Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡས་རུ་དགྲ་ཆོས་ཀྱི་ཁ་ཚར། མི་ཁ་བྲ་མཆུ་བཀར་བའི་བསྒྱུར་ཆོས་ཟབ་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡས་རུ་དགྲ་ཆོས་ཀྱི་ཁ་ཚར། མི་ཁ་བྲ་མཆུ་བཀར་བའི་བསྒྱུར་ཆོས་ཟབ་མོ།next

གཡས་རུ་དགྲ་ཆོས་ཀྱི་ཁ་ཚར། མི་ཁ་བྲ་མཆུ་བཀར་བའི་བསྒྱུར་ཆོས་ཟབ་མོ།


CMR047_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རུ་དགྲ་ཆོས་ཀྱི་ཁ་ཚར། མི་ཁ་བྲ་མཆུ་བཀར་བའི་བསྒྱུར་ཆོས་ཟབ་མོ་བཞུགས་སོ། །


CMR047_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི་ཡེ། འདི་དགྲ་ཆོས་བྱ་བའི་དུས་སུ་རྣལ་འབྱོར་པ་བདག་ཅག་ཡོན་མཆོད་ལ་རྒྱལ་པོ་ཡུལ་མི་བན་བོན་བུད་མེད་སོགས་ཀྱིས་མི་ཁ་ཆེ་ན་དེ་དག་བཀར་བའི་ཐབས་ལ། ས་སྤྱིན་ལ་བྲ་བའི་གཟུགས་བཅོས་ལ་ཚོན་གྱིས་བསྒྱུར། ཚྭ། ཡོས། རམ་རུག །ཤ་ཁྲག །ལྟེ་ཕྱེ། ཆངས་བུ་སོགས་ཡས་རྫས་མང་དུ་བསྐོར། བྱིན་གྱིས་བརླབས་ལ། རྒྱ་ཆེན་ཤུགས་ལྡན་གྱི་སྔགས་ཉེར་གཅིག་བཟླ། མི་ཁ་བྲ་མཆུ་ཐམས་ཅད་གཏོང་བྱེད་དང་བཅས་འགུགས་གཞུག་དྲག་ཏུ་བྱས་ལ། དང་པོ་དགྲ་བླ་བསྐུལ་བ་ནི། ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །དམ་ཉམས་དགྲ་ལ་དམག་འདྲེན་ནོ། །ཆོས་སྐྱོང་སྲུང་མ་དགྲ་ལ་ཆོས། །ནམ་མཁའི་ལྷ་དམག་དགྲ་ལ་ཆོས། །


CMR047_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་གཉན་དམག་དགྲ་ལ་ཆོས། །ས་གཞིའི་ཀླུ་དམག་དགྲ་ལ་ཆོས། །ཡུལ་ལྷ་གཞི་བདག་དགྲ་ལ་ཆོས། །དགྲ་བླ་ཝེར་མ་དགྲ་ལ་ཆོས། །ཁྱེད་རྣམས་དམག་ལ་ཆས་ཙམ་ན། །དམག་དཔོན་རྟ་ལ་ཞོན་པ་དེ། །གནམ་ས་ཀ་གདུང་འཕྲད་པ་འདྲ། །རྨོག་ནི་གངས་ལ་ཉི་ཤར་འདྲ། །ཁྲབ་ནི་རྫ་རྒོད་ཉིལ་བ་འདྲ། །ཕུབ་ནི་འབྲོང་ཆེན་འགྱིང་བ་འདྲ། །དར་འཕྲུ་ལྷོ་སྤྲིན་འཁྲིགས་པ་འདྲ། །སྟག་དོང་མེ་ལྕེ་མཆེད་པ་འདྲ། །གཟིག་ཤུབས་ཐིག་ལེ་བཀྲ་ཡག་འདྲ། །མདའ་ནི་ཐོག་རྒོད་སེར་ཆེན་འདྲ། །གཞུ་མོ་བྲག་ཆེན་བཀང་བ་འདྲ། །རལ་


CMR047_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་བར་སྣང་གློག་དམར་འདྲ། །ཚྭ་ཚྭ་སྐར་ཕྲན་འཕྲོ་བ་འདྲ། །མཚོན་ཆ་མེ་ལྕེ་མཆེད་པ་འདྲ། །རྟ་རྒྱུག་རླུང་དམར་འཚུབ་པ་འདྲ། །རྒྱུག་རྒྱུག་སྡང་བའི་དགྲ་ལ་རྒྱུགས། །ཡི་དམ་ལྷ་དང་སྲུང་མ་རྣམས། །རང་རང་དམག་རྣམས་དཔའ་སེམས་བསྐྱེད། །མདའ་མདུང་རྣམས་ལ་ངར་ཆུ་བླུད། །བྱང་མ་རྟ་ཡི་རྒྱུག་ལམ་བསྲིངས། །དགྲ་བོའི་མི་རྟ་ཆམ་ལ་ཕོབ། །དགྲ་ཐོག་རྒྱུག་ཅིག་དགྲ་ཤ་ཟོ། །མི་ཁ་བྲ་མཆུ་བཟློག་ཏུ་གསོལ། །ཡས་གླེང་བཤད་པ་ནི། ཀྱཻ། ཡས་སྟགས་དེང་སང་གོང་རོལ་ན། །ཡས་ལ་སྔ་བ་བྲ་བ་ཡིན། །ཁྲ་བ་སྐྱ་བོ་མི་ཁའི་ཡས། །ཕ་དེ་རླུང་བོན་མཐུ་བོ་ཆེ། །མ་དེ་ཁམས་གསུམ་མི་ཁའི་བདག །བུ་ཁྱོད་ཁམས་གསུམ་བྲ་བ་ཡིན། །མིང་པོ་སྤྲེལ་ལ་སྲིང་མོ་སྟག །མིང་པོ་ལམ་གྱི་གོང་ན་གནས། །སྲིང་མོ་ལམ་གྱི་འོག་ན་གནས། །བྲ་བ་འགྲོ་བའི་མི་ཁ་ལྡང་། །དེ་ཡོད་ན་མི་དགའ་མེད་ན་དགའ། །གང་ན་མི་དགའ་སྟོང་ལ་དགའ། །བཟང་ན་མི་དགའ་ངན་ན་དགའ། །ཕྱུག་ལ་མི་དགའ་དབུལ་ལ་དགའ། །དེ་འདྲའི་མི་ཁ་སྤུན་དགུ་དེ། །རྒྱ་ཡི་མི་ཁ་ཇ་དང་བསྡོང་། །འཇང་གི་མི་ཁ་དར་དང་བསྡོང་། །ཧོར་གྱི་མི་ཁ་མདའ་


CMR047_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྡོང་། །བོད་ཀྱི་མི་ཁ་འབྲུ་དང་བསྡོང་། །ལི་ཡི་མི་ཁ་གསེར་དང་བསྡོང་། །མོན་གྱི་མི་ཁ་གཟི་དང་བསྡོང་། །བལ་པོའི་མི་ཁ་རམ་དང་བསྡོང་། །ཀོང་པོའི་མི་ཁ་ཚོས་དང་བསྡོང་། །མདོ་སྨད་མི་ཁ་དངུལ་དང་བསྡོང་། །དེ་ལྟར་མི་ཁ་སྤུན་དགུ་དེ། །བྲ་བ་རྣ་དམར་རྟ་རུ་ཞོན། །སྲེ་མོ་དམར་མོ་རོལ་དུ་ཁྲིད། །ཤང་ཤང་བྲ་མཆུ་ལས་ལ་འགྱེད། །ཡུལ་མི་འཁྲུག་འདྲེ་མི་ཁས་བྱེད། །ཕུ་ནུ་འཁྲུག་འདྲེ་མི་ཁས་བྱེད། །མི་སྤུན་འཁྲུག་འདྲེ་མི་ཁས་བྱེད། །ཤག་རོགས་བྱེར་འདྲེ་མི་ཁས་བྱེད། །བཟའ་ཚང་འཁྲུག་འདྲེ་མི་ཁས་བྱེད། །མེད་ཁ་ཁ་བསྒོ་མི་ཁས་བྱེད། །མཐོ་དགའ་དམའ་དགའ་མི་ཁས་བྱེད། །དགྲ་རྐུན་ཁ་མཆུ་མི་ཁས་བྱེད། །གོད་ཁ་གྱོད་བྱུར་མི་ཁས་བྱེད། །དེ་རྣམས་བཀར་བར་བྱ་བའི་ཕྱིར། །རིན་ཆེན་ས་ཡི་བྲ་གཟུགས་དང་། །ཚྭ་གཡེར་རམ་རུག་བཙོད་མཚུར་དང་། །ལྕམ་པ་བྲ་བོ་ཡོས་སྙིག་དང་། །ཆངས་བུ་ཁ་འཕྲོ་འཐུང་ལྷག་དང་། །བཀལ་བར་ཡས་སྟགས་བྲ་བར་སྦྱིན། །སེན་མོ་ཟངས་ཀྱི་སྣ་དམར་མ། །བརྒྱ་འགྲོའི་མི་ལ་ཁྲམ་གཏམ་བྱེད། །དབུས་ཀྱི་མི་ལ་ཆོས་གཏམ་བྱེད། །གླ་མི་བཞིན་དུ་


CMR047_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མདུར་རྒྱུག་བྱེད། །སྤྱང་མོ་བཞིན་དུ་ངོ་ཉལ་བྱེད། །བུ་ཆུང་བཞིན་དུ་མིག་ཉལ་བྱེད། །རི་བོང་བཞིན་དུ་རྦ་ཉལ་བྱེད། །སྒོམ་ཆེན་མིན་ཏེ་ཀློང་ལྟས་བྱེད། །བག་མ་བཞིན་དུ་གཟུར་འདུག་བྱེད། །མི་ཁ་སུས་ཐུབ་ཟེར་ཙམ་ན། །ཁྲ་བོ་སྐྱ་བོས་ཐུབ་བོ་ཟེར། །གནམ་ལ་རི་བོ་བྱེད་མི་དེ། །བྲ་བ་མིན་ནི་གང་དེ་ཡིན། །ས་ལ་ར་བ་བྱེད་མི་དེ། །བྲ་བ་མིན་ནི་གང་དེ་ཡིན། །མཆུ་དམོད་མོ་བྱེད་པར་དགྲ་ལ་དམོད། །ཕ་མ་གཉིས་ཀྱི་མངའ་འོག་ན། །དུད་འགྲོ་བྲ་བ་སྤུན་དགུ་སྲིད། །ས་ནག་ཡུལ་བཟུང་འཕེལ་སྟོབས་ཆེ། །མི་ཐུབ་མི་འགྱུར་གཅིག་ཀྱང་མེད། །ལྟག་པ་སྐྱ་བོས་འགོང་པོ་ཐུབ། །ཙ་ཙ་ཙི་ཙིས་བསེ་རག་ཐུབ། །གཞུ་གུ་མེད་པས་མི་ཁ་ཐུབ། །སྤུ་འགོ་སེར་བས་རྒྱལ་པོ་ཐུབ། །སྤུ་སྐེད་དཀར་བས་དར་སྲི་ཐུབ། །སྤུ་རྩ་ནག་པས་འདྲེ་མོ་ཐུབ། །དཔྱིད་གསུམ་ཚོ་བས་གོད་འདྲེ་ཐུབ། །དགུན་གསུམ་རྫུད་པས་དབུལ་སྲིད་ཐུབ། །མི་ཁ་བཀར་རོ་བྲ་མཆུ་བཅད། །བརྒྱ་ཡི་མི་ཁ་བཀར་བར་བྱ། །སྟོང་གི་བྲ་མཆུ་བཀར་བར་བྱ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གནོད་བྱེད་མི་ཁ་བྲ་མཆུ་རྣམས། །བཀར་རོ་བྲ་བ་དེ་


CMR047_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བཀར། །རྒྱུག་དང་བྲེངས་སེ་ད་སོང་ཞིག །འདུར་དང་ཞུངས་སེ་ད་སོང་ཞིག །སྡང་བྱེད་དགྲ་བོའི་སྟེང་དུ་སོང་། །མྱུར་བ་ཉིད་དུ་ད་སོང་ཞིག །མི་ཁ་བྲ་མཆུ་ཁྲིད་ལ་སོང་། །བསེ་རག་ལྟོང་འགོང་ཁྲིད་ལ་སོང་། །གོད་ཁ་གོད་སྲི་ཁྲིད་ལ་སོང་། །དགྲ་སྣ་རྐུན་སྣ་ཁྲིད་ལ་སོང་། །ནད་སྣ་ཡམས་སྣ་ཁྲིད་ལ་སོང་། །མི་ནད་ཕྱུགས་ནད་ཁྲིད་ལ་སོང་། །གཞན་ལ་གནོད་ཅིང་འཚེ་བ་རྣམས། །བྲ་བ་ཁྱོད་ཀྱིས་ཁུར་ལ་སོང་། །སྡང་བྱེད་དགྲ་ལ་མི་ཁ་ཐོངས། །གཏན་གྱི་ཕ་ཡུལ་དགྲ་ལ་གྱིས། །དགྲ་བོའི་མི་ནོར་ཕུང་བར་གྱིས། །རྣལ་འབྱོར་བདག་ཅག་ཡོན་བདག་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །དགྲ་ལ་རྦད་དོ་ཆོས་ཆོས་རེམ། །གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ས་ཕཊ། ཅེས་དང་སྲུང་མ་དང་སྡེ་བརྒྱད་ཀྱི་སྔགས་མཐར། ཨོཾ་མི་ཁ་ཧུར་ཧུཾ་རྦད་རྦད་དྲིལ་དྲིལ་ཐཾ་ཐཾ་ཤིག་ཤིག་བྷྱོ་བྷྱོ་ཟློག་ཟློག་སྒྱུར་སྒྱུར། བྱུར་མི་ཁ་བྲ་མཆུ་ཐམས་ཅད་བློ་ཟློག་ཅིག །སྦྱར་བ་བཟླ་ཞིང་བསྐྲད་དམིགས་གནད་ནས་བཟུང་། གོང་གི་བྲ་མཆུ་བཅད་ཟེར་བའི་དུས་སུ་མཆུ་བཅད་ལ་ཡས་ནང་དུ་འཕང་། འདྲེ་ལྔ་གནས་ཕྱོགས་སམ། དགྲ་ཕྱོགས་སུ་ཡས་བཏང་ངོ་། །དེ་ལྟ་བུ་ཡང་ཡང་བྱས་ན་མི་ཁ་བྲ་མཆུ་ཐམས་ཅད་


CMR047_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་ལ་འདི་ལས་ཟབ་པ་མེད་དོ། །དགྲ་ཆོས་དུས་སུ་ཤ་རུ་ཁྲམ་འདེབས་གོང་དུ་སྦྱར། གཟུགས་ཡས་ནང་དུ་འཕོང་། རྗེས་སྲུང་འཁོར་བསྒོམ་མོ། །ཞེས་པ་འདི་ནི་མི་ཁ་བཟློག་པ་ཀུན་ལ་མཁོ་ཆེ་བ་དང་། ཁྱད་པར་དུ་ཡང་བཟང་ངན་མི་ཁ་དགྲ་རྐུན་གྱོད་བྱུར་མང་བ་མི་ཁ་ཡིན་པ་དེ་བཀར་བ་དང་། དགྲ་ཆོས་ཀྱི་སྐབས་སུ་མི་ཁ་བྲ་མཆུ་ལྡང་ཆེ་བ་དེ་དག་བཀར་བའི་ཕྱིར། གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་དུ། སྔགས་འཆང་མགོན་ནག་གིས་བསྐུལ་ངོར། ཨ་རཱ་གས་བསྒྲིགས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡས་རུ་དགྲ་ཆོས་ཀྱི་ཁ་ཚར། མི་ཁ་བྲ་མཆུ་བཀར་བའི་བསྒྱུར་ཆོས་ཟབ་མོ།next