Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ཆ་ལག་ཁ་ཚར། དགྲ་ཆོས་ལམ་ལོག་མི་འགྱུར་བའི་མན་ངག་གཟེ་མ་ཕུས་འདེབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ཆ་ལག་ཁ་ཚར། དགྲ་ཆོས་ལམ་ལོག་མི་འགྱུར་བའི་མན་ངག་གཟེ་མ་ཕུས་འདེབས།next

གཡག་རུ་དགྲ་ཆོས་ཀྱི་ཆ་ལག་ཁ་ཚར། དགྲ་ཆོས་ལམ་ལོག་མི་འགྱུར་བའི་མན་ངག་གཟེ་མ་ཕུས་འདེབས།


CMR047_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ཆ་ལག་ཁ་ཚར། དགྲ་ཆོས་ལམ་ལོག་མི་འགྱུར་བའི་མན་ངག་གཟེ་མ་ཕུས་འདེབས་ཞེས་བྱ་བ་བཞུགས་སོ།། ཀྱཻ། ཡེ་ངམ་འཁྲུག་པའི་འཁྲུག་འདྲེ་འདིས། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དེར་དམག་ལ་ཆོས། །སྨོན་པའི་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་ཀྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་ཆད་དོ་ཆོས་ཆོས་རེམ། །གཉན་གདོང་གཉིས་ཀྱི་འཁྲུག་འདྲེ་དེ། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དེར་དམག་ལ་ཆོས། །གཉེན་པོ་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་གྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །ཐུགས་ཀར་ཐུགས་དམར་འཁྲུག་འདྲེ་དེ། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དེར་དམག་ལ་ཆོས། །ཐུགས་ཀར་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་གྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །ཕྱུ་བདུད་གཉིས་ཀྱི་འཁྲུག་འདྲེ་དེ། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་


CMR047_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེར་དམག་ལ་ཆོས། །ཕྱུ་ཡི་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་གྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །ཀླུ་ཁྱུང་གཉིས་ཀྱི་འཁྲུག་འདྲེ་དེ། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དེར་དམག་ལ་ཆོས། །ཁྱུང་གི་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་ཀྱི། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །ཡེ་ངམ་གཉིས་ཀྱི་ས་མཚམས་ནས། །ལྕགས་ཟངས་གཉིས་ཀྱི་དམག་དཔུང་དེས། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དེར་དམག་ལ་ཆོས། །གདུག་པའི་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་གྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །ཐུགས་ཀར་ཐུགས་དམར་ས་མཚམས་ནས། །ཁྲོ་ཆུའི་ཕ་བོང་བདུད་དཔུང་དེས། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དེར་དམག་ལ་ཆོས། །ཁྲོ་ཆུའི་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་གྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་ཆད་དོ་ཆོས་


CMR047_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རེམ། ཀྱཻ། རྒྱལ་བུ་མཐིང་གེའི་ས་མཚམས་ནས། །ངོམ་གྱི་བྲག་དམར་སྟོབས་ཆེན་དེས། །བདུད་ཁུར་རྣམས་ཀྱིས་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་ལ་ཆོས། །མཚུན་གྱི་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་ཀྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །ངམ་གྱི་ཕ་ཝང་འབྲི་ངུར་དེས། །བདུད་ཁུར་རྣམས་ཀྱི་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་དམག་ལ་ཆོས། །ངོམ་ནག་དགྲ་བླ་འཁོར་བཅས་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་ཀྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །བདག་དང་ཡོན་གྱི་བདག་པོ་ཡི། །འཚེ་རྩུབ་ཀེག་རྣམས་ཅི་ཡོད་པ། །དགྲ་བོའི་ཡུལ་དུ་དམག་ལ་ཆོས། དགྲ་བླའི་གྲ་མ་མཆེད་བརྒྱད་ཀྱིས། །དགྲ་ཆོས་གཟེ་མ་ཕུས་འདེབས་ཀྱིས། །དགྲ་ཆོས་ལམ་ལོག་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ།། བསྭོ། དགྲ་བླ་དགྲ་ལ་ཆས་ཙམ་ན། །རྒྱ་སྟག་གཟན་ལ་འཇུམ་པ་འདྲ། །ལྷ་མིའི་དམག་ཚོགས་ཆས་ཙམ་ན། །ཀླད་ནས་དགྲ་བླའི་དམག་ཚོགས་ཆོས། །གཡས་ནས་ལྷ་ཡི་དམག་


CMR047_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆོས། །གཡོན་ནས་ཀླུ་ཡི་དམག་ཚོགས་ཆོས། །རྒྱབ་ནས་ཆོས་སྐྱོང་དམག་ཚོགས་ཆོས། །མདུན་ནས་ཡེ་གཤིན་དམག་ལ་ཆོས། །དྲང་མཁན་ཡེ་སྨོན་རྒྱལ་པོ་ཆོས། ལྕང་སེ་མི་མགོན་དཀར་པོ་ཆོས། །ཁས་དྲག་རྟ་མ་གཞུང་བཞིན་ཆོས། །ལས་མཁན་གཅོད་མཁན་ཡེ་སངས་ཆོས། །སྣ་ཁྲིད་སྤྲེལ་དཀར་གསེར་མདོག་ཆོས། །སྲིང་མོ་ན་ཆུང་གཟི་སྨིན་ཆོས། །སྟེང་ནས་དགྲ་བླ་ཆས་པ་ནི། །མཐུ་ཆེན་ཝེར་མ་ཉི་ཤུ་ཆོས། །འོག་ནས་མི་ཡི་དམག་ཆས་ན། །དམག་དཔོན་སྐྱེས་བུ་གེ་སར་ཆོས། །དྲག་རྩལ་ཅན་གྱི་དགྲ་བླ་ཆོས། །དགྲ་བླ་དེ་རྣམས་ཆས་ནས་ནི། །བརྒྱན་གྱི་གཏོར་མ་འདི་བཞེས་ལ། །དགྲ་བོ་མེ་ལྟར་འབར་བ་ལ། །དགྲ་བླ་ཆུ་ལྟར་རྒྱོབ་ལ་སོད། །དགྲ་བོ་སྤྲིན་ལྟར་འཐིབས་པ་ལ། །དགྲ་བླ་རླུང་ལྟར་རྒྱོབ་ལ་སོད། །དགྲ་བོ་རྡོ་ལྟར་སྲ་བ་ལ། །དགྲ་བླ་ཐོག་ལྟར་རྒྱོབ་ལ་སོད། །དགྲ་བོ་ཤ་ལྟར་འགྲིམ་པ་ལ། །དགྲ་བླ་གཅན་ལྟར་རྒྱུག་ལ་སོད། །དགྲ་བོ་བྱིའུ་ལྟར་འཕུར་བ་ལ། །དགྲ་བླ་ཁྲ་ལྟར་འཇུམ་ལ་སོད། །དགྲ་བོ་ལུག་ལྟར་འགྲོ་བ་ལ། །དགྲ་བླ་སྤྱང་ལྟར་འདུར་ལ་སོད། །དགྲ་བོ་ས་ལྟར་ལྕི་བ་ལ། །


CMR047_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་ཤོ་ལྟར་རྒྱོབ་ལ་སོད། ཀྱཻ། དགྲ་ལ་རྦད་དོ་ཆོས་ཆོས་རེམ། །དགྲ་སྲོག་དེ་ནི་ད་ཆོད་ཅིག །དགྲ་སྙིང་དེ་ནི་ད་ཕྱུངས་ཤིག །དགྲ་བོ་ཐལ་བ་རྡུལ་བཞིན་རློགས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །སྟེང་མ་དགྲ་ལ་ལོན་པར་ཤོག །ལྷ་ཞལ་དུང་བས་དཀར་བར་ཤོག །མི་མགོ་དགུང་བས་མཐོ་བར་ཤོག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་རྐུན་ཇག་གསུམ་ཐམས་ཅད་མ་ལྡང་ཞིག །མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཀི་བསྲོ་ཆ་འོ་ལྷ་རྒྱལ་ལོ། །ཞེས་པ་དམིགས་པ་དང་བཅས་དགྲ་རྐུན་ཡོད་ཕྱོགས་དང་དགྲ་སྲི་ལྡང་ཕྱོགས་སུ་ས་དཀར་གྱིས་ལམ་བསྟན། གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་དགྲ་ཆོས་ལམ་ལོག་མི་འོང་བའི་མན་ངག་གཟེ་མ་ཕུས་འདེབས། སྔགས་འཆང་མགོན་ནག་གིས་བསྐུལ་ངོར། སྔགས་ནག་ཨ་རཱ་གས་བྲིས་པའོ། །གསང་རྒྱ། དགེ་ལེགས་འཕེལ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡག་རུ་དགྲ་ཆོས་ཀྱི་ཆ་ལག་ཁ་ཚར། དགྲ་ཆོས་ལམ་ལོག་མི་འགྱུར་བའི་མན་ངག་གཟེ་མ་ཕུས་འདེབས།next