Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་སྲིད་པའི་དགྲ་བྲུབ་ཆེན་མོའི་གྲི་ཁ་མཚོན་སྒྱུར་གྲི་བྲུབ་སྨྲས་སྒྱུར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་སྲིད་པའི་དགྲ་བྲུབ་ཆེན་མོའི་གྲི་ཁ་མཚོན་སྒྱུར་གྲི་བྲུབ་སྨྲས་སྒྱུར།next

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་སྲིད་པའི་དགྲ་བྲུབ་ཆེན་མོའི་གྲི་ཁ་མཚོན་སྒྱུར་གྲི་བྲུབ་སྨྲས་སྒྱུར།


CMR047_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་སྲིད་པའི་དགྲ་བྲུབ་ཆེན་མོའི་གྲི་ཁ་མཚོན་སྒྱུར་གྲི་བྲུབ་སྨྲས་སྒྱུར་བཞུགས།


CMR047_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཁ་མཚོན་སྒྱུར་བྱེད་པར་འདོད་ན། གླང་མའི་མི་གཟུགས་རྐང་པ་གསུམ་ཡོད་པ་གཅིག་བྱས། དེ་ལ་གཡུ་རུ་རྐང་གསུམ་ཟེར་འགུལ་ཏུ་ཁྲག་ལོང་བཏགས། རྐེད་པར་གླང་མིའི་མདའ་གཞུ་བཏགས། རེ་བའི་འཕྲུ་བཙུགས། མགོ་རེ་བས་བཏུམ་ལ་གླང་མའི་ཁ་མིག་གཏོད་ལ། མདུན་དུ་ས་ཆུ་ཤིང་མེ་ལྕགས་རྣམས་བཞག་ལ་འདི་སྐད་དོ། ཀྱཻ། གྲི་ཁ་མཚོན་ཁ་སྒྱུར་བའི་ཕྱིར། །མགོན་པོ་ལེགས་ལྡན་ནག་པོ་དེས། །ཐུགས་ཀྱི་དགོངས་པ་མཛད་པ་ལ། །ལྷ་དམག་བྱེ་བ་དུང་ཕྱུར་དང་། །རྒྱལ་ཆེན་སྡེ་བཞིས་དམག་དཔོན་བྱས། །སྐུ་ལ་བསེ་ཁྲབ་སེར་པོ་གསོལ། །ཕྱག་ན་རུ་མཚོན་ནམ་མཁར་ཕྱར། །ཧཱུྃ་ཕཊ་སོད་རྒྱོབ་སྒྲ་སྒྲོགས་


CMR047_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བདུད་དང་སྲིན་པོའི་གྲི་ཁ་སྒྱུར། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །སྐུ་ལ་མེ་ཡི་ཚྭ་ཚྭ་འཕྲོ། །དམེ་གྲིའི་གདུག་རྩུབ་དགྲ་ལ་སྒྱུར། །སྤྱན་ནས་གདུག་པའི་ཚྭ་ཚྭ་འཕྲོ། །ལྷོག་གྲི་ཁྲག་གི་གྲི་ཁ་སྒྱུར། །ཤངས་ནས་བསྐལ་པའི་རླུང་དམར་འཚུབ། །འཚུབ་གྱི་རླུང་ཐོག་གྲི་ཁ་སྒྱུར། །ཞལ་ནས་ཁྲག་གི་རྦ་རླུང་འཕྱོ། །ཆུ་གྲི་ཁྲག་བཤམ་དགྲ་ལ་སྒྱུར། །གཡས་ན་རལ་གྲི་འབར་བ་ཡིས། །ཤར་ཕྱོགས་ཤིང་གི་གྲི་ཁ་དགྲ་ལ་སྒྱུར། །སྐུ་སྨད་སྟག་གི་ཤམ་ཐབས་གསོལ། །ལྷོ་ཕྱོགས་གྲི་བཙན་གདུག་པ་དགྲ་ལ་སྒྱུར། །སྐུ་ལ་ཞིང་ལྤགས་གཡང་གཞི་


CMR047_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ནུབ་ཕྱོགས་གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །གླང་ཆེན་ཀོ་རློན་སྟོད་ལ་གཡོགས། །བྱང་ཕྱོགས་ཆུ་གྲི་རུ་གྲི་དགྲ་ལ་སྒྱུར། །སག་ལྷམ་ཡུ་རིང་ཞབས་ལ་གསོལ། །རྟ་གྲི་གདུག་པ་དགྲ་ལ་སྒྱུར། །སྲིང་གཅིག་ལྷ་མོ་དྲེལ་ཞོན་མ། །ནལ་གྲི་སྒབ་དམར་དགྲ་ལ་སྒྱུར། །ཤར་ཕྱོགས་ལྷ་ཡི་དམག་དཔོན་གྱིས། །ཤིང་གྲིའི་གྲི་ཁ་དགྲ་ལ་སྒྱུར། །ཧལ་ཁྱི་ནག་པོ་ཀླད་ན་འབྲང་། །ཁྱི་གྲི་གཅན་གྲི་དགྲ་ལ་སྒྱུར། །ལྷོ་ཕྱོགས་གཉན་གྱི་དམག་དཔོན་གྱིས། །དམེ་གྲི་ས་གྲི་དགྲ་ལ་སྒྱུར། །ནུབ་ཕྱོགས་ཀླུ་ཡི་དམག་དཔོན་གྱིས། །ལྕགས་ཀྱི་གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །བྱང་ཕྱོགས་གནོད་སྦྱིན་དམག་དཔོན་གྱིས། །བྱང་ཕྱོགས་ཆུ་གྲི་ལྟས་ངན་དགྲ་ལ་སྒྱུར། །ཧ་ཧ་ཧི་ཧི་སྒྲ་བསྒྲོགས་པས། །གཡུལ་ངོ་འཁྲུག་པ་དགྲ་ལ་སྒྱུར། ཀྱཻ། རི་རབ་དབུས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་ལྔ་ལས་གྲུབ་པ་ཡི། །འབྱུང་བའི་ས་ཁམས་རྒྱལ་པོ་ནི། །སྐུ་མདོག་སེར་ལ་འོད་ཟེར་འཕྲོས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ས་གྲི་གཏིབ་གྲི་མཚོན་གྲི་སྒྱུར། །ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར། །དབུས་ཕྱོགས་གྲི་ཁ་མཚོན་ཁ་


CMR047_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། ཀྱཻ། ཤར་ཕྱོགས་སྐྱེད་མོས་ཚལ་གྱི་དཀྱིལ་འཁོར་ནས། །འབྱུང་བ་ཤིང་ལས་གྲུབ་པ་ཡི། །འབྱུང་བ་ཤིང་ཁམས་རྒྱལ་པོ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གཡས་ན་གཡུ་ཡི་བེ་ཅོན་བཟུང་། །གཡོན་ན་བདུད་རྩིའི་བུམ་པ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཤར་ཕྱོགས་ཤིང་གི་གྲི་ཁ་མཚོན་ཁ་ཐམས་ཅད་དགྲ་ལ་སྒྱུར། ཀྱཻ། ལྷོ་ཕྱོགས་དྲོད་འབེབས་མེ་ཡི་དཀྱིལ་འཁོར་ནས། །འབྱུང་བ་མེ་ལས་གྲུབ་པ་ཡི། །འབྱུང་བ་མེ་ཁམས་རྒྱལ་པོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །གཡས་ན་མེ་ཡི་འཁོར་ལོ་བསྐོར། །གཡོན་ན་བདུད་རྩི་བུམ་པ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལྷོ་ཕྱོགས་མེ་ཡི་གྲི་ཁ་མཚོན་ཁ་ཐམས་ཅད་དགྲ་ལ་སྒྱུར། ཀྱཻ། ནུབ་ཕྱོགས་ལྕགས་ཁམས་རྒྱལ་པོ་ནི། །མཚོན་ཆ་འབར་བའི་གུར་ཁང་ནས། །འབྱུང་བ་ལྕགས་ལས་གྲུབ་པ་ཡི། །ནུབ་ཕྱོགས་ལྕགས་ཁམས་རྒྱལ་པོ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །གཡས་ན་རལ་གྲི་གཅོད་བྱེད་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །མཆོད་པའི་གནས་འདིར་


CMR047_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ནུབ་ཕྱོགས་ལྕགས་ཀྱི་གྲི་ཁ་མཚོན་ཁ་ཐམས་ཅད་དགྲ་ལ་སྒྱུར། ཀྱཻ། བྱང་ཕྱོགས་ཆུ་ཡི་རྦ་ཀློང་ནས། །འབྱུང་བ་ཆུ་ཁམས་རྒྱལ་པོ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །གཡས་ན་ཆུ་སྲིན་རྒྱལ་མཚན་ཕྱར། །གཡོན་ན་བདུད་རྩི་བུམ་པ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་ཆུ་ཡི་གྲི་ཁ་མཚོན་ཁ་ཐམས་ཅད་དགྲ་ལ་སྒྱུར། ཀྱཻ། ལྷོ་ཕྱོགས་མེ་རི་འཁྲུག་པའི་དཀྱིལ་འཁོར་ནས། །རྟ་སྦྲུལ་གཤིབ་པའི་གདན་སྟེང་ན། །ས་བདག་རྒྱལ་པོ་ལི་ཏ་ནི། སྐུ་མདོག་དམར་ལ་འོད་ཟེར་འབར། །གཡས་ན་མཚོན་ཆ་འཁོར་ལོ་བསྐོར། །གཡོན་ན་བདུད་རྩི་བུམ་པ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དམེ་གྲི་གཞོབ་གྲི་བསྒྱུར་དུ་གསོལ། ཀྱཻ། ལྷོ་ནུབ་ས་ཡི་རྒྱལ་པོ་ཁོན་ས་བུར་མི་ཏ། །སྐུ་མདོག་སེར་ཁྲ་ཁྲོས་པའི་སྐུ། །གཡས་ན་ལྕགས་ཀྱི་ཕུར་པ་བསྣམས། །གཡོན་ན་འཁྲུལ་པའི་ཁྲམ་ཤིང་བསྣམས། །ས་བདག་ཁོན་མ་གཤེགས་སུ་གསོལ། །གཏིབ་གྲི་ས་གྲི་བསྒྱུར་དུ་གསོལ། ཀྱཻ། ནུབ་བྱང་གནམ་ལྕགས་རྩེ་མོ་ནས། །ཐོག་སེར་འཁྲུག་པའི་དཀྱིལ་


CMR047_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནས། །ཧལ་ཁྱི་ནག་པོའི་གདན་སྟེང་ན། །ས་བདག་རྒྱལ་པོ་ཁེན་པ་སྟེ། །སྐུ་མདོག་སྔོན་པོ་ཤེལ་གྱི་མདོག །གཡས་ན་ཐོག་གི་འཁོར་ལོ་བསྐོར། །གཡོན་ན་སྦྲ་དཀར་དབྱུག་པ་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། ཀྱཻ། ཤར་ལྷོ་རླུང་ནག་འཚུབ་མ་ན། །ས་ཁམ་རྒྱལ་པོ་ཟོན་རླུང་ནི། །སྐུ་མདོག་སྔོ་སྐྱ་འོད་ཟེར་འབར། །གཡས་ན་རླུང་གི་འཁོར་ལོ་བསྐོར། །གཡོན་ན་རླུང་ནག་རྐྱལ་པ་རྣམས། །འདིར་གཤེགས་མདོས་དང་མཆོད་པ་བཞེས། །ཤར་ལྷོ་མཚམས་ཀྱི་སྐྱོ་གི་ཁྱི་གྲི་སྒྱུར། །གྲི་ཁ་མཚོན་ཁ་འཁྲུག་པ་དགྲ་ལ་སྒྱུར། ཀྱཻ། བྱང་ཕྱོགས་ཆུ་ཁམས་འཁྲུག་པའི་དཀྱིལ་འཁོར་ནས། །བྱི་ཕག་ཕུང་སྲི་ཆུ་ཡི་གདན་སྟེང་ན། །ས་བདག་རྒྱལ་པོ་ཁམ་ཆུ་ནི། །སྐུ་མདོག་ནག་ལ་འོད་ཟེར་འབར། །ལས་ཀྱི་ས་བདག་གཤེགས་སུ་གསོལ། །གཡས་ན་ཆུ་སྲིན་རྒྱལ་མཚན་བསྣམས། །གཡོན་ན་གདུག་པའི་རྐྱལ་པ་བསྣམས། །བྱང་ཕྱོགས་ཆུ་གྲི་འདར་ཤི་སྒྱུར། །གྲི་ཁ་མདུང་ཁ་དགྲ་ལ་སྒྱུར། ཀྱཻ། བྱང་ཤར་མཆོད་རྟེན་དཀྱིལ་འཁོར་ནས། །གསེར་གླང་སེར་པོའི་


CMR047_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སྟེང་ནས། །ས་བདག་རྒྱལ་པོ་གིན་རི་ནི། །བན་བཙུན་སེར་པོ་འཇོལ་བེར་གསོལ། །གཡས་ན་གསེར་གྱི་འཁོར་ལོ་བསྐོར། །གཡོན་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །ས་ནད་ཕུར་ཁའི་བདག་པོ་སྟེ། །ཡས་ཀྱི་བདག་པོ་གཤེགས་སུ་གསོལ། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །ས་ནད་ལྷོག་གྲི་དགྲ་ལ་སྒྱུར། །ས་བདག་ཕུང་སྲི་ཕུར་ཁ་སྒྱུར། །ས་དུར་ནན། ཤ་དུ་ཉེ་དུ་ནན། དུ་དུ་ནན། ཏྲེ་དུ་ནན། ཡ་དུ་ནན། ལྷ་སྲིན་སྡེ་བརྒྱད་ཀྱི་གདུག་པ་གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། ས་བདག་བེ་དུ་ནན། རཀྟ་ནན། མ་དུ་ནན། རྩ་དུ་ནན། ཏྲེ་དུ་ནན། སྲི་དུ་ནན། ས་སྡེ་ལྔ་དང་། འབྱུང་བ་ལྔ་ཡི་གྲི་ཁ་མཚོན་ཁ་ཐམས་ཅད་དགྲ་ལ་སྒྱུར་ཅིག ཀྱཻ། གྲི་ཁ་མཚོན་ཁ་བསྒྱུར་བའི་ཕྱིར། །བསྐལ་པའི་མཚོན་ཆ་སྣ་དགུ་འདི་ལྟར་སྲིད། །ནག་པོ་བདུད་ཀྱི་མདུན་དུ་སྲིད། །སྲིན་པོའི་སོག་ལེ་ངར་ཆེན་སྲིད། །ལྷ་མ་ཡིན་གྱི་དགྲ་སྟ་སྲིད། །བཙན་གྱི་གྲི་མདའ་ཁྲག་ཞག་སྲིད། །ཀླུ་ཡི་ཐོ་བ་དམུ་ཡི་ཟོར་བ་སྲིད། །ངམ་གྱི་དུག་སྦྱོར་ནག་པོ་སྲིད། །དུག་གི་མཚོན་ཆ་སྣ་དགུ་དེ། །ཐེའུ་རང་མགར་བ་ནག་པོས་བརྡུང་། །གདུག་


CMR047_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མགར་བ་ནག་པོ་ཕོ་ཉར་འགྱེད། །མི་ལ་གྲི་ཁ་མཚོན་ཁ་གཏོང་། །ཡང་ན་ནད་ཀྱི་གདུག་པ་གཏོང་། །འགྲོ་བ་མི་རྣམས་ཐམས་ཅད་ལ། །གྲི་ཁ་འགྱེད་ཅིག་གི་བསྒྱུར་བྱེད། །མེ་གྲི་ཆུ་གྲི་སྐྱོག་གྲི་དང་། །རྡོ་གྲི་ཤིང་གྲི་རྦབ་གྲི་དང་། །འབྱུང་བ་ལྔ་ཡི་གྲི་ཁ་མཚོན་ཁ་ཐམས་ཅད་དགྲ་ལ་སྒྱུར་ཅིག ཀྱཻ། གྲི་འབྱུང་བ་ཤིང་ལས་བྱུང་བ་ཡི། །ཤིང་ལ་ཤིང་གྲི་ཚེར་འཇོམ་བྱུང་། །གྲི་འབྱུང་མེ་ལས་བྱུང་བ་ཡི། །མེ་གྲི་རྗེས་ངན་གཞོབ་གྲི་བྱུང་། །གྲི་བྱུང་འབྱུང་བ་ས་ལས་བྱུང་། །ས་ལ་གྲི་བྱུང་ལྡིབ་འདྲེ་བྱུང་། །ས་ནད་ལྷོག་གྲི་ས་ལས་བྱུང་། །གྲི་བྱུང་འབྱུང་བ་ལྕགས་ལས་བྱུང་། །ལྕགས་ལ་མཚོན་གྲི་ཁྲག་ཅན་བྱུང་། །གྲི་བྱུང་འབྱུང་བ་ཆུ་ལས་བྱུང་། །ཆུ་ལ་ཆུ་གྲི་འདར་ཤིང་བྱུང་། །དེར་དམེ་བདག་གདུག་པ་ལྔ་པོ་བྱུང་། །དེར་གྲི་ཁམ་སུམ་བརྒྱ་དྲུག་ཅུ་བྱུང་། །འཛམ་གླིང་མི་རྣམས་ཐམས་ཅད་ལ། །གྲི་ཁ་མཚོན་ཁ་འཁྲུག་རྩོད་འབེབས། །ཨ༔ དེ་རྣམས་འདུལ་ཞིང་འདུལ་བའི་ཕྱིར། །ལེགས་ལྡན་མགོན་པོ་ནག་པོ་དེ། །སྤྲུལ་པའི་ལྷ་དམག་དཔུང་བཅས་ནས། །ཕྱོགས་བཞིའི་མཐའ་དམག་གྲི་ཁ་མཚོན་ཁ་དང་། །ངོམ་


CMR047_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་གདུག་པའི་གྲི་ཁ་མཚོན་ཁ་དང་། །དྭ་དང་ཟིན་ལ་གྲི་ཁ་འདུས། །དྲ་ཟིན་གྲི་ཁ་བྱ་བ་དེ། །མགར་བ་ནག་པོའི་གྲི་སྒོ་ཕྱེས། །གྲི་བོ་ལང་བས་མཚོན་ཆ་འགུལ། །ཡང་དང་ཡང་དུ་གྲི་ཁ་ལང་། །ལྷ་མ་ཡིན་གྱི་གདུག་པ་དེ། །འགྲོ་བ་མི་ལ་འབེབས་པར་བྱེད། །ལོ་ཟླ་ཞག་དུས་དུས་ཚོད་ལ། །གྲི་བོ་གདུག་རྩུབ་རླུང་ལྟར་འཚུབ། །དེར་འགྲོ་བ་མི་དང་ལྷ་གཉིས་འཁྲུག །འཛམ་གླིང་འཇིག་རྟེན་འཁྲུག་འདྲེ་བྱེད། །གྲི་མཚོན་ཁྲག་གི་ཆར་པ་འབེབས། །གྲི་ཁ་མཚོན་ཁ་བསྒྱུར་བའི་ཕྱིར། །ངོམ་བདུད་འདྲེའི་སྣ་ཁྲིད་དང་། །འཁྲུག་འདྲེ་བཅོ་བརྒྱད་ལོ་བདུད་བཅུ་གཉིས་དང་། །བཙན་གྲི་དམར་པོ་ཤ་མགོ་དང་། །དུར་སྲི་ནག་པོ་ཕག་མགོ་དང་། །རཀཱ་དྲེད་མགོའི་ཁྲམ་ཤིང་ཕྱིར། །གྲི་ཁ་མཚོན་ཁ་བསྒྱུར་བའི་ཕྱིར། །ཕག་དང་ཕོ་རོག་ཤ་རུ་དང་། །གྲི་ཡས་མཚོན་ཆ་མདའ་མདུང་དང་། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །གྲི་དང་མཚོན་ཆ་སྣ་ཚོགས་ཀྱི། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །ཤ་རུ་རྩེ་རྣོན་དམར་པོ་དང་། །ངོམ་གྱི་གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །རྨེ་གྲི་རྗེས་ངན་དགྲ་ལ་སྒྱུར། །དམུ་གྲི་སྒབ་ནག་དགྲ་ལ་སྒྱུར། །རྟ་གྲི་ཕྱམ་


CMR047_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་དགྲ་ལ་སྒྱུར། །མདའ་གྲི་ལྟོང་དམར་དགྲ་ལ་སྒྱུར། །མདུང་གྲི་རྩེ་དམར་དགྲ་ལ་སྒྱུར། །མཚོན་གྲི་ཁྲག་བཤལ་དགྲ་ལ་སྒྱུར། །རྦབ་གྲི་མགོ་སྐྱ་དགྲ་ལ་སྒྱུར། །མེ་གྲི་གསུར་གཞོབ་དགྲ་ལ་སྒྱུར། །ས་གྲི་སྙིབ་ནག་དགྲ་ལ་སྒྱུར། །ཆུ་གྲི་སྔགས་མདར་དགྲ་ལ་སྒྱུར། །མུག་གི་སྐྱེ་སྔོན་དགྲ་ལ་སྒྱུར། །ཁྱི་གྲི་ལྷོག་ཅན་དགྲ་ལ་སྒྱུར། །འགག་གྲི་དབུག་འཚུབ་དགྲ་ལ་སྒྱུར། །རྨོག་འོག་མགོ་བཅད་གྲི་ཁ་དགྲ་ལ་སྒྱུར། །ཁྲབ་མགོ་སྙིང་སྨྱུང་གྲི་ཁ་དགྲ་ལ་སྒྱུར། ཀྱཻ། འཕགས་པ་འཇམ་དཔལ་སྤྲུལ་པ་ཡི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྐལ་ངན་འཁྲུག་པ་བསྒྱུར་དུ་གསོལ། །ཝ་བརྒྱལ་འུག་པ་རྒོད་པ་དང་། །སྲིན་བྱས་ཉིན་པར་ཀུ་འདེབས་དང་། །ཡས་དང་ཐོད་པ་གཏོར་མས་སྒྱུར། །གྲི་བོས་མི་ལ་མ་གནོད་ཅིག །མཚོན་ཁ་མི་ལ་མ་འདེབས་ཤིག །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། ཀྱཻ། མུན་པ་ལྷག་གི་རྒྱལ་པོ་དེས། །མི་ལ་མཚོན་གྱི་བསྐལ་པ་འགྱེད། །གྲི་རྗེ་འཕྱོ་འདེབས་བཅུ་གསུམ་སྲིད། །གྲི་ཡི་གདུག་པ་སྣ་ཚོགས་སྟོན། །ལ་ལས་ཐོག་གྲི་གཏོང་བར་བྱེད། །ལ་ལས་ལྕགས་གྲི་མཚོན་ཆ་གཏོང་། །ལ་


CMR047_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྦབ་གྲི་གཏོང་བར་བྱེད། །ལ་ལས་ཕྱོམ་གྲི་གཏོང་བར་བྱེད། །ལ་ལས་སྙིབ་གྲི་གཏོང་བར་བྱེད། །ལ་ལས་ཤིང་གྲི་གཏོང་བར་བྱེད། །གྲི་བོ་གདོན་འདྲེ་ཁྱེད་རྣམས་ཀྱིས། །ཡོན་བདག་འདི་ལ་མ་གནོད་ཅིག །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། ཀྱཻ། ཡང་གཅིག་མི་ལུས་གཡག་གི་མགོ་བོ་ཅན། །མིང་ནི་གྲི་བོ་གཡག་ལ་ཞོན། །ལག་ན་གྲི་ཡི་མཚོན་ཆ་ཐོགས། །རུ་གྲི་གདུག་པ་དག་ལ་སྒྱུར། །མོ་སོག་གདུག་པ་དགྲ་ལ་སྒྱུར། །མི་ལུས་སྟག་གི་མགོ་བོ་ཅན། །རྔ་རྔོག་བ་དན་ཕྱག་ན་བསྣམས། །ཆིབས་སུ་དྲེལ་རྟ་མཚེར་བ་ཆིབས། །དེ་རིང་ཡོན་གྱི་བདག་པོ་ཡི། །རྟ་གི་ཕྱོགས་ལྷུང་གདུགས་པ་མ་གཏོང་ཞིག །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །ཡང་མི་ལུས་བྱ་ཡི་མགོ་བོ་ཅན། །ཆིབས་སུ་གཡུ་དགུང་སྔོན་པོ་ཆིབས། །ལྷོག་གྲི་གདུག་པ་དགྲ་ལ་སྒྱུར། །ཡང་མི་ལུས་ཤིང་གི་མགོ་བོ་ཅན། །ལག་ན་ཤིང་གི་མཛེར་པ་ཐོགས། །ཤིང་གྲི་གདུག་པ་མ་གཏོང་ཞིག །ཤིང་གྲིའི་གདུག་པ་དགྲ་ལ་སྒྱུར། །ཡང་མི་ལུས་དོམ་གྱི་མགོ་བོ་ཅན། །ལག་ན་རྡོ་རྗེའི་མཚོན་ཆ་འཛིན། །ཆིབས་སུ་དྲེལ་རྟ་ཁམ་དམར་ཆིབས། །མདོས་དང་གླུད་


CMR047_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གི་ཁ་སྒྱུར། ཀྱཻ། ད་ནི་གྲི་རྗེ་བཅུ་གསུམ་གྱི། །འགྲོ་བ་སེམས་ཅན་མི་རྣམས་དང་། །ཡོན་གྱི་བདག་པོ་འདི་དག་ལ། །གྲི་ཁ་མཚོན་ཁ་མ་ལྡང་ཞིག །ཕག་དང་ཕོ་རོག་ཤ་རུ་དང་། །གྲི་མདུང་མདའ་གཞུ་གོ་ཕུབ་དང་། །རྟ་དྲེལ་ཕག་རྒོད་ཤ་བ་དང་། །གཅན་གཟན་འཕར་སྤྱང་མང་པོ་དང་། །གྲི་ཡས་རྟ་ནག་དྲེལ་ནག་དང་། །གྲི་ཡས་རྣམ་པ་སྣ་ཚོགས་ཀྱི། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །གྲི་སྣ་ངན་པ་དགྲ་ལ་སྒྱུར། །རྣོ་མཚོན་རྣམ་པ་སྣ་དགུ་ཡི། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །གྲི་བདུད་ཁྲམ་འདེབས་བཅུ་གསུམ་གྱི། །ཁྲག་གི་རྐྱལ་པ་ལག་ན་ཐོགས། །ཆིབས་སུ་འཕར་བ་དམར་མོ་ཆིབས། །མཚོན་གྲི་གདུག་པ་མ་གཏོང་ཞིག །མདོས་དང་གླུད་ཀྱི་གྲི་ཁ་སྒྱུར། །གྲི་བདུད་དམར་པོ་ཤ་མགོ་ཅན། །འོག་ན་རླུང་རྟ་ཁམ་ནག་ཞོན། །ལག་ན་ཟངས་ཀྱི་ཟོར་བ་ཐོགས། །གདུག་པའི་རླུང་གི་མི་ལ་གནོད། །ཡོས་དང་གླུད་ཀྱི་གྲི་ཁ་སྒྱུར། །ཨ༔ གྲི་བདུད་རྒྱལ་པོ་མི་མགོ་ཅན། །ལག་ན་མེ་དཔུང་མཚོན་ཆ་བཟུང་། །བཙན་རྟ་གྲི་ཁུར་འོག་ན་ཞོན། །གདུག་པའི་གྲི་ཁ་མི་ལ་གཏོང་། །ཡས་དང་གྲི་ཁ་དགྲ་ལ་སྒྱུར། །ལྷ་


CMR047_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་ཀྱི་གྲི་ཁ། །མཚོན་ཁ་ཐམས་ཅད་དགྲ་ལ་སྒྱུར། །མ་ཟེ་ན་འཕན་རུ་སོད་གསུམ། །བཙན་བདུད་འཁྲུག་གཞི་དགྲ་ལ་སྒྱུར་ཅིག །བཟློག་ཅིག །བྷྱོ་བྷྱོ། དགྲ་ལ་རྦད་དོ་ཆོས་རེམ་རེམ། གྲི་ཁ་མཚོན་སྒྱུར་ཆེན་མོ་ཚར་ནས། ཀྱཻ། སྔོན་གྱི་སྐལ་པ་དང་པོ་ལ། །གྲི་ཁ་མཚོན་བསྒྱུར་ཇི་ལྟར་སྲིད། །ཡེ་དང་ངོམ་གཉིས་འཁྲུག་པའི་དུས། །ངོམ་སྲས་ནེ་གུ་སྨོན་པས་བསད། །གྲི་བདུད་གྲི་སྲི་དེ་ནས་སྲིད། །གྲི་རྗེ་འཇིགས་བྱེད་བཅུ་གསུམ་ཡང་། །གྲི་བྱ་ཕོ་རོག་རྟ་ལ་ཞོན། །ཡེ་སྨོན་ལྷ་ལ་གནོད་པ་བྱས། །དུས་དང་བསྐལ་པ་དེ་ཙམ་ན། །སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །སྔགས་འཆང་རྒྱལ་པོ་གདན་དྲངས་ནས། །གྲི་རྗེའི་གནོད་པ་ཡས་ལ་ཕབ། །མི་དང་ནོར་ལ་གླགས་ཚོལ་བའི། །གྲི་རྗེ་འཇིགས་བྱེད་བཅུ་གསུམ་སྟེ། །གདུག་པ་ངོམ་གྱི་ཡུལ་དུ་བཀར། །དགྲ་ལ་རྦད་དོ་ཆོས་རེམ་རེམ། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །ཡེ་ངོམ་འཁྲུག་པའི་དུས་ཚོད་ལ། །ཡེ་ལ་ངོམ་གྱི་གྲི་ཁ་ཕོག །སྨོན་སྲས་འཕྲུལ་བུ་གྲི་ལ་ཤི །དུས་དང་བསྐལ་པ་དེ་ཙམ་ན། །ཡེ་སྨོན་ལྷ་ཡི་ཡུལ་ཁམས་ན། །ལྷ་མི་གཤིན་གྱི་ཚོགས་རྣམས་ཀྱི། །དེ་


CMR047_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨོན་པའི་གྲི་ཁ་དེ། །ངོམ་གྱི་ཡུལ་དུ་མཚོན་གྱིས་སྒྱུར། །སྲིད་པ་དེ་ལ་དཔེ་བླངས་ནས། །དེ་རིང་གདུག་གི་ཕྱི་འཕྲད་ལ། །ལེ་གུ་ཡོན་གྱི་བདག་པོ་ཡིས། །སྔགས་འཆང་རྒྱལ་པོ་གདན་དྲངས་ནས། །མོ་བཏབ་དེ་ནི་ཕྱུ་བླངས་ཛ། །མི་ལ་གྲི་ངོ་འགུལ་བར་སྣང་། །ནོར་ལ་གོད་ཀ་འགུལ་བར་སྣང་། །གྲི་ཁ་མཚོན་བསྒྱུར་བྱ་དགོས་ཟེར། །ད་ལྟ་གདུག་གི་ཕྱི་འཕྲད་ལ། །ཡས་བཀར་ཁྱི་སྲེ་སྒལ་ནག་ལ། །ཡས་སྟགས་དུར་མི་ནག་པོ་བསྐྱོན། །ཁྲག་ལུང་ནག་པོ་འགུལ་དུ་བཏགས། །བསྭོ། །ཕྲུ་ཡེ་སྨོན་རྒྱལ་པོའི་ཁྲག་ངོ་དེ། །ངོམ་རྗེ་རྩོལ་པོའི་ཐོག་ཏུ་སྒྱུར། །ཡབ་ལྷ་བདལ་དྲུག་ཁྲག་ངོ་དེ། །ཁྱུང་རུ་འཛོང་པོའི་ཐོག་ཏུ་སྒྱུར། །རྒྱལ་བུ་མཐིང་གེའི་ཁྲག་ངོ་དེ། །ཐེལ་མོ་སྣ་ནག་ཐོག་ཏུ་སྒྱུར། །ཡེ་གཤེན་དབང་རྫོགས་ཁྲག་ངོ་དེ། །ངོམ་བོན་འུར་བའི་ཐོག་ཏུ་སྒྱུར། །དུང་ཁྱུང་དཀར་པོའི་ཁྲག་ངོ་དེ། །སོ་ཁྲ་རོལ་མོའི་ཐོག་ཏུ་སྒྱུར། །དུང་ཁྲ་དཀར་མོའི་ཁྲག་ངོ་དེ། །ངོམ་གྱི་འུར་རྒན་ཐོག་ཏུ་སྒྱུར། །ཕ་འོང་ཡོ་ཟེའི་ཁྲག་ངོ་དེ། །ངོམ་གྱི་བྱ་ནག་ཐོག་ཏུ་སྒྱུར། །ཟི་མ་དཔའ་བོའི་ཁྲག་ངོ་དེ། །མཚན་བྱེད་སྤྱན་


CMR047_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཐོག་ཏུ་སྒྱུར། །ཡོན་གྱི་བདག་པོའི་ཁྲག་ངོ་དེ། །སྡང་བའི་དགྲ་བོའི་ཐོག་ཏུ་སྒྱུར། །སྔོན་གྱི་སྲིད་པ་དེ་བཞིན་དུ། །དེ་རིང་ཡོན་གྱི་བདག་པོ་ཡི། །ཁྱིམ་སྒོ་ལམ་བསྲང་འདི་དག་ན། །དགྲ་བླ་མཚོན་པ་དམ་པ་ན། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །དེ་རིང་ཤིང་གི་དུག་མི་འདི། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །ཤྭ་རུ་བཙག་རིས་ཁྲམ་བཏབ་འདི། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །དེ་རིང་རྒྱུ་འབྱོར་ཡོན་བདག་གིས། །མི་སྨས་རྟ་ཤི་སྒ་ཆག་དེ། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །གྲི་ངོ་སྨས་ངོ་ངན་པ་དེ། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །གྲི་རྗེ་འཇིགས་བྱེད་བཅུ་གསུམ་དེ། །ཆུ་ཡི་གྲི་རྗེ་བཅུ་གསུམ་ཡང་། །ཆུ་རྟ་ཆུ་གླང་རྟ་རུ་ཞོན། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །མེ་ཡི་གྲི་རྗེ་བཅུ་གསུམ་དེ། །མེ་སྟག་དམར་པོའི་རྟ་ལ་ཞོན། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །ས་ཡི་གྲི་རྗེ་བཅུ་གསུམ་ཡང་། །གཅན་གཟན་ཁྲག་ལོང་རྟ་རུ་ཞོན། །གྲི་ཁ་མཚོན་གྱི་དགྲ་ལ་སྒྱུར། །རླུང་གི་གྲི་རྗེ་བཅུ་གསུམ་ཡང་། །རླུང་ནག་འཚུབ་མའི་རྟ་ལ་ཞོན། །རླུང་གི་གྲི་ཁ་དགྲ་ལ་སྒྱུར། །གནམ་གྱི་གྲི་རྗེ་བཅུ་གསུམ་ཡང་། །འཇའ་ཚོན་སྔོ་དམར་རྟ་ལ་


CMR047_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན། །གནམ་གྱི་གྲི་ཁ་དགྲ་ལ་སྒྱུར། །ཤིང་གི་གྲི་རྗེ་བཅུ་གསུམ་ཡང་། །མེ་ལྕེ་འབར་བ་རྟ་རུ་ཞོན། །ཤིང་གི་གྲི་ཁ་དགྲ་ལ་སྒྱུར། །དཔའ་བའི་གྲི་རྗེ་བཅུ་གསུམ་ཡང་། །རེ་འབྱམས་རླུང་གི་རྟ་ལ་ཞོན། །དཔའ་བའི་གྲི་ཁ་དགྲ་ལ་སྒྱུར། །འགག་གྲི་ནག་པོ་བཅུ་གསུམ་དེ། །གཡག་ནག་མགོ་དགུ་རྟ་ལ་ཞོན། །འགག་གྲིའི་གྲི་ཁ་དགྲ་ལ་སྒྱུར། །ལྷོག་པའི་གྲི་རྗེ་བཅུ་གསུམ་དེ། །སྦྲུལ་ནག་མགོ་དགུ་རྟ་ལ་ཞོན། །ལྷོག་པའི་གྲི་ཁ་དགྲ་ལ་སྒྱུར། །གཡག་བསད་གྲི་རྗེ་བཅུ་གསུམ་དེ། །དོམ་ནག་མགོ་དགུའི་རྟ་ལ་ཞོན། །གཡག་བསད་གྲི་ཁ་དགྲ་ལ་སྒྱུར། །དུག་གི་གྲི་རྗེ་བཅུ་གསུམ་དེ། །གྲི་ཕག་ནག་པོའི་རྟ་ལ་ཞོན། །དུག་གི་གྲི་ཁ་དགྲ་ལ་སྒྱུར། །གཏིབ་གྲི་ནག་པོ་བཅུ་གསུམ་དེ། །བྱི་ལོང་སེན་དཀར་རྟ་རུ་ཞོན། །གཏིབ་གྲིའི་གྲི་ཁ་དགྲ་ལ་སྒྱུར། །གནང་གྲི་ནག་པོ་བཅུ་གསུམ་དེ། །འཚལ་སྒྲ་ངུ་འབོད་རྟ་རུ་ཞོན། །གནང་གྲིའི་གྲི་ཁ་དགྲ་ལ་སྒྱུར། །ནལ་གྲི་ནག་པོ་བཅུ་གསུམ་དེ། །ནལ་བྱིས་གོང་དཀར་རྟ་ལ་ཞོན། །ནལ་གྲིའི་གྲི་ཁ་དགྲ་ལ་སྒྱུར། །དམེ་གྲི་ནག་པོ་བཅུ་གསུམ་དེ། །སྤྲེལ་དམར་ཅོ་ཟད་རྟ་


CMR047_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཞོན། །དམེ་ཡི་གྲི་ཁ་དགྲ་ལ་སྒྱུར། །རྟས་བསད་གྱི་རྗེ་བཅུ་གསུམ་དེ། །ཁ་ཤ་དམར་པོ་རྟ་ལ་ཞོན། །རྟས་བསད་གྲི་ཁ་དགྲ་ལ་སྒྱུར། །རྣལ་འབྱོར་བདག་གི་ཁྲག་ངོ་དེ། །སྡང་དགྲ་དམ་ཉམས་ཐོག་ཏུ་སྒྱུར། །དེ་རིང་ཡོན་གྱི་བདག་པོ་ཡི། །གྲི་ཁ་འགུལ་ན་མཚོན་གྱིས་སྒྱུར། །ཤི་ངོ་འགུལ་ན་མཚོན་གྱིས་སྒྱུར། །སྨྲས་ངོ་འགུལ་ན་མཚོན་གྱིས་སྒྱུར། །དུར་ངོ་འགུལ་ན་མཚོན་གྱིས་སྒྱུར། །ན་ཚ་འགུལ་ན་མཚོན་གྱིས་སྒྱུར། །བསྒྱུར་རོ་སྡང་བའི་དགྲ་ལ་སྒྱུར། །བཟློག་གོ་གནོད་པའི་བགེགས་ལ་ཟློག །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཞེས་མདོས་ལམ་ཡོད་ཕྱོགས་ལ་མདོས་ཁྱེར། ཡོན་བདག་གིས་ཁྲག་ལོང་ལ་གྲི་རྒྱབ། །ཁ་ལོས་བྱས་ལ་ཕྱི་མིག་མི་བལྟ་ཁྱིམ་དུ་ལོག་གོ ༈ །ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ལས་གྲི་བྲུབ་སྨས་སྐྱར་བཞུགས་སོ། །གྲི་བྲུབ་སྨྲས་སྒྱུར་གྱི་བཅས་ལ། ཤ་རུ་ལ་ཡོན་བདག་གི་ངར་གླུད་བསྐྱོན་ལ། ལོ་གྲངས་ཀྱི་ཁྲམ་བཏབ་ལ། ཕག་ཕོ་རོག །ཤྭ་བའི་གཟུགས་བྱས་ལ་བཞག །རྩྭ་མིའི་ཤིང་མིའི་འགུལ་ཏུ་ཁྲག་ལོང་བཏགས་ལ་འདི་སྐད་དོ། ཀྱཻ། འབྲོང་བུ་དར་མའི་རྭ་གྲི་དེ། །འདོ་བ་རྟ་ལ་གྲི་ཁ་མཚོན། །དེ་ཡི་གྲི་ཁ་མཚོན་གྱིས་སྒྱུར། །རྒྱ་སྟག་དམར་པོའི་མཆེ་གྲི་དེ། །མིའུ་


CMR047_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འདི་ལ་གྲི་ཁ་མཚོན། །དེ་ཡི་གྲི་ཁ་མཚོན་གྱིས་སྒྱུར། །སྐྱ་བཀྲ་ཧོར་པའི་གཤོག་གྲི་དེ། །བྱིའུ་ཆུང་འདི་ལ་གྲི་ཁ་མཚོན། །དེ་ཡི་གྲི་ཁ་མཚོན་གྱིས་སྒྱུར། །སྤྱང་ཐང་སྔོན་མོའི་སོ་གྲི་དེ། །གཡང་མོ་ལུག་ལ་གྲི་ཁ་མཚོན། །དེ་ཡི་གྲི་ཁ་མཚོན་གྱིས་སྒྱུར། །ནེ་ལེ་ག་མའི་མཆུ་གྲི་དེ། །བྱི་ལོང་འདི་ལ་གྲི་ཁ་མཚོན། །དེ་ཡི་གྲི་ཁ་མཚོན་གྱིས་སྒྱུར། །བྱ་རྒྱལ་ཁྱུང་གི་ལྡིང་ཀ་དེ། །འདབ་ཆགས་བྱ་ལ་གྲི་ཁ་མཚོན། །དེ་ཡི་གྲི་ཁ་མཚོན་གྱིས་སྒྱུར། །གཅན་གཟན་སྣ་དགུའི་གྲི་ཁ་དེ། །གཡུང་དྭགས་རྣམས་ལ་གྲི་ཁ་མཚོན། །དེ་ཡི་གྲི་ཁ་མཚོན་གྱིས་སྒྱུར། །བརྡུང་བའི་རྭ་དགུའི་རྭ་གྲི་དེ། །མཚོན་བསྒྱུར་གྲི་ཡས་སྣ་དགུས་སྒྱུར། །གྲི་ངོ་སྨས་ངོ་དེ་རིང་སྒྱུར། །མདའ་ངོ་མཚོན་ངོ་དེ་རིང་སྒྱུར། ཀྱཻ། གྲི་བྲུབ་བྱེད་པ་གར་སྲིད་ན། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་། །ལྷ་མོ་དེ་ནི་མཐུ་ཆེན་གཉིས། །རྫུ་འཕྲུལ་ཐབས་ཀྱི་སྡེབ་པ་ལ། །མིའུ་ཉི་ཟླ་འོད་ཀྱིས་བསད། །རྣམ་ཤེས་ས་ཡི་གྲི་བོ་གཉིས། །གྲི་བོ་མིང་སྲིང་སྤུན་རྣམས་ཀྱི། །མི་དང་ནོར་ལ་གནོད་པ་བྱས། །ཀོང་ཙེ་རྒྱལ་པོས་གཏོ་ཡང་བྱས། །གནམ་གྱི་གྲི་སྨྲས་


CMR047_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲང་གིས་བྲུབ། །གནམ་གྱི་ཆ་མ་ཆོ་དགུ་དེ། །གྲི་རྒོད་ཕོ་རོག་སྐད་ཀྱིས་བཅད། །ས་ཡི་གྲི་ཕག་སྟོབས་ཆེན་དེ། །ཁྲག་གིས་དེ་ནི་མཚོ་མོ་འཁྱིལ། །ཕོ་ཤི་དེ་ནི་གྲི་བོ་མནན། །མོ་ཤི་དེ་ནི་གྲི་མོ་མནན། །གྲི་མགོ་དེ་ནི་ཕག་གིས་སྒྱུར། །ཕག་དང་ཕོ་རོག་ཤ་རུ་གསུམ། །གྲི་བོ་མཚོན་གྱི་གནོད་པ་བཀར། །གྲི་བོའི་ཕ་དང་ཡབ་ཀྱི་མཚོན། །ཕ་དེ་གནམ་གྱི་ཡབ་བོར་ཡིན། །མ་དེ་ས་གྲི་ཕྱུད་སྤྱོད་ཡིན། །དེ་གཉིས་སྡེ་ཚན་འཆོལ་པ་ལས། །བུ་ནི་གྲི་བོ་སྤུན་དགུ་བྱུང་། །གྲི་བོ་དང་ནི་གྲི་བདུད་དང་། །གྲི་བོ་དང་ནི་གྲི་སྲི་དང་། །གྲི་བོ་དང་ནི་གྲི་བཙན་དང་། །རྨོག་ཞབས་མགོ་བཅད་གྲི་བོ་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །ཁྲབ་འོག་སྙིང་བཏོན་གྲི་བོ་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །ཕུབ་འོག་ལག་བཀོག་གྲི་བོ་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །མདའ་གྲིར་ཤི་བའི་ལྟོང་དམར་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །རལ་གྲིར་ཤི་བའི་ཡུ་དམར་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །མདུང་གྲིར་ཤི་བའི་རྩེ་དམར་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །མཆེ་གྲིར་ཤི་བའི་སོ་མར་དེ། །


CMR047_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །བརྡུང་གྲིར་ཤི་བའི་རུ་དམར་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །རྡོ་གྲིར་ཤི་བའི་མགོ་ཆག་དེ། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །གྲི་བོ་ནག་པོ་ཕག་ལ་ཞོན། །བཙན་གྲི་དམར་པོ་ཤ་བ་ཞོན། །ཆུ་གྲི་ནག་པོ་སྦྲུལ་ལ་ཞོན། །གཏིབ་གྲི་ནག་པོ་སྲིན་བྱ་ཞོན། །རྨེ་གྲི་དམར་པོ་སྤྲེའུ་ཞོན། །འགོང་གྲི་ནག་པོ་བྱ་ལ་ཞོན། །རྦ་གྲི་ནག་པོ་ཕུ་ཤུད་ཞོན། །ཕུང་སྲི་ནག་པོ་རྔ་མོང་ཞོན། །གྲི་བོ་རྒན་དགུའི་གནོད་པ་རྣམས། །གྲི་ཁ་ཡས་དང་མཚོན་གྱིས་སྒྱུར། །མདའ་གྲི་ངན་པ་གཏོ་ཡིས་སྒྱུར། །མཚོན་གྲི་ངན་པ་གཏོ་ཡིས་སྒྱུར། །མདུང་གྲི་ངན་པ་གཏོ་ཡིས་སྒྱུར། །རྡོ་གྲི་ངན་པ་གཏོ་ཡིས་སྒྱུར། །གཏིབ་གྲི་ངན་པ་གཏོ་ཡིས་སྒྱུར། །རྟ་གྲི་ངན་པ་གཏོ་ཡིས་སྒྱུར། །ལྕེབ་གྲི་ངན་པ་གཏོ་ཡིས་སྒྱུར། །ཆུ་གྲི་ངན་པ་གཏོ་ཡིས་སྒྱུར། །རྦབ་གྲི་ངན་པ་གཏོ་ཡིས་སྒྱུར། །རྨེ་གྲི་ངན་པ་གཏོ་ཡིས་སྒྱུར། །ཁ་ཐོག་གྲི་ངན་པ་གཏོ་ཡིས་སྒྱུར། །གྲི་བོ་སྤུན་དགུའི་གནོད་པ་དགྲ་ལ་སྒྱུར། ཀྱཻ། དང་པོ་ཡེ་མེད་སྟོང་པ་ལ། །དེ་ལ་ཡེ་ཡོད་ཅུང་ཙམ་སྲིད། །དེ་ལ་ལྷ་འདྲེ་མི་གསུམ་སྲིད། །


CMR047_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་ཡིས་ལྷ་ལ་སྨྲས་སྒྱུར་བྱས། །དེ་ཡི་སྨས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །སྨས་ངོ་ཁྲག་ངོ་ཡོད་པ་ཀུན། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པའི་ལྷ་བོན་ཐོད་དཀར་ལ། །གཤེན་བོན་ནག་པོས་སྨྲས་སྒྱུར་བྱས། །དེ་ཡི་སྨས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པའི་མིའུ་རིན་ཆེན་ལ། །འདྲེ་མི་ནག་པོས་སྨྲས་སྒྱུར་བྱས། །དེ་ཡི་སྨས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྨྲས་ངོ་ཁྲག་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པའི་ཐུགས་དཀར་བུ་དགུ་ལ། །ཐུགས་དམར་བུ་དགུས་སྨྲས་སྒྱུར་བྱས། །དེ་ཡི་སྨས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པ་ཡེ་སྨོན་རྒྱལ་པོ་


CMR047_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ངོམ་རྗེ་རྩོལ་པོ་སྨྲས་སྒྱུར་བྱས། །དེ་ཡི་སྨྲས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པའི་ལྷ་རྟ་དཀར་པོ་ལ། །འདྲེ་གཡག་ཁམ་པས་སྨྲས་སྒྱུར་བྱས། །དེ་ཡི་སྨས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པའི་ལྷ་ལུག་དཀར་པོ་ལ། །སྤྱང་ཐང་སྔོན་མོས་སྨན་སྒྱུར་བྱས། །དེ་ཡི་སྨྲས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པའི་རྭ་མ་ཚེ་རེ་ལ། །འཕར་བ་དམར་པོས་སྨྲས་སྒྱུར་བྱས། །དེ་ཡི་སྨྲས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །སྲིད་པའི་ལྷ་གཡག་དཀར་པོ་ལ། །བདུད་གཡག་ཁམ་པས་སྨྲས་སྒྱུར་བྱས། །དེ་ཡི་སྨྲས་ངོ་ཡོད་པ་དེ། །སྐུ་གླུད་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཤིང་མི་ནག་པོ་འདི་ལ་སྒྱུར། །དེ་ནས་རྩྭ་གཟུགས་ལ་ལོ་གྲངས་ཀྱི་ཁྲམ་བཏབ་ལ་ནའོ་ཤི་འོ་བྱས་ལ་འདི་སྐད་དོ། ཀྱཻ། རྒྱུ་སྦྱོར་ཡོན་གྱི་


CMR047_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ཡི། །ན་ངོ་ཤི་ངོ་གང་ཡོད་དེ། །རྩྭ་གཟུགས་ཤིང་གཟུགས་འདི་ལ་སྤོ། །འབྲུ་སྣ་ལྔ་ཡི་ངར་གླུད་འདི། །ངམ་གྱི་དབུ་ནི་དབུ་དེ་བཟང་། །དབུ་ཡི་གླུད་དུ་བསྔོས་བསྔོས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མགོ་བའི་ནད་རྣམས་བསྒྱུར་དུ་གསོལ། །ལུང་ཐང་མིག་ནི་མིག་རེ་བཟང་། །མིག་གི་གླུད་དུ་བསྔོས་བསྔོས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མིག་གི་ནད་རྣམས་བསྒྱུར་དུ་གསོལ། །མགྲོན་བུའི་སོ་ནི་སོ་རེ་བཟང་། །སོ་ཡི་གླུད་དུ་བསྔོས་བསྔོས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སོ་ཡི་ནད་རྣམས་བསྒྱུར་དུ་གསོལ། །ཕྱག་གཡས་གསེར་ལ་གཡོན་པ་དངུལ། །ལག་པའི་གླུད་དུ་བསྔོས་བསྔོས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ལག་པའི་ནད་རྣམས་བསྒྱུར་དུ་གསོལ། །རྐང་པ་གཡས་གཡོན་ཟངསདང་ལྕགས། །རྐང་པའི་གླུད་དུ་བསྔོས་བསྔོས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རྐང་པའི་ནད་རྣམས་བསྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མགོ་ནད་སྤྲིན་ལྟར་འཐིབ་པ་ཡང་། །ངར་མི་འདི་ཡི་མགོ་ལ་སྤོ། །མིག་ནད་སྐར་ལྟར་འཁྲུག་པ་ཡང་། །ངར་གླུད་འདི་ཡི་མིག་ལ་སྤོ། །སྣ་ནད་


CMR047_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་ཞིང་འཚུབ་པ་དང་། །ངར་མི་འདི་ཡི་སྣ་ལ་སྤོ། །སོ་ནད་སྲིན་བུས་རྐོ་བ་ཡང་། །ངར་མི་འདི་ཡི་སོ་ལ་སྤོ། །སྙིང་ནད་རྩིགས་པ་ཟ་བ་ཡང་། །ངར་གླུད་འདི་ཡི་སྙིང་ལ་སྤོ། །ཕོ་ནད་སྦོས་འདྲིལ་བྱེད་པ་ཡང་། །ངར་གླུད་འདི་ཡི་ཕོ་བར་སྤྲོ། །རྒྱུ་ནད་བཤལ་ཁྲོག་བྱེད་པ་ཡང་། །ངར་གླུད་འདི་ཡི་རྒྱུ་མར་སྤོ། །མཁལ་ནད་གྲང་བ་ཡོངས་བ་ཡང་། །ངར་གླུད་འདི་ཡི་མཁལ་མར་སྤོ། །ནད་འདྲེ་གདོན་འདྲེ་གང་ཡོད་དེ། །ངར་གླུད་ནག་པོ་ཁྱོད་ལ་སྤོ། །གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། །ཞེས་བརྗོད་ལ། ཕྱོགས་ངན་གྱི་ཐོག་གམ། འདྲེ་ལྔ་བདུད་གཅོད་ཀྱི་ཐོག་ཏུ་གླུད་བསྐྱལ་ལ་ཟློག་སྒྱུར་བྱའོ། །གྲི་བྲུབ་འདིས་ནི། གྲི་ཁམཚོན་ཁ་སྨས་ངོ་ཁྲག་ངོ་ཐམས་ཅད་འགྱུར་ཞིང་ཕན་ཡོན་ཤིན་ཏུ་ཆེའོ། །རྫོགས་སོ། །ཞེས་པ་ཨ་རཱ་གས་བསྒྲིགས་པ་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་རྫོགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་མཁའགོད་པར་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་སྲིད་པའི་དགྲ་བྲུབ་ཆེན་མོའི་གྲི་ཁ་མཚོན་སྒྱུར་གྲི་བྲུབ་སྨྲས་སྒྱུར།next