Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། གྱོད་ཀྱི་ཤོ་གཞི་སྤྲུགས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར། གྱོད་ཀྱི་ཤོ་གཞི་སྤྲུགས་པ།next

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། གྱོད་ཀྱི་ཤོ་གཞི་སྤྲུགས་པ།


CMR047_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། གྱོད་ཀྱི་ཤོ་གཞི་སྤྲུགས་པ་བཞུགས་སོ། །དེ་ནས་གྱོད་ཀྱི་ཤོ་གཞི་སྤྲུགས་པ་ནི། ཤོ་གཞི་དཀར་ནག་གཉིས་ལ་དཀར་པོའི་གོང་བ་ཤར། ནག་པོའི་གོང་བ་ནུབ་ཏུ་བསྟན་པར་ཆོ་ལོ་དཀར་ནག་བཀོད་ལ་འདི་སྐད་དོ།། ཀྱཻ། གྱོད་ཀྱི་ཤོ་གཞི་སྤྲུགས་པ་གར་སྲིད་ན། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཡེ་ངམ་ཕམ་རྒྱལ་རྩོད་ཙམ་ན། །ཡེ་ངོམ་གཉིས་ཀྱི་ས་མཚམས་ན། །གྱོད་གྱི་ཤོ་གཞི་ནག་པོ་བཏིང་། །ཤོ་དང་ཆོ་ལོ་མིག་མང་གསུམ། །ཡེ་ངོམ་ཕམ་རྒྱལ་གཞི་མ་ཡིན། །མིག་མང་ཆ་དགུ་བྲིས་པ་དེ། །ཕམ་རྒྱལ་ས་ཡུལ་བགོས་དུས་ལ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །མིག་མང་ས་བགོས་འཕྲོག་པ་དེ། །གྱོད་ཀྱི་གཞི་མ་བཏིང་བའི་རྟགས། །རྩོད་རྒྱལ་རྩོད་རྗེ་བཀོད་པ་དེ། །ཕམ་རྒྱལ་རྩོད་གཞི་མ་ཡིན་ཏེ། །འཐབ་ཚུལ་བྲོས་ཚུལ་བྱེད་པ་དེ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །ས་ཡུལ་སྐོར་འཕྲོས་བྱས་པ་དེ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །མཁར་འཕྲོག་མཁར་བཟུང་བྱེད་པ་དེ། །ཕམ་རྒྱལ་གཞི་མ་བཏིང་བའི་རྟགས། །རྡེལ་དཀར་རྡེལ་ནག་བཀོད་པ་དེ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །


CMR047_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཅིང་གྲངས་སུ་བརྩི་བ་དེ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །དབུས་ཀྱི་གའུ་གསེར་རྫོང་ལ། །ཕམ་རྒྱལ་གང་ཐོབ་ལྟ་བ་དེ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །དཀར་ནག་བཙོན་དུ་བཟུང་བ་དེ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །ཐ་མ་གཅིག་གིས་གཅིག་གསོད་པ། །གྱོད་ཀྱི་ཤོ་གཞི་བཏིང་བའི་རྟགས། །རྡེལ་དཀར་སྟོབས་ཀྱིས་རྡེལ་ནག་བསད། །དེར་སྲིད་པ་ཡེ་སྨོན་རྒྱལ་པོ་དང་། །ཡེ་གཤེན་དབང་རྫོགས་མཐུ་ཆེན་གྱིས། །ཡེ་ངོམ་ལྷ་འདྲེ་སོ་སོར་ཕྱེས། །དཀར་པོ་ལྷ་ཡི་ཡུལ་དུ་བཏོད། །ནག་པོ་ངོམ་ཡུལ་བདུད་ལས་གཟེར། །ལྷ་མི་གཤེན་གསུམ་གཡས་སུ་རྒྱལ། །ངོམ་རྗེ་རྩོལ་པོ་མར་ལ་ཕབ། །ཡེ་སྨོན་རྒྱལ་པོས་འདི་སྐད་ཟེར། །ཁྱོད་ངོམ་རྗེ་རྩོལ་པོ་ཚུར་ཉོན་དང་། །ད་ནི་ཤོ་གཅིག་ལན་གཅིག་བཀྱེ། །ཡེ་སྨོན་རྒྱལ་པོ་བྱ་བ་ཡིས། །ཕྱིང་དཀར་གོང་བ་ཤར་དུ་བསྟན། །ཕྱིང་ནག་གོང་བ་ནུབ་ཏུ་བསྟན། །རྡེའུ་དཀར་བརྒྱད་ཅུའི་གང་ཡང་བྲིས། །ཤོ་དང་མིག་མང་ཆོ་ལོ་བཀོད། །ཡེ་སྲིད་ལྷ་ལ་ལན་གསུམ་འབོད། །དྲུག་གསུམ་བཅོ་བརྒྱད་བྲིས་པ་དེ། །དཀར་པོ་ཁྱུང་གཤོག་བརྒྱང་


CMR047_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་ཤོ། །དགྲ་བླ་དུང་ཁྱུང་དཀར་པོའི་ཤོ། །ཡེ་སྨོན་ཤོ་ལ་བུ་ཡིས་བཏབ། །དེ་ནས་ཐང་ཅིག་བསྒྱུར་བ་ལས། །དེ་ལ་དྲུག་གསུམ་བཅོ་བརྒྱད་ཕྱིན། །ངོམ་རྗེས་ཤོ་ལ་ཧུ་ཡིས་བཏབ། །ཤོ་མིག་དེ་ལ་ནག་ཞད་ཕྱིན། །ལྔ་གསུམ་བཅོ་ལྔ་བྲིས་པ་དེ། །ཁྲོ་བོའི་མཚལ་སྟག་དམར་པོའི་ཤོ། །དགྲ་བླ་མཚལ་སྟག་དམར་པོ་དང་། །ཐུགས་ཀར་ལྷ་དམག་རྒྱལ་བའི་ཤོ། །ཡེ་སྨོན་ཤོ་ལ་ཧུ་ཡིས་བཏབ། །དེ་ནས་ཐང་ཅིག་བསྒྱུར་བ་ལ། །ཤོ་མིག་ལྔ་གསུམ་བཅོ་ལྔ་ཕྱིན། །དགྲ་བླ་ལྔ་གསུམ་བཅོ་ལྔ་དང་། །མཐུ་ཆེན་ཝེར་མ་རྒྱལ་བའི་རྟགས། །གཞི་གསུམ་བཅུ་གཉིས་བྲིས་པ་དེ། །སེར་པོ་ས་བདག་རྒྱལ་པོའི་ཤོ། །སྨོན་པས་ཤོ་ལ་ཧུ་ཡིས་བཏབ། །སྟེང་ཡེ་ཤེས་ལྷ་ལ་ལན་གསུམ་བོས། །དེ་ནས་ལན་གཅིག་བསྒྱུར་བ་ལ། །ཤོ་མིག་བཞི་གསུམ་བཅུ་གཉིས་ཕྱིན། །དེ་ལོ་སྐོར་བཅུ་གཉིས་རྒྱལ་བའི་རྟགས། །སྨོན་པའི་དུང་ཁྱི་དཀར་པོ་དང་། །ངོམ་གྱི་ཁྱི་ནག་དེ་གཉིས་བཀྱེས། །ངོམ་གྱི་ཁྱི་གུ་བརྟེན་དུ་ཐུབ། །ས་ངོ་བསྐྱང་བའི་འོག་ཏུ་ཆོད། །ཁྱི་སྤུ་བྱ་བའི་གཏན་ཚིག་ཡིན། །དཔའ་བའི་མི་གསུམ་ཐད་དུ་བསད། །དགྲ་


CMR047_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སོད་ངོམ་ལ་ཆད་པ་ཆོད། །ཡོད་པ་མི་གསུམ་གཏན་དུ་ཐུབ། །དེ་ནས་ལན་གཅིག་དུས་ལ་བརྟེན། །དུས་ལ་བྱ་བའི་གཏན་ཚིག་ཡིན། །ཡེ་སྨོན་རྒྱལ་པོའི་ཞལ་ན་རེ། །ཁྱོད་ངོམ་རྗེ་བཙན་པོ་བྱ་བ་ཁྱོད། །འོ་སྐོལ་ཡེ་ངོམ་གཉིས་ཀྱི་ས་མཚམས་ན། །ད་ནངས་ཤོ་མི་བཀྱེ་ལ་རང་དབང་ཡོད། །ཕྱིན་ཆད་ལྐུགས་བཏབ་མི་བཞག་རང་དབང་རོགས་ལ་མེད། །ངས་རྩིབ་མ་བཞི་བཅུ་ཞེ་དགུ་ཐོབ་པ་དེ། །གཡས་ནས་བཀོག་ལམ་གཡོན་ནས་བཀོག །ངོམ་རྗེ་རྩོལ་པོའི་ཞལ་ན་རེ། །ཁྱོད་ཡེ་སྨོན་རྒྱལ་པོ་ཚུར་གསོན་དང་། །ང་ཡི་རྩིབ་མ་བཞི་བཅུ་ཞེ་དགུ་མ་བཀོག་དང་། །ངས་ཉི་ཟླ་སྐར་གསུམ་བརྔན་དུ་སྦྱིན། །ཡེ་སྨོན་རྒྱལ་པོ་བྱ་བ་དེས། །ཤོ་དང་ཆོ་ལོ་བཀུག་ནས་ཐོབ། །མཐུ་ཆེན་ཡེ་སྨོན་དབང་རྫོགས་དེས། །ཁྱོད་ཀྱི་ཤོ་གཞི་ནག་པོ་དེ། །སྤྲུགས་པ་ངོམ་གྱི་ཐོག་ཏུ་སྤྲུགས། །དེ་ནས་ལྷ་མིན་གཤེན་གསུམ་གྱིས། །གྱོད་ཀྱི་གཞི་མ་ནག་པོ་དེ། །འདྲེ་སྲིན་བྱུར་གསུམ་ཐོག་ཏུ་སྤྲུགས། །རྒྱ་ཡིས་ཆོད་པ་ཁྲག་ངན་སྒྱུར། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །གྱོད་ཀྱི་ཤྭ་གཞི་ནག་པོ་འདི། །སྡང་བྱེད་དགྲ་བོའི་ཐོག་ཏུ་སྤྲུགས། །གྲི་ཁ་ངན་པ་


CMR047_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལ་ཟོར། །གྱོད་གཞི་ནག་པོ་དགྲ་ལ་སྤྲུགས། །མི་ཁ་བྲ་མཆུ་དགྲ་ལ་སྒྱུར། །དགྲ་ངོ་གྱོད་ངོ་ངན་པ་རྣམས། །སྡང་བྱེད་དགྲ་བོའི་ཐོག་ཏུ་སྒྱུར། །གནོད་བྱེད་བགེགས་ཀྱི་ཐོག་ཏུ་སྒྱུར། །བཟློག་ཅིག་བསྒྱུར་ཅིག་མཱ་ར་ཡ། །ཅེས་དམ་ཅན་སྲུང་མ་དང་སྡེ་བརྒྱད་ཀྱི་སྔགས་ཤམ་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་རེ་མ་ཏི་མ་བྷྱོ་ཛཿ ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་གྱོད་འཁོན་གསུམ་གྱོད་ཀྱི་འཁོན་གཞི་ངན་པ་ཐམས་ཅད་མཱ་ར་ཡ་པྲ་ཏྱཾ་གི་ར་བློ་བློ་ཟློག་ཟློག །བྷྱོ་ཟློག་ཅིག །སྦྱར་བ་དྲག་ཏུ་བཟླའོ། །གོང་དུ་ཚིག་རིས་དང་མཐུན་་པར་ཤུ་འཕེན་ཞིང་། དཀར་པོ། ཀི་བསྭོ་ལྷ་རྒྱལ་ལོ། ཞེས་དང་། ནག་པོར། དགྲ་བགེགས་ཕམ་མོ། །ཞེས་བརྗོད། གྱོད་ཀྱི་ཤོ་གཞི་དགྲ་ཕྱོགས་སུ་ལན་དགུར་སྤྲུགས་པ་རྣམས་མཆོད་གཡོག་པས་བྱའོ། །ཞེས་པ་དགྲ་ཆོས་ཀྱི་ཁ་ཚར་དུ་མགོན་ནག་གི་ངོར། སྔགས་ནག་རཱ་ག་ཨ་སྱས་བྲིས་པའོ། །གྱོད་ཁ་གཅོད་པའི་ཨུ་པ་དེ་ཤ་གསང་རྒྱའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར། གྱོད་ཀྱི་ཤོ་གཞི་སྤྲུགས་པ།next