མི་གཅིག་དྲུག་ཙམ་ཡོད། །དྲུག་གི་ནང་ནས་འདི་ཉིད་ནི། །སྲིད་པའི་ལུགས་དང་ཆོས་ལུགས་ཀྱི། །ཟུང་འབྲེལ་དབྱེར་མེད་བྱ་བ་ཡིན། །འདི་ཡི་ལག་ལེན་བསྟན་པ་ནི། །༈ །ལྕགས་སྣོད་ཀྱི་ནང་དུ་རི་རབ་བང་རིམ་བཞི་པ་བྱས། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་། དབུས་སུ་བྲུབ་ཁུང་གཅིག་གི་ཕྱོགས་གསུམ་དུ་བྲུབ་ཁུང་གསུམ་བྱ། ནང་དུ་ཤོག་ལིང་དང་ཟན་ལིང་གསུམ་བཞག །དེ་སྟེང་དམར་གཏོར་ཆེ་བ་གཅིག་བཞག །དེ་ནི་ལེགས་ལྡན་མགོན་པོའི་གཏོར་མ་ཡིན། ཟུར་གསུམ་ལ་དམར་གཏོར་དེ་བས་ཆུང་བ་གསུམ་


CMR047_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ནི་ལྷ་མོ་ལེགས་ལྡན་མཆེད་གསུམ་གཏོར་མ་ཡིན། དེ་མཐར་བང་རིམ་དང་པོ་ལ། དམར་གཏོར་བརྒྱད་ཀྱིས་བསྐོར་བ་ནི། དེ་ནི་ལེགས་ལྡན་གྱི་གཏོར་མ་ཡིན། དེ་མཐར་བང་རིམ་གཉིས་པ་ལ་དམར་གཏོར་ཉེར་གཅིག་གིས་བསྐོར། དེ་ནི་ནག་པོ་སྟོང་དང་ཤ་ཟ་འབུམ། མ་མོ་བྱེ་བ་གནོད་སྦྱིན་ཁྲི་དང་བཅས་པའི་གཏོར་མ་ཡིན། བང་རིམ་གསུམ་པར་དམར་གཏོར་ཉི་ཤུ་རྩ་གཅིག་གིས་བསྐོར། བང་རིམ་ཐ་མ་ལ་འབྲང་རྒྱས་བཅུ་གསུམ་གྱིས་བསྐོར། དེ་ནི་དགྲ་བླ་ཝེར་མ་རྣམས་ཀྱི་གཏོར་མ་ཡིན། དེ་རྒྱབ་ལྕོག་རྡོག་དང་ཆངས་བུ་གཙང་མ་སྦྲགས་ལ་བསྐོར། དེ་ནི་ལས་བྱེད་བདུད་ཁུར་རྣམས་ཀྱི་གཏོར་མ་ཡིན། དེ་མཐར་ས་སྦྱིན་ལ་རྟ་དྲེལ་བོང་གསུམ། མཛོ་ཁལ་གླང་གསུམ། ཁྱི་ར་ཕག་གསུམ་དགུ་པོ་ལ་མི་གཟུགས་སྐྱོན། སྔོན་མ་གསུམ་གྱིས་མདའ་གཞུ་བཟུང་བ། བར་མ་གསུམ་གྱིས་མདུང་བཟུང་བ། རྒྱབ་མ་གསུམ་གྱིས་གྲི་བཟུང་བ། ཝེར་མའི་ལས་མཁན་བཞི་ནི། ཤར་དུ་ར་དམར་ཟོར་ཐོགས། ར་མགོ་ཅན་ལག་ན་ཟོར་བ་ཐོགས་པ། ལྷོར་སྤྲེལ་དམར་རྟ་ཐོགས་སྤྲེལ་མགོ་ཅན་ལག་ན་སྟ་རེ་ཐོགས་པ། ནུབ་ཏུ་བོང་བུ་སྟེ། བོང་བུའི་མགོ་ཅན་སྟེས་ཁེ་


CMR047_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། བྱང་དུ་འཁྱིལ་པ་མེ་འཁྱིལ་བྱ་མགོ་ཅན་མེ་དཔུང་འཛིན་པ། གཏོར་མ་རྣམས་ལ་ཤ་དུམ་ཁྲག་ཆུས་བྲན་ལ་བཞག །ལྕགས་རི་ལ་རྩང་དམར་ནག་བཅུ་གཅིག་བཙུགས། མདོས་ལྟར་བྱེད་ན་ནམ་མཁའ་ཁྲམ་ཤིང་བྱང་བུ་རྣམས་བཙུགས། མདའ་ཟོར་རྡོ་ཟོར་གཏོར་ཟོར་རྣམས་ཀྱིས་བསྐོར། སྣོད་གཙང་མའི་ནང་དུ་དཀར་གཏོར་གཅིག་ལ་བྱ་དཀར་བཙུགས། འབྲང་རྒྱས་དང་གཡག་ལུག་ར་གསུམ་གྱིས་བསྐོར། དེ་ནི་རྒྱུག་རོག་ཡུལ་ལྷ་ཟོ་དོར་གྱི་གཏོར་མ་ཡིན། དེ་ཡི་མདུན་དུ་ཕུང་རེ་ཡི་སྟེང་དུ་ཤོག་ལིང་དང་རྡོ་ནག་རྡེལ་བུ་དགུ་ལ་ནི་བྲིས་པ། གླང་མའི་ལིང་ཚེ་དགུ་ལ་ཚྭ་དང་ཛ་ཁྲི་བྲིས་པ། གཡེར་མ་དགུ་བོང་བ་དུམ་བུ་དགུ། ཚྭ་སྒོག་རམ་པ་དང་བཅས་པ་བཀོད། གལ་ཆེན་ཞག་མང་བྱེད་ན་གྲུ་གསུམ་ནངདུ་བཀོད་ལ་རྩང་བཙུགས། གཡག་རུ་གཡོན་མ་ལ་གླང་གི་མགོ་དང་ཛ་ཁྲི་བྲིས་ལ་བཞག །ཐག་པ་ཁྲ་བོ་འདོམ་པ་གང་། ཤ་རུ་ཤིང་ལྕགས་ས་ཆུ་རེ་ནག་རྣམས་བཀོད། །བྲ་བ་ཐལ་འཇིམ་མགོ་དགུ་ཡང་བཞག །ཡས་སྟགས་རྫོངས་ན་གཞུང་ལྟར་བྱུང་བཞིན་བཅས། དགྲ་དཔུང་གཅོག་ན་རང་ཟོག་མ་ཡིན་པའི་དཔུང་པ་གཡོན་པ་བཞག །གྱོད་ཀྱི་ཤྭ་བཞི་


CMR047_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྤགས་ན་རང་གཞུང་ལྟར། རྐུན་མ་ཚང་ཕུད་བྱེད་ན་མི་གཟུགས་བཞི་ཡི་ལག་ན་ཞགས་པ་ཐོགས་པ་བྱ། དམག་ཇག་ལ་འགྲོ་བ་ཡིན་ན་གནང་བགོས་བྱེད་རྒྱུ་གཞུང་ནས་འབྱུང་བཞིན་བྱ། ངེས་པར་དགྲ་ལ་རྟགས་ཐོན་བྱེད་ན་འདྲེ་དགུ་སྐྱས་འདེབས་བྱ། མི་ཁ་དགྲ་ལ་རྦད་ཐབས། བསེ་རག་དགྲ་ལ་ཆད་ཐབས་གཞུང་བཞིན་བྱ། དེ་གསུམ་གནད་ཀྱི་མན་ངག་སུས་ཀྱང་བཟློག་མེད་བདེན་རྫུན་མེད་པ་ཡིན། ཞལ་ཤེས་གསུམ་ཡོད་ཐུགས་ལ་གབ། དེ་མིན་གབ་ཅིང་སྦས་པ་མེད། འབུལ་རྒྱུའི་གཏོར་ཆུང་ཤ་དུམ་ཟུར་དུ་བཤམས། ཁྲེལ་ཐག་གཅོད་ན་ཐག་པ་ཁྲ་བོ་འདོམ་པ་གང་བྱ། དེ་ནི་བཅའ་ཚོགས་རྒྱས་པ་ཡིན། ༈ འབྲིང་ལ་གཏོར་མ་གོང་ལྟར་ལས། ཡས་སྟགས་རྣམས་མི་དགོས། བསྡུས་པ་ནི་དམར་གཏོར་ཆེ་བ་གཅིག་ལ་ཆུང་བ་བཅུ་ཡིས་བསྐོར། དཀར་གཏོར་གོང་ལྟར་རྡོ་ནག་གླང་མ་ལིང་དགུ་བྲ་བ་ཤ་དུམ་རྣམས་བཤམས། ༈ གཞན་རྣམས་མི་དགོས་སོ། །ཤིན་ཏུ་བསྡུ་ན། རྡེལ་ནག་གླང་གཟུགས་རེ་ནག་བྱ་ཐག་རྣམས་མ་གཏོགས་གཞན་མི་དགོས། འདོན་ལུགས་རྒྱས་པ་གོང་ནོན་ཡི་དམ་གང་ཡིན་གྱི་ལས་བྱང་དང་ཆོས་སྐྱོང་རྣམས་སོང་བའི་མཚམས་སུ། གཏོར་མ་


CMR047_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་རྣམས་ཆུ་གཙང་གིས་བྲན་ལ། དགྲ་ཆོས་གཞུང་གི་སྡང་བར་བྱེད་པའི་དགྲ་བོའི་བླ་རྡོ་ཡིན་ཟེར་བའི་བར་འདོན། ལིངྒ་གླང་མ་རྡེལ་ནག་རྣམས་ལ་འགུག་གཞུག་ལན་གསུམ་བྱ། གཏོར་མ་རྣམས་གླིང་བཞི་གླིང་ཕྲན་བརྒྱད་འདོད་པའི་ཡོན་ཏན་ལྔ་ཡོ་བྱད་ཕུན་སུམ་ཚོགས་པ། གོ་མཚོན་ཕོ་བྲང་ཞིང་ཁམས་ཕུན་སུམ་ཚོགས་པ། བཟའ་བཅའ་རྟེན་རྫས་བསྒྲུབ་རྫས་ཤ་ཁྲག་ལ་སོགས་པ། ལེགས་ལྡན་མགོན་པོ་འཁོར་བཅས་དགྲ་བླ་ཝེར་མ་ཡུལ་ལྷ་ཟོ་དོར་ཐམས་ཅད་དགྱེས་པ་བསྐྱེད་ནུས་པའི་མཆོད་རྫས་ཀྱིས་ནམ་མཁའ་གང་བར་བསྒོམས་ལ། ཨོཾ་ཨཱཧཱུྃ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ལྷ་ཚོགས་འཁོར་བཅས་ལ་ཕུལ་བས་མཉེས་ཤིང་ཚིམས་ནས་དགྲ་ཡུལ་དུ་སོང་ནས་རྡུལ་དུ་བརླག་པར་བསྒོམས་ལ་འདོན། དེ་ནི་དམག་ཇག་སོགས་ལ་འགྲོ་དུས་འགྲོ་ཁར་ཆས་ཀ་སྤྱད་ནས་བརྫ་ང་བ་ལྟ་བུ་ཡིན་པས་གལ་ཤིན་ཏུ་ཆེ། གཏོར་ཆུང་ཤ་དུམ་རྣམས་གོང་ལྟར་བྱིན་བརླབས། ཐུགས་ཀར་ཝེར་མ་ཡུལ་ལྷ་རྣམས་ཀྱི་དགྲ་ཆོས་འདོན། དེ་ནས་དགྲ་ཆོས་སྤུན་དགུ་སོགས་ནས་ཛ་ཛའི་བར་འདོན། འགུགས་གཞུག་ལན་གསུམ་བྱ། གཏོར་ཆུང་ཤ་དུམ་འབུལ། ལེགས་ལྡན་


CMR047_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་དང་སྲས་ཀྱི་དགྲ་ཆོས་འདོན། ལིངྒ་རྡེལ་ནག་གླང་མ་ལ་འགུགས་གཞུག་ལན་གསུམ་བྱ། ཕོ་རོག་འུག་པའི་སྒྲོས་གཡབ་ལྷ་དབྱེ་བྱ། དེ་ནས་ཤར་ཕྱོགས་རྒྱ་ཡི་དགྲ་ཞེས་པ་ནས། དགྲ་ལ་ཆད་དོ་ཞེས་པའི་བར་འདོན། གཡག་རུ་བསྐྱེད་ཆོག་འདོན། ཞག་མང་བཅའ་ན་རྨུ་གབ་འགེབས་ཐབས་འདོན་ལ་ལིངྒ་རྡོ་ནག་གླང་མ་རྣམས་ཀྱི་ཐོག་ཏུ་གཡུག །གྲི་ཁ་མཚོན་བསྒྱུར་ཆེ་ཆུང་གཉིས་དང་གྲི་བྲུབ་སྨས་བསྒྱུར་འདོན་ལ་གྲི་ཡུར་བྱེད་ལ་གྲི་རྩེས་ཁྲག་གཏོར། དེ་ནས་ལྷ་གཞུང་གང་ཡིན་རྗེས་ཀྱི་རིམ་པར་འཇུག ༈ །འབུལ་ཉིན་གོང་ལྟར་ལས་དཀར་གཏོར་གསེར་སྐྱེམས་མདའ་དར་ཧོ་ཕྱག་རྣམས་བཤམས། མི་གསུམ་མམ་ལྔ་བདུན་དགུ་སོགས་གོ་མཚོན་ཐོགས་ལ་གྲལ་བསྒྲིགས་པ་ལ། རྐང་པ་གཡོན་མའི་སྒྱེད་ཁུག་ཞབས་ནས་རྡེལ་ནག་གླང་མ་རྣམས་ལེན་མ་རག་བྱས་ལ་གྲལ་མཇུག་མས་གཡག་རུ་རྐང་ཞབས་སུ་མནན་ལ་བྲན། གཡག་རུ་བསྐྱེད། བསོ་ཚེས་གཅིག་བཅུ་གཅིག་ཟོར་དུ་རྡོ་ནག་གླང་མ་ལིངྒ་རྣམས་རིམ་པར་སྦྲགས་ལ་བྲུབ་ནས། བྲ་བ་འདོན་ལ་བྲ་མཆུ་བཅད་ལ་བྲུབ། རྐུན་མ་ཚང་ཕུད་འདོན། ཤྭ་བཞི་འདོན། དགྲ་དཔུང་གཅོག་ཁྲེལ་ཐག་གཅོད་ལ་གླང་


CMR047_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཐོག་ཏུ་བཀལ། ཤ་རུ་ཁྲམ་འདེབས་གྲི་ཁ་མཚོན་བསྒྱུར་གྱི་བྲུབ་སྨྲས་བསྒྱུར་བྱའོ། །དེ་ནས་དཀར་གཏོར་གསེར་སྐྱེམས་འབུལ། འདྲེ་དགུ་སྐྱེས་འདེབས་བསེ་རག་མི་ཁ་རྣམས་འདོན། གཏོར་ཆུང་ཤ་དུམ་རྣམ་མདོས་ནང་དུ་འབུལ། དེ་རིང་སྲིད་པའི་ཟེར་བའི་དམག་བསྐུལ་འདོན། གཏོར་ཆུང་ཤ་དུམ་རྣམས་གོང་ལྟར་འབུལ། ཡི་དམ་ལྷ་ཚོགས་ཟེར་བའི་དམག་བསྐུལ་འདོན། དེ་ནས་དགྲ་ཕྱོགས་སུ་ཁྱེར་ལ། སྔོན་དུ་དཀར་གཏོར། དེ་རྒྱབ་གླང་གཟུགས། ཡས་སྟགས་རྣམས་བཞག །དགྲ་ལ་ངེས་པར་རྟགས་ཐོན་བྱེད་ན། དེ་རྒྱབ་མི་ཁ་བསེ་རག་རྣམས་བཞག །གྱོད་ཀྱི་ཤྭ་བཞི་སྤྲུག་པ་བཞག་ལ་བྲན། འགུགས་གཞུག་ལན་གསུམ་བྱེད། དེ་ནས་གྱོད་ཀྱི་ཤྭ་བཞི་དགྲ་ཕྱོགས་སུ་སྤྲུག །གཟེ་མ་ཕུ་འདེབས་འདོན། མདོས་ཟོར་རྡོ་ཟོར་རྣམས་འདོན་ལ་འཕེན། གླང་གཟུགས་ལ་མདའ་གྲི་བརྒྱབས། དགྲ་ཤ་སྟོན་འགྱེད་བཏོན་ལ་གཏོར། གཡག་རུ་གཏད་ཁྲམ་འདོན་ལ་མནན་པ་བྱ། དམག་ཇག་ལ་འགྲོ་ན་གནང་བསྒོས་དཔའ་དར་དཔའ་ཟས་འདོན་ལ་སྦྱིན། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ་ལན་གསུམ་བརྗོད། དེ་ནི་དགྲ་ཆོས་རྒྱས་


CMR047_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ༈ །འབྲིང་པོ་གོང་ལྟར་ལས། ཡས་སྟགས་དང་གྲི་ཁ་མཚོན་བསྒྱུར། དགྲ་དཔུང་གཅོག་པ་གྱོད་ཀྱི་ཤྭ་བཞི་འདྲེ་དགུ་སྐྱས་འདེབས་མི་ཁ་བསེ་རག་རྣམས་བསྒྱུར། ༈ བསྡུས་པ་ནི་དགྲ་ཆོས་གཞུང་ལ་ཐུགས་ཀར་དགྲ་ཆོས་ཅིག །གཟེ་མ་ཕུ་འདེབས་མ་གཏོགས་གཞན་མི་དགོས། ༈ ཤིན་ཏུ་བསྡུ་ན་སྔར་གྱི་ཐོག་པ་སྡེ་དགུའི་གཞུང་ལས་བྱུང་ལྟར་བྱ། སྤྱིར་དགོས་གལ་ཆེ་བ་ལ་དགྲ་སྲི་དར་ན་དགྲ་དཔུང་གཅོག་པ་གལ་ཆེ། ཁ་མཆུ་མང་ན་ཤྭ་བཞི་སྤྲུགས། རྨས་གྲུམ་མང་ན་གྲི་ཁ་མཚོན་བསྒྱུར་གྲི་བྲུབ་སྨྲས་སྒྱུར། ཇག་རྐུན་ལྡང་ན་རྐུན་མ་ཚང་ཕུད་རྐུན་ཐག་གཅོད་པ། ནད་སྐག་ཆེ་ན་ཡས་སྟགས་དགུ་རྫོངས་ན་སྤོ་ཤི་སྤོ། བྱད་ཁ་ཆེ་ན་ཐུར་གོང་འོག་ཝེར་མ་ཡབ་ཡུམ་སྲས་ཀྱི་དགྲ་ཆོས་ཤ་རུ་ཁྲམ་འདེབས་རྣམས་གལ་ཆེ་ཚང་མ་འདོན་པར་བྱ། དེ་ལྟར་བྱས་ན་རྐྱེན་ཟློག་མཆོག་ཡིན་ནོ། །དགྲ་མདོས་བྱས་ན་དགའ་རབ་རྡོ་རྗེས་མཛད་པའི་ནམ་མཁའ་ཁྲམ་ཤིང་བྱང་བུ་རྣམས་སབ་པར་བྱ། དགྲ་ཟློག་ལྟར་བྱས་ན་ནག་པོ་མཐུ་རྩལ་དང་མདོས་ཟོར་ཤ་ཁྲག་གཏོར་མ་ཟེར་བ་སབ། དགྲ་ཆོས་དགྲ་བྲུབ་བྱེད་ན་གཞུང་ལྟར་དེ་ཁ་བསྒྱུར་གྱི་རིམ་པའོ། །ཨེ་མ་སྲིད་པའི་དགྲ་ཟློག་


CMR047_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་འདི། །འཛམ་གླིང་འདི་ན་ཆོས་བོན་མ་དར་གོང་། །འདི་ནི་དར་རྒྱས་སྲིད་པའི་དགྲ་ཆོས་ཟེར། །དེ་ཕྱིར་འཛམ་གླིང་མི་རྣམས་ཐམས་ཅད་ཀྱི། །སྐུ་རིམ་རྐྱེན་ཟློག་གཙོ་བོ་འདི་ལ་བྱས། །འདི་ལས་ལྷག་པའི་རིམ་གྲོ་གཅིག་ཀྱང་མེད། །འདི་ཉིད་རིམ་གྲོའི་མཆོག་གྱུར་ཡིན་ན་ཡང་། །མི་ཤེས་རྨོངས་པ་འགའ་ཡི་སྨྲས་པ་ལ། །གཟུགས་ཅན་མི་ཡི་དགྲ་རྐུན་མ་གཏོགས་པའི། །དགྲ་ཆོས་བྱ་དགོས་མེད་དོ་ཟེར་སྲོལ་གདའ། །དེ་ནི་མི་ཤེས་རྨོངས་པའི་གླེན་གཏམ་ཡིན། །རྩིས་གཞུང་མདོ་རྒྱུད་ཀུན་གྱི་ལུང་བསྟན་ལ། །སྲོག་ལ་དགྲ་དར་ཤི་ཆད་འོང་། །ལུས་ལ་དགྲ་དར་ན་ཚ་འོང་། །དབང་ཐང་དགྲ་དར་གོད་ཁ་འོང་། །སྲུང་རྟ་དགྲ་དར་མི་ཁ་ལྡངས། །ལར་སྨེ་བའི་དགྲ་དང་ཞག་དུས་ལྷ། །འདྲེ་ཕྲག་དོག་བྱད་ཁ་དྲག་པོ་སོགས། །གཟུགས་ཅན་དགྲ་བས་གཟུགས་མེད་དགྲ་ཉིད་མང་། །དེ་ཕྱིར་མཆོག་དམན་སེར་སྐྱ་ཐམས་ཅད་ཀྱིས། །སྐུ་རིམ་རྐྱེན་ཟློག་བྱད་ཟློག་འདི་ལ་མཛོད། །འདི་ལས་ཟབ་པའི་རྐྱེན་ཟློག་གང་ཡང་མེད། །བན་བོན་སུ་ཡིས་བཅས་ཀྱང་འཕྲོད་པ་ཡིན། །དགྲ་ལ་རྟགས་ཐོན་འོང་བའི་མཐུ་ནག་ཡིན། །གཞན་ལ་མ་སྤེལ་སྙིང་གི་


CMR047_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དུ་གབ། །དམར་ཡོན་ཨ་མྱེ་ཨོ་རྒྱན་མགོན་གྱིས་བརྒྱ་འབུལ་བྱས་ནས་སྔ་སོར་དགྲ་ཆོས་ཐོག་པ་སྡེ་དགུ་གནང་བ་ཡིན་ཀྱང་། ད་ལམ་སྲིད་པའི་དགྲ་ཆོས་ཆེན་མོ་ཟེར་བ་གཅིག་རྩིས་གཞུང་ནས་བཤད་འདུག་པས། ཤེས་མཁན་སུ་ཡང་མི་འདུག་པས། དེ་ཉིད་ལག་ལེན་དང་བཅས་གནང་དགོས་ཞེས་ནན་ཆེར་བསྐུལ་བས། ༧ རཱ་ག་ཨ་སྱས་དགྲ་ཆོས་དང་རྩིས་བསྟན་ཆོས་རྣམས་ཀྱི་དོན་བསྡུས་ནས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཆེན་མོའི་ཟིན་བྲིས།next