Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། གླང་ཆེན་སྣ་བསྒྱུར་དགྲ་སྲོག་གཅོད་པ་མཚོན་ཆའི་འཁོར་ལོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། གླང་ཆེན་སྣ་བསྒྱུར་དགྲ་སྲོག་གཅོད་པ་མཚོན་ཆའི་འཁོར་ལོ།next

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། གླང་ཆེན་སྣ་བསྒྱུར་དགྲ་སྲོག་གཅོད་པ་མཚོན་ཆའི་འཁོར་ལོ།


CMR047_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། གླང་ཆེན་སྣ་བསྒྱུར་དགྲ་སྲོག་གཅོད་པ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གླང་ཆེན་སྣ་བསྒྱུར་བྱ་བར་འདོད་པས། །ཕུང་ཤུལ་གྱི་ས་ལ་རི་རབ་དང་། །དྲག་པོའི་ས་ལ་གཞི་བྱས་ནས། །ས་བྲེ་གང་ལ་གླང་ཆེན་བྱ། །རེ་བའི་སྟན་ལ་འཇིམ་པའི་སྒོ། །རམ་རུག་ཚྭ་གཡེར་ཆོ་ཡས་རྣམས། །རོ་དོས་ནང་དུ་བླུགས་ལ་བཀལ། །ཕོ་མོའི་གླུད་ཆངས་སྐྱིད་གཏོར་མ་དང་། །དུད་འགྲོའི་ཀླད་ཀྱང་དེ་བཞིན་བྱ། །དགྲ་སྣ་བསྒྱུར་ན་དམག་མི་དང་། །མཚོན་ཆའི་སྣ་ལ་མདུང་བཅིང་། མཇུག་མར་རལ་གྲི། དམག་དཔོན་མཚོན་ཆ་ཐོགས་པས་དེ་བཞིན་བསྐོར། དགུ་འབུམ་དམག་དང་དཔལ་དང་ལྡན། ཁྱིམ་བསྐྱེད་སྣ་དགུའི་བསྐོར། སྣ་ཁྲིད་རྐང་ཐང་སྐྱེར་མདུང་བཟུང་ལ་ཡམས་སྣ་དགྲ་སྣ་བསྒྱུར་ཅིག་བྱ་གཞན་ཡང་མན་ངག་བཞིན་མཚོན་ཆ་ཡི་གེས་བརྒྱབ། བདག་ཉིད་ཡི་དམ་ལྷ་རུ་བསྒོམ། ཁམས་གསུམ་ཟིལ་གནོན་ཕྱག་རྒྱ་བྱས། སྔགས་དྲུག་ཕྱག་དྲུག་བརྗོད་ནས་ནི། ཧཱུྃ༔ འབྱུང་བ་ལྔ་ནི་ཇི་ལྟར་སྲིད༔ ཟ་བྱེད་ལྔ་དང་འབྱུང་བ་ལྔ༔ ཁྲོ་བོ་ཆེན་པོ་བཅུ་དྲུག་དང་༔ ཁྲོ་མོ་ཆེན་མོ་བཅུ་དྲུག་རོལ༔ ནམ་མཁའ་མཁའ་འགྲོ་ཟ་བྱེད་ཆེ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ སྤྱན་དགུ་ཞལ་བསྒྲད་མཆེ་བ་གཙིགས༔ གཡས་


CMR047_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྡོ་རྗེ་ཁ་ཊཾ་དང་༔ ཌ་རུ་གཡོན་གསུམ་དྲིལ་བུ་དང་༔ ཐོད་ཁྲག་རྒྱུ་ཞགས་ཡུམ་མཐིང་འཁྱུད༔ རྡོ་རྗེ་ཐོད་ཁྲག་དུར་ཁྲོད་ཆས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ ཐམས་ཅད་མི་འདུལ་གང་ཡང་མེད༔ ས་ཡང་རུ་ལུ་རུ་ལུ་སྟེ༔ ས་ནི་ཤིན་ཏུ་ཐེག་པ་ཆེ༔ མེ་ཡང་རུ་ལུ་རུ་ལུ་སྟེ༔ མེ་ཡང་ཤིན་ཏུ་དྲག་ཤུལ་ཆེ༔ ཆུ་ཡང་རུ་ལུ་རུ་ལུ་སྟེ༔ ཆུ་ཡང་རྦ་རླབས་།དྲག་ཤུལ་ཆེ༔ རླུང་ཡང་རུ་ལུ་རུ་ལུ་སྟེ༔ རླུང་ནག་འཁྱིལ་པའི་དྲག་ཤུལ་ཆེ༔ ནམ་མཁའ་རུ་ལུ་རུ་ལུ་སྟེ༔ ཡོངས་ལ་ཁྱབ་པའི་དྲག་ཤུལ་ཆེ༔ སྟོབས་ཆེན་ལྔ་ལྡན་དྲག་ཤུལ་ཆེ༔ བསྐལ་པ་གྲངས་མེད་སྔོན་རོལ་དུ༔ རྒྱལ་པོ་སྨོད་དེ་ཆེན་པོ་ལ༔ རྨོངས་འདྲེ་ཆེན་པོ་གདོན་དུ་ཆེ༔ གསང་བའི་བདག་ལ་འདི་སྐད་ཞུས༔ རྨོང་འདྲེ་ཆེན་པོ་གདོན་དུ་ཆེ༔ ཇི་ལྟར་བྱས་ན་བཟློག་པར་འགྱུར༔ ཕྱག་ན་རྡོ་རྗེས་བཀའ་སྩལ་པ༔ དེ་ལ་བཟློག་ཐབས་འདི་ལྟར་མཆིས༔ རྒྱལ་པོ་ཆེན་པོ་ཟས་སྦྱིན་ཁྱོད༔ ནག་པོ་བདུད་ཀྱིས་ཟིན་པ་ལ༔ བདུད་ནི་མ་ཏྲཾ་རུ་ཏྲ་དང་༔ ཀ་ཀོ་ཏ་ཡི་རུ་ཏྲ་དང་༔ ཨ་ཏ་ཀ་ནི་རུ་ཏྲ་དང་༔ གླང་ཆེན་སྣ་རྣོན་བྱ་བ་དང་༔ དེ་དག་སོ་སོར་བཟློག་པ་ནི༔ བདུད་གླང་ནག་པོ་འཁོར་


CMR047_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འདྲེ་སྲིན་ཡུལ་ཁམས་ཐམས་ཅད་སྡེར༔ ལྕགས་ཀྱི་རྨིག་བཞི་བསྒྲད་པ་ནི༔ ས་གཞི་ཐམས་ཅད་འཁྲུག་པར་བྱེད༔ སྤྱན་མིག་དམར་པོ་གློག་ལྟར་འཁྱུགས༔ ཡི་དྭགས་སྟོང་ཕྲག་སྐམ་རྒྱལ་རྒྱལ༔ ལྕགས་ཀྱི་རལ་པ་གསིགས་པ་ཡིས༔ གདུག་པའི་ཚྭ་ཚྭས་བར་སྣང་ཁེངས༔ ཡོན་ཏན་རྨད་དུ་བྱུང་བའི་གླང་༔ སྤྲུལ་པའི་ཕྱག་རྒྱ་མང་པོ་སྟོན༔ ཡོན་བདག་འཁོར་བཅས་བསྲུང་དུ་གསོལ༔ ཕྱོགས་བཞིས་བདུད་བཞི་བཟློག་ཏུ་གསོལ༔ ཧཱུྃ༔ འབྱུང་བ་ལྔ་ལས་སྐྱེས་པའི་སྟོབས་ཆེན་གླང་༔ ནམ་མཁས་མི་ཁྱབ་གང་ཡང་མེད༔ མེ་ཡིས་ཐམས་ཅད་སྲེག་པར་བྱེད༔ ཆུ་ཡིས་བདག་ཅག་བཀྲུ་བར་བྱེད༔ རླུང་གིས་དང་སྙིག་འབྱེད་པར་བྱེད༔ ས་ནི་རིན་ཆེན་སྐྱེས་པའི་གཞི༔ མཐུ་སྟོབས་ཆེ་བའི་གླང་ཆེན་ཡིན༔ དཔའ་རྩལ་ཆེ་བའི་སེང་གེ་ཡིན༔ གསུང་སྙན་ཆེ་བ་གཡུ་འབྲུག་ཡིན༔ འཛིན་ཆེ་མི་བཏང་ཆུ་བྲིན་ཡིན༔ འབྱུང་བ་ལྔ་ལས་གྲུབ་པའི་གླང་༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གིས༔ མི་ཡི་ནད་དང་ཕྱུགས་ཀྱི་ཡམས༔ མི་མཐུན་རྐྱེན་དང་བར་ཆད་བགེགས༔ མོ་རྩིས་མཚེར་རྩུབ་ལྟས་ངན་རྣམས༔ སྟོབས་ཆེན་གླང་


CMR047_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁལ་དུ་བཀལ༔ དགྲ་སྣ་རྐུན་སྣ་ཇག་སྣ་དང་༔ བག་སྣ་སྐྱེས་སྣ་མགྲོན་སྣ་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་སྒྱུར༔ མོ་ངན་རྨི་ལྟས་ངན་པ་ཡང་༔ ཐམས་ཅད་བསྟན་དགྲའི་སྟེང་དུ་སྒྱུར༔ ཀྱེ༔ སངས་རྒྱས་མཚན་ནི་མར་མེ་མཛད༔ དུས་ཚོད་མིང་ནི་བསྐལ་པ་བཟང་༔ དུས་དང་བསྐལ་པ་དེ་ཙམ་ན༔ གནོད་སྦྱིན་གདོང་ལྔ་བྱ་བ་དེ། གདུག་བྱེད་བན་གླང་སྤྲུལ་པ་འགྱེད༔ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས༔ བཅོམ་ལྡན་འདས་ལ་འདི་སྐད་ཞུས༔ གནོད་སྦྱིན་ནག་པོ་བྱ་བ་དེས༔ བཅོམ་ལྡན་འདས་ཀྱི་མཐུ་སྟོབས་དང་༔ སྔགས་དང་ཕྱག་རྒྱས་བྱིན་རླབས་དང་༔ བདུད་ཀྱི་སྤྲུལ་པ་བཟློག་པའི་ཕྱིར༔ གླང་ཆེན་ས་ལ་རབ་བརྟན་སྤྲུལ་ཡེ་ཤེས་ལྔ་ཡིས་དབུ་ལ་བརྒྱན༔ འོད་ཟེར་སྤྲུལ་པས་སྟེང་འོག་ཁྱབ༔ གླང་བུ་ནག་པོ་བདུད་ཀྱི་གླང་༔ གླང་བུ་དམར་པོ་སྲིན་གྱི་གླང་༔ གླང་བུ་སེར་པོ་གནོད་སྦྱིན་གླང་༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཀག་རིགས་སུམ་བརྒྱ་དྲུག་ཅུ་དང་༔ ལྷ་ཀླུ་གནོད་སྦྱིན་སྲིན་པོའི་གདོན༔ མ་མོ་མཁའ་འགྲོ་ལྟོ་འཕྱེའི་གདོན༔ ཤ་ཟ་སྲུལ་པོ་འབྱུང་པོའི་གདོན༔ མི་མཐུན་རྐྱེན་དང་བར་ཆད་རྣམས༔ བདུད་གླང་


CMR047_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཁལ་དུ་བཀལ༔ ཡམས་སྣ་གྱོད་སྣ་བག་སྣ་དང་༔ མགྲོན་སྣ་སྐྱེས་སྣ་ཐུན་སྣ་དང་༔ མོ་ངན་རྨིས་ངན་བྱད་ཁ་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་སྒྱུར༔ བྷེ་ཏེ་ར་ཙ་ཡ་ཧཱུྃ་ཕཊ༔ ཀྱེ༔ སྔོན་ཚེ་སྲིད་པའི་འཇིག་རྟེན་ན༔ སྣ་ཡོན་ཕོ་ལོ་འཚམ་པའི་བུ༔ སྲིན་གླང་གདུག་པ་སྤུན་གསུམ་བྱུང་༔ ནག་པོ་སྟོབས་ཆེན་བྱ་བ་དང་༔ དམར་པོ་གདུག་ཅན་བྱ་བ་དང་༔ སེར་པོ་ལས་གནོན་བྱ་བ་དང་༔ གདུག་བྱེད་འཁོར་པོ་རྟོགས་འདོད་ཅན༔ མི་སྤྲུལ་དེ་ནི་དགུ་རུ་སྤྲུལ༔ སེམས་ཅན་རྣམས་ལ་གདུག་པ་ནི༔ གོ་ཕུབ་བཙན་པའི་མདུང་རྩེ་བཤིག༔ མཇུག་མར་གནམ་ལྕགས་རལ་གྲི་བཏགས༔ ལྷ་དམག་འུར་སྒྲ་དི་རི་རི༔ གླང་ཆེན་བསོ་སྒྲ་འུ་རུ་རུ༔ རོལ་པའི་བྲོ་སྒྲ་ཆེམས་སེ་ཆེམ༔ འདྲེ་སྲིན་གདུག་པ་ཐུར་དུ་ཟློག༔ འདྲེ་སྲིན་མོ་བརྒྱ་སྤུང་སྟེ་བསད༔ འདྲེ་སྲིན་མོ་བརྒྱ་མནན་ཏེ་བསད༔ ཁྲོ་བོ་བཅུ་ཡིས་བྲོ་ཡང་བརྡུང་༔ དམག་དང་གཡུལ་ལས་རྒྱལ་བའི་གླང་༔ མཐུ་སྟོབས་རྫུ་འཕྲུལ་ལྡན་པའི་གླང་༔ ལྷ་འདྲེའི་དམོད་པ་བཟློག་པའི་གླང་༔ ཕྱོགས་བཞི་མཚམས་བརྒྱད་གང་བའི་གླང་༔ རྫུ་འཕྲུལ་སྟོབས་དང་ལྡན་པའི་གླང་༔


CMR047_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་ཁ་རླངས་སྔོན་པོ་བཏང་༔ ལ་ལས་ཁ་རླངས་དམར་པོ་བཏང་༔ ལ་ལས་ཁ་རླངས་སྨུག་པོ་བཏང་༔ རྭ་ལ་བསྐལ་པའི་མེ་དཔུང་འབར༔ ལྷ་ཡི་གཡུལ་ལས་རྒྱལ་བའི་གླང་༔ ཞེ་སྡང་གནོད་སྦྱིན་སེམས་ལས་སྐྱེས༔ ལྷ་མི་རྣམས་ལ་གནོད་པ་སྐྱེས༔ བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས༔ ཁྲོ་བོ་ཆེན་པོའི་གཟི་བརྗིད་ཀྱིས༔ གནོད་སྦྱིན་ཞེ་སྡང་གདུག་པ་རྣམས༔ འདྲེ་སྲིན་རང་ཡུལ་རང་ལ་སྒྱུར༔ གདུག་བྱེད་རང་མཚོན་རང་ལ་ཟློག༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ མི་ཡི་ནད་དང་ཕྱུགས་ཀྱི་ནད༔ གོད་ཡམས་དང་ནི་དལ་ཡམས་དང་༔ ལོ་ནད་བཙའ་སད་སེར་བ་དང་༔ གློ་བུར་རྐྱེན་རྣམས་བཟློག་ཏུ་གསོལ༔ དེ་ཡང་གླང་ཆེན་སྟོབས་ལྡན་བྱ་བ་དེས༔ ས་ལ་རབ་བརྟན་སྤྲུལ་པའི་སྐུ༔ རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན༔ ཡེ་ཤེས་ལྔ་ཡིས་དབུ་ལ་བརྒྱན༔ རྭ་ལ་བསྐལ་པའི་མེ་ཆེན་འབར༔ གདོན་ཁམས་བཅོ་བརྒྱད་སྲེག་པར་བྱེད༔ སྙན་མཆོག་གཡས་གཡོན་ཁྲོ་ཆུའི་རྫོང་༔ ལྷ་དམག་འབུམ་གྱི་བདུད་ཁམས་འཇོམས༔ སྙིང་ནས་སྲ་བརྟན་རྡོ་རྗེའི་མཁར༔ ལྷ་དམག་བདུད་ལས་རྒྱལ་བའི་རྟགས༔ སྤྱན་མིག་གཡས་


CMR047_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཉི་ཟླ་འདྲ༔ ཉི་བདུད་གཟའ་བཙན་དབང་དུ་བསྡུས༔ ལྕགས་ཀྱི་རྨིག་བཞི་ཐུར་དུ་བསྒྲད༔ བདུད་བཞི་ནན་གྱི་མནན་པར་མཛད༔ རྩིབ་ལོགས་གཡས་གཡོན་གོ་དང་ཕུབ༔ མཇུག་མ་གནམ་ལྕགས་རལ་གྲི་ཡིས༔ དགྲ་བོ་མ་ལུས་དམྱལ་ཐག་གཅོད༔ དགྲ་སྣ་ཡམས་སྣ་གྱོད་སྣ་དང་༔ བག་སྣ་སྐྱས་སྣ་ཐན་སྣ་དང་༔ མོ་ངན་རྨི་ལྟས་ངན་པ་དང་༔ ཐན་སྣ་ངན་པ་ཐམས་ཅད་ཀུན༔ དྲག་ཤུལ་སྟོབས་ལྡན་ཁྱོད་ཀྱིས་སྒྱུར༔ བདུད་གླང་ནག་པོ་བྱ་བ་དང་༔ སྲིན་གླང་ཁམ་པ་བྱ་བ་དང་༔ བཙན་གླང་དམར་པོ་བྱ་བ་དང་༔ གནོད་སྦྱིན་གླང་དམར་བྱ་བ་དང་༔ ཀླུ་གླང་སྟག་རེ་བྱ་བ་དང་༔ སྟོབས་ཆེན་གླང་ལ་ཁལ་དུ་བཀལ༔ དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས༔ མི་མཐུན་གདོན་རྣམས་བཟློག་ཏུ་གསོལ༔ དགྲ་བོའི་ཡུལ་དུ་ཡམས་སྣ་སྒྱུར༔ ཕུང་སྲི་རྨོང་འདྲེ་ཆུང་སྲི་དང་༔ གྲི་བོ་རབས་ཆད་གཞོབ་འདྲེ་དང་༔ ལྟས་ངན་མི་ཁ་བྲ་མཆུ་རྣམས༔ བ་གླང་སྟོབས་ཆེན་འདི་ལ་བཀལ༔ སྡང་བྱེད་དགྲ་ལ་སྲི་སྣ་སྒྱུར༔ དགྲ་བོའི་ཡུལ་དུ་ཡམས་སྣ་སྒྱུར༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ གླང་སྣ་གྲུམ་སྣ་ཕག་སྣ་གསུམ༔


CMR047_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་གླང་གསུམ་ཞེས་བྱ་བས༔ བྱད་ལམ་གང་བུ་བྱ་བ་ན༔ རྟ་ཕོ་སྲབ་བཤལ་ཐུན་སྣ་སྒྱུར༔ གྲོང་གི་ཁྱི་ཕོ་བཤལ་ཐབས་སྒྱུར༔ སྐྱས་སྣ་བག་སྣ་མགྲོན་སྣ་སྒྱུར༔ ཡམས་སྣ་དགྲ་སྣ་བྱད་སྣ་སྒྱུར༔ ཐབ་གཞོབ་འཁོན་དང་ཟུར་སྣ་སྒྱུར༔ སྡང་བྱེད་བསྟན་དགྲའི་ཐོག་ཏུ་སྒྱུར༔ ལོ་སྐག་ཟླ་སྐག་ཞག་སྐག་དང་༔ དུས་ཚོད་ངན་པའི་ཀག་ཉན་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་སྒྱུར༔ ལྟས་ངན་ཡུལ་སྡིག་དགྲ་ལ་སྒྱུར༔ མི་ནད་ཕྱུགས་ནད་ལྟས་ངན་རྣམས༔ གླང་ལ་བཀལ་ཏེ་དགྲ་ལ་སྒྱུར༔ དགྲ་ལ་བཟློག་གོ་མ་ལྡང་ཞིག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ས་མ་ཡ་ཧཱུྃ༔ སྤོ་ཊ་སྤོ་ཊ༔ ཨོཾ་ཨ་མྲྀ་ཏ་ཨ་མྲྀ་ཏ་བྷེ་ར་བྷེ་ར༔ བྷ་ར་བྷ་ར་སྤྲ་བྷ་རེ་བྷི་ཤུདྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ གཞན་ཡང་དྲག་སྔགས་མང་དུ་བརྗོད༔ བྲག་གམ་ས་ལ་གཏད༔ ཡང་ན་དགྲ་ཕྱོགས་འབུལ༔ དམོད་བཅོལ་གདབ༔ དམིགས་པ་དྲག་ཏུ་བྱ༔ གཙུག་ཏོར་རིགས་པའི་རྒྱལ་མོའི་བཟླས་བརྗོད་བྱའོ༔ གཡག་རུ་དགྲ་ཆོས་ཁ་ཚར་ལས་གླིང་ཆེན་སྣ་བསྒྱུར༔ ཨ་རཱ་གས་གསུངས་སོ། །ཞེ་སྡང་ཁོང་ཁྲོ་གོང་ན་རིགས་གཞན་མེད། །མནར་མེད་དམྱལ་བས་འཕངས་ན་འདི་གས་ཆོག །ཅེས་གསུངས་རྒྱ༔


previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། གླང་ཆེན་སྣ་བསྒྱུར་དགྲ་སྲོག་གཅོད་པ་མཚོན་ཆའི་འཁོར་ལོ།next