Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཁ་ཚར་ལས། དགྲ་ལྷ་ཝེར་མ་ཁྲ་འགྱེད་ཟབ་པའི་རྣོ་སོ་གབ་པ་མངོན་ཕྱུངས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཁ་ཚར་ལས། དགྲ་ལྷ་ཝེར་མ་ཁྲ་འགྱེད་ཟབ་པའི་རྣོ་སོ་གབ་པ་མངོན་ཕྱུངས།next

གཡག་རུ་དགྲ་ཆོས་ཁ་ཚར་ལས། དགྲ་ལྷ་ཝེར་མ་ཁྲ་འགྱེད་ཟབ་པའི་རྣོ་སོ་གབ་པ་མངོན་ཕྱུངས།


CMR047_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཁ་ཚར་ལས། དགྲ་ལྷ་ཝེར་མ་ཁྲ་འགྱེད་ཟབ་པའི་རྣོ་སོ་གབ་པ་མངོན་ཕྱུངས་བཞུགས་སོ། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །མ་རུངས་ལྷ་ཁམས་ཕམ་བྱེད་པའི། །སྲིན་པོ་མགྲིན་བཅུའི་དགྲ་ལྡང་ཚེ། །ལྷ་ཆེན་ནག་པོ་ཆེན་པོ་དེས། །ལྷ་དམག་བྱེ་བའི་དཔུང་དྲངས་ཏེ། །གྲོང་ཁྱེར་སུམ་བརྩེགས་འཇོམས་པ་ལྟར། །བསྟན་དང་བདག་ལ་དགྲ་བྱུང་ན། །ཆོས་སྐྱོང་ཡོངས་ཀྱི་སྡེ་དཔོན་ཆེ། །རྣལ་འབྱོར་ཡོངས་ཀྱི་སྡེ་དཔོན་ཆེ། །རིག་འཛིན་ཡོངས་ཀྱི་སྲུང་མ་ནི། །ལྷ་ཆེན་ལེགས་ལྡན་ཚོགས་ཀྱི་བདག །ཟམ་ཧཱ་ཀཱ་ལ་ལྕམ་དྲལ་གྱིས། །ཆོས་སྐྱོང་ཡོངས་ཀྱི་དམག་དྲངས་ཏེ། །དེ་རིང་དགྲ་བོའི་ཐོག་ཏུ་རྒྱུགས། །བླ་སྲོག་རྣམ་ཤེས་གཏན་དུ་ཕྲོལ། །མཱ་ར་ཡ་ཡི་ལས་མཛོད་ཅིག །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །བྱ་ནག་ཁྱི་ནག་ལྕེ་སྤྱང་ཚོགས། །མི་ནག་དམག་ཚོགས་དགྲ་ལ་ཆོས། །དགྲ་སྲོག་ཆོད་ལ་ཤ་ཁྲག་རོལ། །ལྷག་མ་མིང་ཡང་མེད་པར་མཛོད། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །གཟའ་དམག་བྱེ་བ་འབུམ་དང་བཅས། །དེ་རིང་དགྲ་བོའི་ཐོག་ཏུ་རྒྱུག །སྐྱིན་ཐང་སེར་བས་དགྲ་ཡུལ་རློགས། །


CMR047_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་རྡོ་རྗེ་ལེགས་པ་ནི། །བློན་འབངས་འཁོར་ཚོགས་བྱེ་བ་འབུམ། །དེ་རིང་དགྲ་བོའི་ཐོག་ཏུ་རྒྱུག །ཆོ་འཕྲུལ་ལྟས་ངན་ཧུར་ཐུམ་སོད། །སྟེང་གི་ཕོ་ཉ་ལྷ་ཡི་ཚོགས། །དཀར་པོ་བརྒྱ་དང་ཉི་ཤུ་ཆོས། །འོག་ནས་ཕོ་ཉ་བདུད་ཀྱི་ཚོགས། །ནག་པོ་བརྒྱ་དང་ཉི་ཤུ་ཆོས། །བར་ན་ཕོ་ཉ་བཙན་གྱི་ཚོགས། །དམར་པོ་བརྒྱ་དང་ཉི་ཤུ་ཆོས། །དྲེགས་བྱེད་གདུག་པའི་དམག་དཔུང་ཚོགས། །ཝེར་མ་སུམ་བརྒྱ་དྲུག་ཅུ་ཆོས། །བསྐུལ་ལོ་རྦད་དོ་དགྲ་ལ་ཆོས། །སོད་ཅིག་ཐུལ་ཅིག་ཐལ་བར་རློགས། །ལྷ་དང་གཤིན་རྗེ་མ་མོ་བདུད། །བཙན་དམར་རྒྱལ་པོ་གནོད་སྦྱིན་ཀླུ། །སྡེ་བརྒྱད་དམག་དཔུང་བྱེ་བ་འབུམ། །དེ་རིང་དགྲ་བོའི་ཐོག་ཏུ་རྒྱུག །དགྲ་དཔུང་ཆོམ་ལ་བླ་སྲོག་ལོངས། །ཐལ་བ་རྡུལ་ཕྲན་བཞིན་དུ་རློགས། །བསྭོ། སྲིད་པའི་རི་རབ་ཁོང་སེང་ནས། །དགྲ་ལྷ་སྤུན་དགུ་སྤྲུལ་འཁོར་བཅས། །དགྲ་བླ་དགུ་ཁྲི་དགུ་འབུམ་ཚོགས། །དེ་རིང་དགྲ་བོའི་ཐོག་ཏུ་རྒྱུགས། །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུངས། །ཐལ་བ་རྡུལ་ཕྲན་བཞིན་དུ་རློགས། །ཀྱེ་བསྲོ། ད་ནི་ཝེར་མ་དགྲ་ལ་ཆོས། །འཇིག་རྟེན་སྲིད་པའི་ཝེར་མའི་ཚོགས། །


CMR047_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་བར་སྡང་བའི་དགྲ་ལ་ཆོས། །ལྷ་ཁམས་ཝེར་མ་ཁྱུང་ཆིབས་ཆོས། །གཉན་ཁམས་ཝེར་མ་རྒོད་ཆིབས་ཆོས། །ཀླུ་ཁམས་ཝེར་མ་སྦྲུལ་ཆིབས་ཆོས། །ནམ་མཁའི་ཝེར་མ་འབྲུག་ཆིབས་ཆོས། །མེ་ཕུར་ཝེར་མ་གློག་ཆིབས་ཆོས། །དོན་འགྲུབ་ཝེར་མ་ཆུ་ཆིབས་ཆོས། །ཁེ་དྲག་ཝེར་མ་འབྲོང་ཆིབས་ཆོས། །གཡང་ལྷ་ཝེར་མ་གཡག་ཆིབས་ཆོས། །ཕོ་ལྷ་ཝེར་མ་སྟག་ཆིབས་ཆོས། །མེ་ལྷ་ཝེར་མ་གཟིགས་ཆིབས་ཆོས། །མ་ཐུར་ཝེར་མ་རྐྱང་ཆིབས་ཆོས། །དགུ་འབུམ་ཝེར་མ་གླང་ཆིབས་ཆོས། །དར་ཡག་ཝེར་མ་ཁྲ་ཆིབས་ཆོས། །གར་མཁན་ཝེར་མ་ལུག་ཆིབས་ཆོས། །མ་ཡམས་ཝེར་མ་ཤ་ཆིབས་ཆོས། །དཔའ་རོགས་ཝེར་མ་དོམ་ཆིབས་ཆོས། །བཅུད་འབེབས་ཝེར་མ་ཉ་ཆིབས་ཆོས། །ཐེལ་ཕྲོམ་ཝེར་མ་སེང་ཆིབས་ཆོས། །སྐུ་ལྷའི་ཝེར་མ་སྤྱང་ཆིབས་ཆོས། །དཔའ་རྒོད་ཝེར་མ་སྤྲེལ་ཆིབས་ཆོས། །གཉན་རྒོད་མ་ཧེ་ཆིབས་པ་ཆོས། །ལ་ལའི་ཝེར་མ་དྲེད་ཆིབས་ཆོས། །བསྙབ་བྱེད་ཝེར་མ་གཡི་ཆིབས་ཆོས། །སྟོབས་ལྡན་ཝེར་མ་རྟ་ཆིབས་ཆོས། །བང་མགྱོགས་ཝེར་མ་རླུང་ཆིབས་ཆོས། །དྲག་རྩལ་ཝེར་མ་


CMR047_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཆིབས་ཆོས། །སྨོན་ལེབ་ཝེར་མ་གུང་ཆིབས་ཆོས། །དམུ་ཚ་ཝེར་མ་གཉན་ཆིབས་ཆོས། །གདོང་ཚ་ཝེར་མ་དྲེའུ་ཆིབས་ཆོས། །འབྲི་ཚ་ཝེར་མ་འབྲི་ཆིབས་ཆོས། དགྲ་ཚ་ཝེར་མ་དགེ་ཆིབས་ཆོས། །སྒ་ཚ་ཝེར་མ་ལུག་ཆིབས་ཆོས། །ཡོལ་འགར་ཝེར་མ་ར་ཆིབས་ཆོས། །ཆར་འབེབས་ཝེར་མ་སྦལ་ཆིབས་ཆོས། །ལྷ་རྒོད་ཀླུ་རྒོད་བཙན་རྒོད་ཀྱི། །ཝེར་མ་རྣམ་གསུམ་རྟ་ཆིབས་ཆོས། །སོ་སོའི་འཁོར་ཚོགས་བྱེ་བ་འབུམ། །གྲངས་མེད་བསམ་གྱིས་མི་ཁྱབ་པའི། །མཐུ་ཆེན་ཝེར་མའི་དམག་ཚོགས་ཆོས། །སངས་རྒྱས་བསྟན་སྲུང་ཝེར་མ་ཆོས། །འཇིག་རྟེན་སྲིད་པའི་ཝེར་མ་ཆོས། །མཐུ་རྩལ་ཆེ་བའི་ཝེར་མ་ཆོས། །དཔའ་རྒོད་རྟུལ་བའི་ཝེར་མ་ཆོས། །ཝེར་མ་དགྲ་ལ་ཆས་ཙམ་ན། །གནམ་ས་ཆ་ལང་རྡེབ་བཞིན་རྦད། །རི་བོ་གྲུམ་ཞིག་རྡོག་ལ་རྦད། །རྒྱ་མཚོ་འཕྱུར་ཞིང་འུར་བ་ཆད། །མེ་ཆེན་ནམ་མཁའ་ཁྱབ་ཅིང་རྦད། །བསྐལ་པའི་རླུང་ནག་གཡོ་བཞིན་རྦད། །ཐོག་སེར་བུ་ཡུག་འཚུབ་ཅིང་རྦད། །ཀི་བསྲོ་ཆ་སྒྲ་ལྡིར་ཞིང་ཆད། །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །དམར་གྱི་གཏོར་མ་འདི་བཞེས་ལ། །རྐུ་ཇག་འཕྲོག་


CMR047_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་བྱས་པ་དང་། །བྱེད་པར་བརྩམས་དང་བྱེད་བཞིན་པའི། །དགྲ་བོ་མི་ནོར་བདུན་རྒྱུད་བཅས། །མྱུར་བར་སྒྲོལ་ལ་རྩལ་མ་ཆུང་། །དགྲ་སྲོག་དེ་ནི་མྱུར་དུ་ཆོད། །དགྲ་སྙིང་དམར་པོ་ཙིར་གྱིས་ཕྱུངས། །དགྲ་བོའི་སྒོ་ནོར་ཕྱགས་མས་ཐོབས། །ཉེ་འཁོར་རྩ་ལག་གཏིང་ནས་ཆོད། །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུངས། །ཐལ་བ་རྡུལ་ཕྲན་བཞིན་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་རྐུན་ཇག་གསུམ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་ཤི་བྷཾ་མཱ་ར་ཡ་ཧུར་ཐུམ་ཛཿ རྦད་རྦད་སོད་སོད་བྷྱོ་བྷྱོ་ཟློག་ཟློག །ཅེས་དྲག་ཏུ་བསྐུལ་ཞིང་ཆད་དོ། །གཡག་རུ་དགྲ་བྱུབ་ཀྱི་ཁ་ཚར་དགྲ་བླ་ཝེར་མ་ཁྲ་འགྱེད་འདི་ཡང་། མགོན་ནག་གིས་བསྐུལ་ངོར། སྔགས་ནག་ཨ་རཱ་གས་སྦྱར་བ་མཐུ་ཆེ་ཞིང་བཀྲ་ཤིས། བཀའ་རྒྱ་ཡོད་དོ་ཁ་ཐཾ་རྒྱ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡག་རུ་དགྲ་ཆོས་ཁ་ཚར་ལས། དགྲ་ལྷ་ཝེར་མ་ཁྲ་འགྱེད་ཟབ་པའི་རྣོ་སོ་གབ་པ་མངོན་ཕྱུངས།next