Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཀྱི་གཏད་ཁྲམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཀྱི་གཏད་ཁྲམ།next

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཀྱི་གཏད་ཁྲམ།


CMR047_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཀྱི་གཏད་ཁྲམ་བཞུགས་སོ། །དགྲ་བོ་གཏད་ཁྲམ་བྱ་བ་ནི། །རིཟུར་མཚོ་གཉེན་ཆུ་བྲག་གི །དགྲ་གཏད་ལེན་པའི་ས་ཆུ་བྲག །བརྒྱ་ལམ་མཆོད་རྟེན་ལྷ་ཁང་སོགས། །གང་རུང་ས་ལ་གྲུ་གསུམ་བྲུ། །རྩང་རང་རེ་ཚེར་སྐྱེར་ཕུར་གདབ། །གཡག་རུ་དགྲ་རྫ་ས་བཅས་པ་རྣམས། །མནན་ལ་བཀུག་གཞུག་དྲག་པོ་བྱས། །དོང་དུ་བཅུག་ལ་འདི་སྐད་རྒྱུདོ།། ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་དགོངས་སུ་གསོལ། །དང་པོ་བདེ་བཤེགས་རྣམས་ཀྱི་བཀའ། །དེ་ནས་ཕྱག་ན་རྡོ་རྗེའི་བཀའ། །དེ་ནས་བྲམ་ཟེ་མཆོག་སྲིད་བཀའ། །ནག་པོ་ཆེན་པོ་འཁོར་བཅས་རྣམས། །དེ་ལྟར་རྣལ་འབྱོར་བདག་གིས་བཀའ། །དེ་ནས་བསྟན་སྲུང་ཆེན་པོ་ཁྱོད། །འཁོར་དང་བཅས་པས་བསྐོར་བ་ནི། །བསྟན་པ་བཤིག་པའི་སྡིག་ཅན་འདི། །ཉོན་མོངས་དུག་ལྔ་བསྐྱེད་པ་ཡི། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་མི་གནས་བྱས། །ཐེག་ཆེན་ཆོས་ལ་ཆོས་མིན་ཟེར། །སྔགས་དང་ཆོས་ལ་རབ་སྨད་ཅིང་། །དགོན་སྡེ་ཆེན་པོ་འདི་ཡིས་བཅོམ། །བནྡེ་རྣམས་ལ་སྐུར་བ་བཏབ། །རྣལ་འབྱོར་བདག་ལ་བརྙས་


CMR047_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྨད། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །ནག་པོ་ཆེན་པོས་བསྒྲལ་དུ་གསོལ། །སྲོག་གཅོད་ཚེ་བཏུང་སྙིང་ནས་དྲོངས། །རྣམ་པར་ཤེས་པ་རྟེན་དང་ཕྲོལ། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུང་། །ནང་རོལ་རུས་འཆའ་རྐང་ལ་འཇིབ། །རྩ་དང་ཆུ་རྒྱུས་ཡན་ལག་རྣམས། །སོ་སོར་ཕྲོལ་ཞིང་ཞལ་དུ་བསྟབ། །སྤྱི་བོ་དང་ནི་གསང་བ་ཡི། །རྐང་པའི་མཐིལ་ལ་མ་ཐུག་བར། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། །ཧཱུྃ། ཆོས་སྐྱོང་ཆེན་པོ་ནག་པོ་ཆེ། །ལས་ངན་སྡིག་ཅན་དགྲ་བགེགས་འདི། །སྐད་ཅིག་མགོན་པོའི་ལག་ཏུ་གཏད། །དམ་ཉམས་དགྲ་བོ་ལས་ངན་འདི། །ནག་པོ་ཆེན་པོ་ཁྱོད་ལ་གཏད། །བསྟན་པ་བཤིགས་པའི་དགྲ་བོ་འདི། །ཆོས་སྐྱོང་སྲུང་མ་རྣམས་ལ་གཏད། །ཉེས་བྱེད་དགྲ་བོ་སྡིག་ཅན་འདི། །ཚོགས་ཀྱི་བདག་པོའི་ལག་ཏུ་གཏད། །དགྲ་བགེགས་མིང་དང་གཟུགས་སུ་བྲིས་པ་འདི། །དཔལ་ལྡན་ལྷ་མོའི་ལག་ཏུ་གཏད། །ཁྲམ་དང་ཡོལ་ནས་བྲིས་པ་འདི། །དུར་ཁྲོད་བདག་པོའི་ལག་ཏུ་གཏད། །གཟུགས་དང་མིང་བྱང་བྲིས་པ་འདི། །སྲིན་པོའི་གཟུགས་ཅན་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་


CMR047_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ལྷ་ཡི་དམག་དཔོན་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །རྣལ་འབྱོར་དགྲ་བླའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །དུས་མཐའ་སྟོང་མེད་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཤི་བདུད་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཚེ་ལེན་ནག་པོའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །སྲོག་གཅོད་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །དབུག་ལེན་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཤ་ཟ་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཁྲག་འཐུང་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །རུས་འཆའ་ནག་པོ་ཁྱོད་ལ་གཏད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དགོངས་སུ་གསོལ། །ཁྱེད་ཀྱིས་མི་འདུལ་གང་ཡང་མེད། །ལས་ངན་སྡིག་ཅན་དགྲ་བོ་འདི། །ཕོ་ཉ་ལས་མཁན་ལག་ཏུ་གཏད། །གནོད་བྱེད་དགྲ་བགེགས་ལས་ངན་འདི། །ཆོས་སྐྱོང་མགོན་པོའི་ལག་ཏུ་གཏད། །ཉེས་བྱེད་དགྲ་བོ་སྡིག་ཅན་འདི། །ཕྱོགས་སྐྱོང་བཅུ་ཡི་


CMR047_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་གཏད། །རྣལ་འབྱོར་བདག་ལ་སྡང་བའི་དགྲ། །ལས་མཁན་རྣམས་ཀྱི་ལག་ཏུ་གཏད། །སྡང་བའི་དགྲ་བོ་འདི་རྣམས་ཀུན། །གཤིན་རྗེ་རྣམས་ཀྱི་ལག་ཏུ་གཏད། །ལིངྒ་འདི་ལ་བྲིས་པ་རྣམས། །འཆིང་བྱེད་ནག་པོའི་ལག་ཏུ་གཏད། །གཏད་པ་ཡིན་ནོ་མ་འཆོར་ཅིག །དགྲ་བགེགས་མ་ལུས་མྱུར་དུ་སོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལིངྒ་གཡག་རུ་མི་མངོན་པར་བྱས་ལ། བྲོ་བརྡུང་བ་ནི། ཧཱུྃ། ང་ནི་རྟ་མགྲིན་རྒྱལ་པོ་ཡིན། །ང་ཡིས་མི་འདུལ་གང་ཡང་མེད། །སྟེང་གི་ལྷ་རྣམས་ང་ཡིས་འདུལ། །འོག་གི་ཀླུ་རྣམས་ང་ཡིས་འདུལ། །བར་སྣང་ལྷ་སྲིན་ང་ཡིས་འདུལ། །ང་ཡི་རྐང་པ་གཡས་པས་བྲོ་བརྡུང་བས། །དགྲ་བགེགས་ཕོ་རྒྱུད་རྡུལ་དུ་རློགས། །ང་ཡི་རྐང་པ་གཡོན་པས་བྲོ་བརྡུང་བས། །དགྲ་བགེགས་མོ་རྒྱུད་རྡུལ་དུ་རློགས། །ཧིགཏོར་བྲོ་ཐང་ཅིག་བརྡུང་བ་ཡིས། །འབྱུང་པོའི་སྒལ་ཚིགས་གཅོག་པའི་བྲོ། །གཏོར་བྲོ་ཐང་གཉིས་བརྡུང་བ་ཡིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །གཏོར་བྲོ་ཐང་གསུམ་བརྡུང་བ་ཡིས། །བདུད་རྣམས་ཐལ་བ་རྡུལ་དུ་རློགས། །ད་ནི་བདེན་པའི་དམ་ཚིག་འདི་སྐད་སྒྲོགས། །ཧོ༔


CMR047_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་ལྷ་ཚོགས་བདེན་པ་དང་། །མཁའ་འགྲོ་ཆོས་སྐྱོང་བདེན་པ་དང་། །སློབ་དཔོན་པདྨའི་བདེན་པ་དང་། བདེན་པ་ཆེན་པོས་དམ་སྲི་གནོད་བྱེད་ཐམས་ཅད་སུཾ་བྷ་ཡ། ཨོཾ་ལཾ་ཧཱུྃ་ལཾ། ཨཱལཾ། སུཾ་ལཾ་སུཾ་བྷ་ཡ་ནན། གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་གབ་པ་མངོན་ཕྱུངས་རྫོགས་སོ།། །།གཡག་རུ་ལས་མཐའ་ཟོག་མེད་གཏད་ཁྲམ་ནག་པོ་རྫོགས་སོ།། །།


previousལེགས་ལྡན་མགོན་པོའི་གཡག་རུ་དགྲ་ཆོས་ཀྱི་སྲིད་པའི་དགྲ་བྲུབ་ཀྱི་གཏད་ཁྲམ།next