Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་དམག་འགྱེད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་དམག་འགྱེད།next

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་དམག་འགྱེད།


CMR047_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་དམག་འགྱེད་བཞུགས་སོ། །


CMR047_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །སྡང་བར་བྱེད་པའི་དགྲ་བོ་ལ། །ལྷ་མི་མང་པོས་དམག་འདྲེན་ན། །དམག་དཔོན་རྟ་ལ་ཞོན་པ་དེ། །གནམ་ས་གཉིས་ཀྱི་སྐེག་བདུད་བྱས། །ཀླུ་གཉན་དམག་ཚོགས་མང་པོ་དེ། །དྲག་བྱེད་ཤིང་རྡོ་ཉིལ་བ་འདྲ། །གོ་ཕུབ་ལུས་ལ་གྱོན་པ་དེ། །གངས་ལ་ཕུག་རོན་བབ་པ་འདྲ། །རྨོག་མོ་མགོ་ལ་གྱོན་པ་དེ། །གངས་དཀར་རྩེ་ལ་སྐར་བབ་འདྲ། །དར་འཕྲུ་མགོ་ལ་བཙུགས་པ་དེ། །མུན་རུབ་སྒྲོན་མེ་བལྟམས་པ་འདྲ། །སྐྱ་མཚམས་རལ་གྲི་ཉ་མགོ་དེ། །རྣོ་ངར་མེ་ལྕེ་མཆེད་པ་འདྲ། །མདུང་ནི་


CMR047_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གླག་ནག་འགྲིམ་པ་འདྲ། །ཕུབ་ནི་འབྲོང་ཆེན་འགྱིང་བ་འདྲ། །མདའ་ནི་བུ་ཡུག་འཚུབ་པ་འདྲ། །མཚོན་དབལ་གློག་དམར་འཁྱུགས་པ་འདྲ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །མདའ་མདུང་མ་སྐམ་དགྲ་ཁྲག་འཐུངས། །གནམ་ས་སྲིད་པའི་བུ་ཆེན་ཡིན། །བྱད་བདག་རྣམས་ཀྱིས་སྣང་སྲིད་ལ། །ཁྱད་ཀྱི་དབལ་སོ་དགྲ་ལ་ཕོབ། །ངོམ་གྱི་རླུང་ནག་འཚུབ་མ་འདི། །གཉན་དམག་མང་པོས་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ངོམ་གྱི་ནག་མོ་ཕག་ཞོན་གྱིས། །གནོད་བྱེད་གདུག་པའི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་


CMR047_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དྲོངས། །ངོམ་གྱི་དྲེལ་ནག་རྐང་གསུམ་གྱིས། །གཟའ་དང་གཉན་གྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ལྕགས་ཀྱི་སྦྲང་བུ་མཆུ་རྣོན་གྱིས། །དྲག་པོ་བདུད་ཀྱི་སྣ་ཁྲིད་ལ། །དགྲ་སྲོག་དམར་པོ་ཁོང་ནས་དྲོངས། །ངོམ་གྱི་སྦལ་ནག་སྦྲུལ་མཇུག་གིས། །བཙོག་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་ཡུལ་བཙན་པོའི་བོང་མཛོད་དུ། །མཛེ་དང་བཙོག་གི་སྣ་ཁྲིད་ལ། །དགྲ་ཡུལ་བོང་མཛོད་ཚེ་ཡང་ཆོམས། །ལྟས་ངན་སྦྲེལ་དམར་སྣ་ཆེན་གྱིས། །ཐབ་གཞོབ་འཁོན་གྱི་སྣ་ཁྲིད་ལ། །དགྲ་ཡི་གཏོར་ཟོར་མེ་ཡིས་སྲེགས། །སྐྱེ་རྒྱུད་ས་བོན་གཞོབ་ཏུ་ཐོངས། །དགྲ་བླ་ཝེར་མ་ཉི་ཉ་ཡིས། །ལྷ་མི་མང་པོ་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོའི་ཡུལ་ཁམས་གཞི་ནས་ལོངས། །ཀི་ཀི་བསྭོ་བསྲོ་ཆོས་ཆོས་རེམ། ཀྱཻ། དེ་རིང་དགྲ་ཁམས་བརླག་པའི་ཕྱིར། །བདུད་དམག་སུམ་བརྒྱ་དྲུག་ཅུ་དེས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དུར་སྲི་སྤྱང་ཐང་སྔོན་མོ་དེས། །དུར་སྲི་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །སྲིད་པའི་དྲེད་མོང་ཁམ་པ་དེས། །ཕུང་སྲི་རྣམས་ཀྱི་སྣ་ཁྲིད་


CMR047_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །སྲིན་པོ་བྱུར་སྲི་སྣ་རི་རྫིས། །སྲིན་པོ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །སྲོག་བདག་ཝ་ནག་ལྟས་ངན་གྱིས། །གྲི་བོ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ཁྱི་ནག་ལྕགས་མགོ་བདུད་ཁུར་དེས། །སྲི་ཆེན་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ལྟས་ངན་ཤ་ཕོ་རུ་འཛིངས་དེས། །ལྟས་ངན་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བརྡ་ཐན་གླ་བ་ནག་པོ་དེས། །བརྡ་ཐན་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བདུད་བྱ་སྐྱུང་ཀ་མཆུ་དམར་དེས། །བདུད་དམག་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལདུ་དམག་སྣ་དྲོངས། །བཙན་གྱི་ཁ་ཤྭ་དམར་པོ་དེས། །བཙན་དམག་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བཙོག་གི་རི་བོང་གྲོ་མོ་དེས། །བཙོག་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བྱུར་གྱི་ཝ་མོ་སྣ་ནག་དེས། །བྱུར་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དམེ་ཡི་སྤྲེལ་དམར་


CMR047_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཅོ་ཟད་དེས། །དམེ་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ནལ་གྱི་བྱ་མལ་ནག་མོ་དེས། །ནལ་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །མི་ཁ་སྐྱ་ཁ་ཁྲ་མོ་དེས། །མི་ཁ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ལྟས་ངན་རྔ་མོང་བདུད་ཁུར་གྱིས། །ལྟས་ངན་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ཟངས་ཀྱི་སྲེ་མོང་ཝ་ལྕམ་དེས། །དམ་སྲི་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བདུད་ཁུར་སུམ་བརྒྱ་དྲུག་ཅུ་དེས། །བདུད་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ཉེས་བྱེད་སྡང་བའི་དགྲ་བོ་འདི། །བསྡུས་བྱེད་རྣམས་ཀྱིས་བསྡུས་ལ་ཤོག །ཕུང་བྱེད་རྣམས་ཀྱིས་ཕུང་ལ་ཤོག །འཆིངས་བྱེད་རྣམས་ཀྱིས་ཆིངས་ལ་ཤོག །ཁྲིད་བྱེད་རྣམས་ཀྱིས་ཁྲིད་ལ་ཤོག །ཟློག་བྱེད་རྣམས་ཀྱིས་དགྲ་བོ་ཟློག །སྒྱུར་བྱེད་རྣམས་ཀྱིས་དགྲ་སྣ་སྒྱུར། །དགྲ་བོའི་མི་རྟ་ཆམ་ལ་ཕོབ། །བདུད་ཁ་བསྒྱུར་ལ་བཙན་ཁ་ཟློག །ཀི་ཀི་བསྭོ་བསྭོ་ཆོས་ཆོས་རེམ། །ཅེས་དགྲ་ཆོས་ཀྱི་དམག་འགྱེད་དགྲ་དཔུང་ཚར་གཅོད་ལས་རིམ་ཁོལ་བུར་


CMR047_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ཡིན་པས་གལ་ཆེ་བ་མ་གཏོགས་རྒྱུན་དུ་མི་རུང་ངོ་། །ཞེས་པའང་ཨ་རཱ་གས་བྱས་པའོ།། ༈ །།འདི་གཉིས་ཕྱོགས་འདྲ་ཙམ་པའོ། གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། གདུག་བྱེད་དམག་འགྱེད་ནག་པོ་བཞུགས་སོ། ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །སྡང་བར་བྱེད་པའི་དགྲ་བོ་ལ། །ལྷ་མི་མང་པོས་དམག་འདྲེན་ནས། །དམག་དཔོན་རྟ་ལ་ཞོན་པ་དེ། །གནམ་ས་གཉིས་ཀྱི་ཀ་གདུང་འདྲ། །ཀླུ་གཉན་མང་པོའི་དམག་ཚོགས་དེ། །དྲེགས་བྱེད་ཞིང་རྡོ་ཉིལ་བ་འདྲ། །གོ་ཕུབ་ལུས་ལ་བགོས་པ་དེ། །གངས་དཀར་རྩེ་ལ་ཕུག་རོན་ཁྱུ་བབ་འདྲ། །རྨོག་མོ་མགོ་ལ་གྱོན་པ་དེ། །གངས་དཀར་རྩེ་མོར་བྱ་དཀར་བབ་པ་འདྲ། །དར་འཕྲུ་མགོ་ལ་བཙུགས་པ་དེ། །མུན་རུབ་སྒྲོན་མེ་བཏེགས་པ་འདྲ། །སྐྱ་འགོམ་རལ་གྲི་ཉ་མགོ་དེ། །རྣོ་ངར་མེ་ལྕེ་མཆེད་པ་འདྲ། །མདུང་ནི་གླག་ནག་འཇུམ་པ་འདྲ། །ཕུབ་ནི་འབྲོང་ཆེན་འགྱིང་བ་འདྲ། །མདའ་མདུང་བུ་ཡུག་འཚུབ་པ་འདྲ། །མཚོན་དབལ་གློག་དམར་འཁྱུགས་པ་འདྲ། །ད་ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །མདའ་མདུང་མ་སྐམ་དགྲ་ཁྲག་འཐུང་། །གནམ་ས་སྲིད་པའི་བུ་ཡིན་པས། །བྱད་བདག་མང་པོའི་སྣ་


CMR047_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལ། །ཁྱད་ཀྱི་དབལ་སོ་དགྲ་ལ་ཕོབ། །ངོམ་གྱི་རླུང་ནག་འཚུབ་མ་ཡིས། །གཉན་དམག་མང་པོའི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ངོམ་མི་ནག་པོ་ཕག་ཞོན་གྱིས། །གནོད་བྱེད་གདུག་པའི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ངོམ་མི་ནག་པོ་སྙིང་མེད་ཀྱིས། །དྲག་པོ་རྦབ་ཀྱི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ངོམ་གྱི་དྲེལ་ནག་རྐང་གསུམ་གྱིས། །གཟུགས་ཅན་གཟུགས་མེད་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ལྕགས་ཀྱི་སྦྲང་བུ་མཆུ་རྣོན་གྱིས། །དྲག་པོ་བདུད་ཀྱི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་སྲོག་དམར་པོ་ཁོང་ནས་དྲོངས། །ངོམ་གྱི་སྦལ་ནག་འབྲུམ་ཅན་གྱིས། །བཙོག་འདྲེ་རྣམས་ཀྱི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་ཡུལ་བཙན་པོའི་བང་མཛོད་དུ། །མཛེ་དང་བཙོག་ནལ་སྣ་ཁྲིད་ལ། །དགྲ་ཡུལ་བང་མཛོད་ཚང་ཡང་ཆོམ། །ལྟས་ངན་སྤྲེལ་དམར་བྱ་ཆེན་གྱིས། །ཐབ་གཞོབ་འཁོན་གྱི་སྣ་ཁྲིད་ལ། །དགྲ་བོའི་གཏོར་ཟོར་མེ་ལ་བསྲེགས། །སྐྱེ་རྒྱུད་ས་བོན་གཞོབ་ཏུ་ཐོབ། །དགྲ་ལྷ་ཝེར་མ་


CMR047_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ཉ་ཡིས། །ལྷ་མི་མང་པོའི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་ཁམས་གཞིས་གནས་ལོངས། །ཀི་ཀི་བསྭོ་བསྭོ་ཆོས་ཆོས་རེམ། ཀྱཻ། དེ་རིང་དགྲ་ཁམས་བརླག་པའི་ཕྱིར། །བདུད་ཁུར་སུམ་བརྒྱ་དྲུག་ཅུ་ཡིས། །དགྲ་བོའི་ཡུལ་དུ་དམག་དཔུང་ཆོས། །དུར་སྲི་སྤྱང་ཀི་སྔོན་མོ་དེས། །དུར་སྲི་དུར་འདྲེའི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །སྲིབ་ཀྱི་དྲེད་མོང་ཁམ་པ་དེས། །ཕུང་སྲི་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །སྲིན་པོ་བྱུར་སྲི་སྣ་རིང་དེས། །སྲིན་པོ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །སྲོག་ཆགས་ཝ་ནག་ལྟས་ངན་དེས། །གྲི་བོ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ཁྱི་ནག་ལྕགས་མགོ་ལྷ་ཁུར་དེས། །ལྕེ་སྤྱང་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ལྟས་ངན་ཤ་ཕོ་རུ་འཛིངས་དེས། །ལྟས་ངན་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བརྡའ་ཐན་གླ་བ་རོག་པོ་དེས། །བརྡའ་ཐན་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བདུད་ཀྱི་སྐྱུང་ཀ་མཆུ་དམར་


CMR047_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དེས། །བདུད་དམག་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བཙན་གྱི་ཁ་ཤ་དམར་པོ་དེས། །བཙན་དམག་ཡོངས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བཙོག་གི་རི་བོང་གྲོ་མོ་དེས། །བཙོག་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །གྱུར་གྱི་ཝ་མོ་སྣ་ནག་དེས། །བྱུར་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དམེ་ཡི་སྤྲེའུ་དམར་ཅོ་ཟད་དེས། །དམེ་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ནལ་གྱི་བྱི་བ་སྔོན་མོ་དེས། །ནལ་འདྲེ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །མི་ཁའི་ཀ་ཀ་ཁྲ་མོ་དེས། །མི་ཁ་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ལྟས་ངན་རྔ་མོང་བདུད་ཁུར་དེས། །ལྟས་ངན་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ཟངས་ཀྱི་སྲེ་མོང་ཝ་ལྕམ་དེས། །དམ་སྲི་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བདུད་ཁུར་སུམ་བརྒྱ་དྲུག་ཅུ་དེས། །གདུག་བྱེད་དྲེགས་པའི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་དཔུང་ཆོས། །དམར་


CMR047_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཏོར་མ་འདི་བཞེས་ལ། །ཉེས་བྱེད་སྡང་བའི་དགྲ་བོ་འདི། །བསླུ་བ་མེད་པར་གཟུགས་ལ་ཁུག །དགྲ་བོའི་མི་ནོར་འཁོར་བཅས་ལ། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས། །རང་དབང་མེད་མེད་པར་རྡུལ་དུ་རློགས། །དུས་ལ་བབ་པོ་ས་མཱ་ཡ། །ཞེས་ཆོས་སྐྱོང་སྡེ་བརྒྱད་སོགས་ཀྱི་ཆད་སྔགས་བརྗོད་ལ་བསྐུལ་ཞིང་དྲག་ཏུ་རྦད། འདི་གལ་ཆེན་རང་དོན་མ་གཏོགས་འདོན་མི་རུང་གཅིག་ལས་མང་སྤེལ་ན། འགོང་པོ་རྣམས་རྗེས་སུ་འབྲང་ནས་ཕན་མི་ཐོགས། སློབ་དཔོན་ལ་མཎྜལ་དང་རྒྱུ་སྙིང་དམར་ཅན་གྱིས་བསླུ་བར་བྱའོ། །ཞེས་པ་མགོན་ནག་གིས་བསྐུལ་ངོར། སྔགས་ནག་ཨ་རྭ་གས་བརྗེད་ཐོ་བྲིས། གསང་རྒྱ། ༈ གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། དམག་སྣ་དྲོངས་མཁན་མྱུར་བ་དགྲ་བོའི་སྲོག་ལེན་གུད་དུ་གབ་པ་བཞུགས་སོ། །ཀྱེ་བསྲོ། དགྲ་བོའི་ཡུལ་དུ་དམག་འདྲེན་གྱིས། །དམག་སྣ་གཟའ་བདུད་རྒྱལ་པོས་དྲོངས། །དཔུང་རོག་བེ་ཧར་འགོང་པོས་མཛོད། །ཡང་རྒྱབ་རྟེན་རྡོ་རྗེ་ལེགས་པས་མཛོད། །གསོད་མཁན་སྲོག་བདག་སྐྱེས་བུས་མཛོད། །མགྱོགས་བྱེད་བཙན་རྒོད་སྤུན་བདུན་མཛོད། །ཟ་བྱེད་བདུད་དང་སྲིན་པོས་མཛོད། །རྒྱུག་བྱེད་ཐེའུ་རང་སྟོང་སྡེས་མཛོད། །ཤ་ཟ་ཕྲ་མེན་མ་


CMR047_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཛོད། །ཁྲག་འཐུང་མ་མོའི་ཚོགས་ཀྱིས་མཛོད། །དགྲ་བོ་རྗེས་མེད་གཤིན་རྗེས་མཛོད། །མཐའ་ནས་སྟོང་པ་ཀླུ་བདུད་མཛོད། །མྱུར་མགྱོགས་ཅན་གྱི་ཕོ་ཉ་རྣམས། །རྒྱུག་རྒྱུག་བྲེང་བྲེང་དགྲ་ལ་རྒྱུགས། །དགྲ་བོའི་མི་ནོར་བདུན་རྒྱུད་བཅས། །སྟོན་འབྲས་སེར་དྲག་བརྡུང་བཞིན་སོད། །མ་ཡོ་མ་འཛུར་དགྲ་ལ་ཡ། །སྟོབས་རྩལ་མ་ཆུང་དགྲ་ལ་ཡ། །ནུས་མཐུ་མ་ཆུང་དགྲ་ལ་ཡ། །སངས་རྒྱུས་བསྟན་དང་བསྟན་འཛིན་བརྙས། །སྔགས་འཆང་བདག་ཅག་བསྲུང་བྱ་ལ། །དོ་བསྡོ་ཕོད་བཙུགས་རྐུ་འཕྲོག་བཅོམ། །སྔ་དགྲ་ལག་བརྡར་ཕྱི་དགྲ་སེམས། །ད་དགྲ་སྡང་ཞིང་མཐུ་གཏད་མཁན། །ལས་ངན་དགྲ་བོ་སྡིག་ཆེན་དང་། །རྒྱབ་ཚན་དཔུང་རོགས་བཅས་པའི་ཐོག །ཆོས་སྐྱོང་དམག་སྣ་མྱུར་དུ་དྲོངས། །སོད་ཅིག་ཐུལ་ཅིག་མཱ་ར་ཡ། །ཆོད་ཅིག་བཏུལ་ཞིག་རྩལ་མ་ཞན། །མཐུ་ཆེན་སྲུང་མས་དམག་སྣ་དྲོངས། །དམར་གྱི་གཏོར་མ་འདི་བཞེས་ལ། །མྱུར་བར་སྒྲོལ་ཅིག་རྩལ་མ་ཞན། །ཐལ་བ་རྡུལ་བཞིན་མྱུར་དུ་རློགས། །ཞེས་སྡེ་བརྒྱད་ལ་ཆད་སྔགས་སྦྱར་བ་དྲག་ཏུ་བཟླ་ཞིང་རྦད་དོ། །ཞེས་གཡག་རུ་དགྲ་ཆོས་ཁ་ཚར། དམག་གི་སྣ་དྲོངས་མྱུར་བར་དགྲ་བོའི་སྲོག་ལེན་


CMR047_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འདི། བཀའ་རྒྱ་དམ་ཞིང་གསང་ངོ་། །མགོན་ནག་གིས་ངོར། སྔགས་ནག་རཱ་ག་ཨ་སྱས་གུད་དུ་བྲིས། ལྷ་བསྙེན་ཚད་དུ་ཕྱིན་པ་གཅེས་ཤིན་ཏུ་གཉེན་ནོ། །ཟབ་རྒྱ་ཁ་ཐཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་དམག་འགྱེད།next