Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཁ་ཚར་ལས། ཕྱོགས་བཞིའི་དགྲ་ཐུབ་གབ་པ་མངོན་ཕྱུངས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཁ་ཚར་ལས། ཕྱོགས་བཞིའི་དགྲ་ཐུབ་གབ་པ་མངོན་ཕྱུངས།next

གཡག་རུ་དགྲ་ཆོས་ཁ་ཚར་ལས། ཕྱོགས་བཞིའི་དགྲ་ཐུབ་གབ་པ་མངོན་ཕྱུངས།


CMR047_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཁ་ཚར་ལས། ཕྱོགས་བཞིའི་དགྲ་ཐུབ་གབ་པ་མངོན་ཕྱུངས་བཞུགས་སོ།། ཀྱཻ། ལྷ་མི་གཉན་གསུམ་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་ལ་ཆོས། །དམག་དཔོན་མཐུ་ཆེན་ཝེར་མ་ཆོས། །ཁ་འཛིན་ཡེ་བཤེས་དབང་རྫོགས་ཆོས། །རྫོང་མཁན་གོང་རྗེ་དཀར་པོ་ཆོས། །རྟ་ཐོག་སྤྲེལ་དཀར་གསེར་མགོ་ཆོས། །ཁས་གྲག་བསེ་རུ་རྭ་གཅིག་ཆོས། །ཚོང་པ་ཡོལ་པོ་རུ་ལང་ཆོས། །སོ་མཁན་ལྷ་འུ་ལོད་པོ་ཆོས། །སྣ་ཁྲིད་ཕ་བང་ཡ་ཟི་ཆོས། །སྟེང་འབྱིན་རེག་འཇོམས་སྤུན་གསུམ་ཆོས། །གཅོད་མོ་གཙང་པོའི་དམག་ཚོགས་ཆོས། །སྒོ་སྲུང་ཝེར་མ་ལྕམ་དྲལ་ཆོས། །དཔུང་རོགས་དགྲ་བླའི་དམག་ཚོགས་ཆོས། །བསྐོས་མཁན་ཕྱུ་སྲས་བསྒོམ་པོ་ཆོས། །ཕོ་ཉ་ཆོས་སྐྱོང་སྲུང་མ་ཆོས། །ལས་མཁན་ལྷ་སྲིན་སྡེ་བརྒྱད་ཆོས། །རྒྱུག་རོགས་ཡུལ་ལྷ་ཟོ་དོར་ཆོས། །དཔའ་རོགས་མགྲོན་ཡག་བཅུ་གསུམ་ཆོས། །ལྷ་མི་མགོན་གསུམ་དམག་ཚོགས་ཆོས། །ཡུལ་ལྷ་གཞི་བདག་དམག་ལ་ཆོས། །དགྲ་བླ་དམག་ལ་ཆས་ཙམ་ན། །གོ་མདོག་ཉི་མ་ཤར་བ་འདྲ། །མཚོན་མདོག་ཟླ་བ་ཚེས་པ་འདྲ། །ཁྲབ་ཕུབ་བར་སྣང་སྤྲིན་


CMR047_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་འདྲ། །མདའ་མདུང་ནམ་མཁའི་སྐར་ཚོགས་འདྲ། །དར་འཕྲུ་རླུང་དམར་འཚུབ་པ་འདྲ། །བ་དན་མེ་རི་འབར་བ་འདྲ། །འོག་རྟ་རླུང་དམར་ཁྱུག་པ་འདྲ། ཀྱཻ། ད་ནི་དམག་དཔོན་ཤར་དུ་དྲོངས། །ཤར་ཕྱོགས་རྒྱ་ནག་ཡུལ་དུ་དྲོངས། །ཤར་ཕྱོགས་རྒྱལ་པོ་ཆམ་ལ་ཕོབ། །དུ་རུ་ཀ་ཡི་དམག་དཔུང་ཆོམ། །ད་ནི་དམག་དཔུང་བྱང་དུ་དྲོངས། །བྱང་ཕྱོགས་དགྲ་བོ་ཆམ་ལ་ཕོབ། །སེར་པོ་ཧོར་གྱི་དམག་དཔུང་ཆོམ། །ད་ནི་དམག་སྣ་ནུབ་ཏུ་དྲོངས། །ནུབ་ཕྱོགས་དགྲ་བོ་ཆམ་ལ་ཕོབ། །གདུག་པ་མོན་གྱི་དམག་དཔུང་ཆོས། །ད་ནི་དམག་སྣ་ལྷོ་རུ་དྲོངས། །ལྷོ་ཕྱོགས་དགྲ་བོ་ཆམ་ལ་ཕོབ། །ལོག་འདྲེན་འཇང་གི་དམག་དཔུང་ཆོམ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཕྱོགས་བཞི་མཚམས་བརྒྱད་དགྲ་བོ་རྣམས། །ཐམས་ཅད་མ་ལུས་ཆམ་ལ་ཕོབ། །ཆམ་ལ་ཕོབ་ཅིག་རྡུལ་དུ་རློགས། །ཕོ་རིགས་རྣམས་ནི་གན་རྐྱལ་སོད། །མོ་རིགས་རྣམས་ནི་སྒྲུབ་སྟེ་སོད། །ཤིང་འཐུ་རྣམས་ནི་གྱེན་ལ་སོད། །ཆུ་ལེན་རྣམས་ནི་ཐུར་དུ་སོད། །དགྲ་ནོར་སྣ་དགུ་གནང་དུ་ལོངས། །ཐུ་ལེ་རྒྱལ་ལོ་ལྷ་རྒྱལ་ལོ། །ལྷ་མི་མགོན་གསུམ་ཡར་ལ་


CMR047_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །ལྷ་རྒྱལ་ལྷ་ཡི་གྲལ་དུ་ཕྱིན། །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །མི་གྲལ་མི་ཡི་ཡུལ་དུ་ཕྱིན། །འོག་རྟ་བར་སྣང་མགྱོགས་ནས་ཕྱིན། །གོ་ཁྲབ་རྒྱུན་ཐག་དོམ་ནས་ཕྱིན། །གོ་མཚོན་རྣོ་ངར་ཆེ་བས་ཕྱིན། །བ་དན་རླུང་ཁ་ཡག་ནས་ཕྱིན། །བུ་རྟ་གྲ་མ་ཡག་ནས་ཕྱིན། །དམག་དཔོན་ངར་ལ་ཡག་ནས་ཕྱིན། །ལྷ་མའི་དམག་དཔོན་ཚང་ནས་ཕྱིན། །དེ་ལྟར་མི་མགོ་གྲ་མ་ཡག །ཕོ་ལྷ་དཔའ་ཤེད་མ་ཆུང་ཞིག །ཝེར་མ་དཔའ་རྩལ་མ་ཞེན་ཅིག །དྲང་མཁན་རྣོ་ངར་མ་ཆུང་ཞིག །ལྷ་མགོན་ཐུགས་རྗེ་མ་ཆུང་ཞིག །མ་ལྷ་མགོན་སྐྱབས་མ་ཆུང་ཞིག །ཚོ་རྫི་སྲུང་སྐྱོབ་མ་ཞན་ཅིག །མཁའ་འགྲོའི་བྱིན་རླབས་མ་ཆུང་ཞིག །ཡུལ་ལྷ་མཐུ་རོགས་མ་ཞན་ཅིག །ཀི་བསྭ་ཆའོ་ལྷ་རྒྱལ་ལོ། །ཞེས་པའང་མགོན་ནག་གི་ངོར། ཨ་རཱ་གས་བྲིས་པའོ།། །།


previousགཡག་རུ་དགྲ་ཆོས་ཁ་ཚར་ལས། ཕྱོགས་བཞིའི་དགྲ་ཐུབ་གབ་པ་མངོན་ཕྱུངས།next