Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ཆ་ལག །ཤིང་མི་ནག་པོའི་གྲི་ཁ་མཚོན་བསྒྱུར་ཟབ་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ཆ་ལག །ཤིང་མི་ནག་པོའི་གྲི་ཁ་མཚོན་བསྒྱུར་ཟབ་མོ།next

གཡག་རུ་དགྲ་ཆོས་ཀྱི་ཆ་ལག །ཤིང་མི་ནག་པོའི་གྲི་ཁ་མཚོན་བསྒྱུར་ཟབ་མོ།


CMR047_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ཆ་ལག །ཤིང་མི་ནག་པོའི་གྲི་ཁ་མཚོན་བསྒྱུར་ཟབ་མོ་བཞུགས་སོ། །ན་མོ་མ་ཧཱ་ཀཱ་ལ་ཡ། བཀའ་གསང་བ་ལས་ཟབ་པའི་གྲི་བྲུབ་ཤིང་མི་ནག་པོ་ཁྲག་གྲོད་དང་བཅས་པའི་འཕྱང་ནི། དགྲ་འདྲེ་ཐམས་ཅད་ཁྲག་གོང་དུ་དགུག་གཞུག་བྱས་ནས། རང་ཉིད་འཇམ་དཔལ་གཤིན་རྗེ་ནག་པོར་བསྒོམས་ལ། ཀྱཻ། དེ་རིང་ཉི་མ་དགོང་མཚམས་འདིར། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །རྒྱུ་སྦྱོར་ཡོན་བདག་འདི་དག་གི །ཁྱིམ་སྒོ་ལམ་སྲང་འདི་དག་ན། །དགྲ་བྲུབ་བྱེད་པར་གར་སྲིད་ན། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཡུལ་ནི་ས་དག་སྒོ་དྲུག་ན། །སྲིད་པ་རྒྱལ་བུ་མཐིང་གེ་ལ། །དུས་དང་བསྐལ་པ་དེ་ཙམ་ན། །བཙན་ཤ་བ་སྐྱ་བདུན་བྱ་བ་དེས། །མི་སྟོང་གྲི་རུ་བསད་པ་ལ། །ནོར་ཕྱུགས་ཐམས་ཅད་གནང་དུ་བཅད། །དེར་རྒྱལ་བུ་མཐིང་གེ་ཡབ་སྲས་ཀྱིས། །ཡེ་ཤེས་ལྷ་ལ་མཆོད་པ་འབུལ། །སྲིད་པ་གཉན་ལ་མཐུ་རོགས་བྱིན། །ལྷ་དམག་ཀླུ་དམག་བལ་དམག་བསྡུས། །བཙན་ཤ་བ་སྐྱ་བདུད་ཐོག་གིས་བསད། །བཙན་དམག་འབུམ་སྡེ་གཞོབ་ཏུ་བསྲེགས། །སྔོན་ཡང་གྲི་བྲུབ་དེ་ལྟར་སྲིད། ཀྱཻ། ཕོ་ལྷ་དགྲ་བླ་ཝེར་མ་


CMR047_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐུགས་ཀར་གོང་འོག་བར་གསུམ་དང་། །མཚུན་དང་མ་ལྷ་ནོར་ལྷ་དང་། །དཔལ་མགོན་བསྟན་པ་སྲུང་བ་དང་། །སྟོང་གསུམ་ས་བདག་ཀླུ་གཉན་དང་། །ཡུལ་ལྷ་གཞི་བདག་གཉེན་པོ་རྣམས། །གནམ་ས་བཞུགས་ཡུལ་ཐམས་ཅད་ནས། །གྲི་བོ་གྲི་སྲི་མར་ལ་བྲུབ། །སྲིད་པ་སྔོན་གྱི་དཔེ་བཞིན་དུ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ།། གྲི་ངོ་སྨས་ངོ་ཁྲག་ངོ་རྣམས། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ཕོ་ལྷའི་ས་ནས་གྲི་ངོ་རྣམས། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །དགྲ་བླའི་ས་ནས་གྲི་ངོ་རྣམས། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ཝེར་མའི་ས་ནས་གྲི་ངོ་རྣམས། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །མཚུན་གྱི་ས་ནས་གྲི་ངོ་རྣམས། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །གྲི་ངོ་སྨས་ངོ་ཁྲག་ངོ་རྣམས། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ཟུན་གྱི་ས་ནས་ལྟས་ངན་རྣམས། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། ཀྱཻ། ཕོ་གྲལ་གཡས་ཀྱི་གྲི་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །མོ་གྲལ་གཡོན་གྱི་མདུན་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །བྱིས་པ་ཆུང་གི་དུར་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །མདའ་རྩེ་མདུང་རྩེ་འཛུགས་པ་དེ། །


CMR047_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །སྨྲས་ངོ་ཁྲག་ངོ་འགུལ་བ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །དགྲ་ངོ་གྲི་ངོ་བབ་པ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །གནམ་སྒོའི་དུར་ས་མགུལ་བ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ས་སྒོ་འཇོ་ས་མགུལ་བ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །རྨོག་འོག་མགོ་བཅད་རྨུ་གབ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ཁྲབ་འོག་སྙིང་ཕྱུང་ཆུ་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ཕུབ་འོག་ལག་བཅད་གྱི་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །མདའ་གྲི་ལྟོང་དམར་གྲི་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །རྒྱུ་གྲི་ཡུ་དམར་གྱི་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །གྱི་གྲི་དེ་ནི་ངོ་སྐྱ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །གཉན་གྲི་ངོ་དམར་དགྲ་ངོ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ཆུ་གྲི་དེ་ནི་འདར་ཤ་དེ། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །གཏིབ་གྲི་དེ་ནི་མགོ་སྐྱ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །རྟ་གྲི་དེ་ནི་མཐའ་དྲུད་ཡང་། །ཤིང་མི་ནག་པོ་ཁྱོད་ལ་བསྒྱུར། །གྱི་རིགས་སུམ་བརྒྱ་དྲུག་ཅུ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །མོ་ངན་རྨི་ལམ་ངན་པ་


CMR047_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ལྟས་ངན་པྲ་ལྟས་ངན་པ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ལྷ་འདྲེའི་ཟ་ཁ་སྟོན་པ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །སྔ་དགྲ་ལག་གིས་བརྡར་བ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ཕྱི་དགྲ་ཡིད་ལ་སེམས་པ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ད་དགྲ་ཐད་དུ་ལྡང་བ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །དམག་སྣ་ཇག་སྣ་རྐུན་སྣ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །དགྲ་རྐུན་ཇག་གསུམ་ཁ་དར་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །དགྲ་གྱོད་འཁོན་གསུམ་དར་བ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །གྱོད་བྱུང་མི་ཁ་བྲ་མཆུ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །ནད་རིགས་བཞི་བརྒྱ་རྩ་བཞི་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །གནོད་ཅིང་འཚེ་བྱེད་ཐམས་ཅད་ཀྱང་། །ཤིང་མི་ནག་པོ་ཁྱོད་ལ་སྒྱུར། །དགྲ་ལ་ཆོས་ཆོས་རྦད་རྦད་རེམ། །བྷྱོ་བྷྱོ་ཟློག་ཟློག་སྒྱུར་སྒྱུར་དགྲ་ལ་ཟློག །ཅེས་གཡག་རུ་དགྲ་བྲུབ་ཀྱི་ཁ་ཚར་དུ། ཤིང་མི་ནག་པོ་ཁྲག་གྲོད་ཀྱི་འཕྱང་འདི་ཡང་། ཨ་རཱ་གས་བྲིས་པ་སརྦ་མངྒ་ལཾ།། །།


previousགཡག་རུ་དགྲ་ཆོས་ཀྱི་ཆ་ལག །ཤིང་མི་ནག་པོའི་གྲི་ཁ་མཚོན་བསྒྱུར་ཟབ་མོ།next