Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཕགས་པ་འཇམ་དཔལ་གྱིས་མཛད་པའི་མི་ཁ་བྲུབ་པ་དང་བཀར་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousའཕགས་པ་འཇམ་དཔལ་གྱིས་མཛད་པའི་མི་ཁ་བྲུབ་པ་དང་བཀར་བ།next

འཕགས་པ་འཇམ་དཔལ་གྱིས་མཛད་པའི་མི་ཁ་བྲུབ་པ་དང་བཀར་བ།


CMR047_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་གྱིས་མཛད་པའི་མི་ཁ་བྲུབ་པ་དང་བཀར་བ་བཞུགས་སོ།


CMR047_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་ཁ་བཀར་བའི་བཅས་ལ། མི་ལུས་གླང་གི་མགོ་རྭ་ཅོ་ཅན། བྱའི་གཤོག་པ་ཅན། བྲ་བའི་མཆུ་ཅན་བྱས་ལ། རྫ་སྒོག་ནང་དུ་བཞག་ལ། འུག་པ་སྲིན་བྱ་ཕོ་རོག་གང་རུང་གི་སྒྲོ་མགོ་ལ་བཙུགས། སྐྱེར་ཆེར་གྱི་ལྕེ་བྱ། ཝ་དང་སྤྱང་ཀི་ནེ་ཚོ་གསུམ་ལ་ཕ་འང་་་་བྱ་ལ་བཙུགས། གཞན་ཡང་ཁམ་སའི་མི་ལུས་ལ་ཐལ་བས་བྱུག །མགོ་ལ་བྱ་སྒྲོ་བཙུགས། བྲ་བ་དགུ་བྱ། གཞན་ཡང་གླུད་ཡས་ཚང་བར་བསགས་ལ་འདི་སྐད་གྱེར། བྷྱོ༔ མི་ཁའི་ས་དང་ཡབ་སྨོས་པ། །རྒྱ་གྲམ་ལམ་གྱི་ཁུག་སོ་ན། །མི་ཁའི་ཕ་དང་ཡུམ་སྨོས་པ། །སྟོང་ལམ་གྱི་ཁུག་སོ་ན། །དེ་རྣམས་སྲིད་པ་འཕྲུལ་གྱི་བུ། །བུ་ནི་མི་


CMR047_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྤུན་དགུ་བྱུང་། །མི་ལ་སྤུན་དགུའི་མི་ལ་ཟ། །ལག་དགུ་དེ་ནི་མི་ལ་སྙོབས། །རྐང་དགུ་དེ་ནི་མི་ལ་འཕྲ། །མི་ཁ་ར་ཡི་གདོང་པ་ཅན། མི་ཡི་དེ་ནི་ལུས་པོ་ལ། །གླང་གི་དེ་ནི་ར་སྐྱེས་པ། །ཁྲ་བའི་དེ་ནི་མཆུ་ཅན་བཏགས། །བྱ་ཡི་དེ་ནི་གཤོག་པ་ཅན། །མི་ཁ་བྲ་མཆུའི་མིང་ཡང་བཏགས། །མི་ཁ་ཡི་ནི་གནོད་པའོ། །མི་ཁ་དེའི་ཟོར་གཟེའོ། ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །བྲག་དམར་དེ་ནི་རྩེ་རེ་མཐོ། །བྱ་རྒྱལ་རྒོད་པོ་སྐྱིད་རེ་ཆེ། །དེ་སྐད་ཅེས་ནི་ཟེར་བ་ལ། །ཁྲག་དམར་དེ་ནི་རྩེ་རེ་ཉིལ། །རྒོད་པོ་དེ་ནི་གཤོག་པ་ཆད། །ཐང་


CMR047_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རྒོད་པོ་ཐང་ལ་ལྷུང་། །དེ་ཡང་དེ་ནི་མ་རུང་ངོ་། །མི་ཁ་འབྱུང་བ་གཏོ་ཡིས་སྒྱུར། ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གཡུ་ཡི་ཐང་ཤིང་ལྡེམ་པ་ལ། །གསེར་གྱི་སྤྲེའུ་་རྩལ་སོང་ཚེ། །ཡར་ལ་འཛེག་པ་དེ་བདེ་ན། །མར་ལ་འཇོག་ནི་དེ་སྐྱིད་སྐད། །དེ་སྐད་མི་ཁས་ཟེར་བ་ལ། །ཐང་ཤིང་ལྡེམ་པ་རྩེ་ནས་ཆག །སྤྲེའུ་དེ་ནི་ཐང་ལ་ལྷུང་། །དེར་ཡང་མི་ཁ་བྲ་མཆུ་ཡོང་། །མི་ཁ་དེ་ནི་མ་རུང་ངོ་། །མི་ཁ་འབྱུང་བ་དགྲ་ལ་སྒྱུར། །འགལ་བ་ཤ་རུ་མགོ་དགུ་དང་། །ཁྱིམ་བྱ་ཡི་ནི་གསོབ་རྣམས་དང་། །ཐང་དམར་གྱི་ནི་མོ་སྟོང་ལ། །གླང་དམར་དེ་ནི་ཁྲག་གིས་བྱུག །ཐལ་བ་ཡི་ནི་ངར་མི་ལ། །བྱ་སྤུ་དེ་ནི་སྣ་ཚོགས་བཙུགས། །བྱིལ་ཚང་དེ་ནི་སྟོང་པ་ལ། །སྒོང་དགུ་དེ་ནི་མཐུར་ཡང་བཙུགས། །ཐང་ཤིང་དེ་ནི་གྲ་གྲོལ་ལ། །དཀར་ནག་གཉིས་ཀྱི་ཐག་པ་སྦྲེལ། །བྱ་རོག་འུག་པ་ནེ་ཚོ་དང་། །ཝ་དང་སྤྱང་ཀུ་འཕར་བ་གསུམ། །ངོ་དམར་འགྲོ་བའི་ཡས་སུ་བཟང་། །གཏོ་མཁན་རྒྱལ་པོ་བདག་གི་ནི། །འཇམ་དཔལ་གྱི་ནི་བཀའ་ཡང་ཉན། །འཕགས་པའི་རྩིས་ཀྱི་གཞུང་ལ་གཏན། །མི་ཁ་བྲ་མཆུ་བྱུང་བ་རྣམས། །འབྱུང་བ་གཏོ་


CMR047_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གྲ་ལ་སྒྱུར། །མི་ཁ་དེ་ནི་བྲ་མཆུ་དེ། །ཞིང་གི་དེ་ནི་ཐོགས་སུ་ཕྱིན། །ཞིང་ཡང་དེ་ནི་རེ་བཟང་ཅིག །ལྗང་བཀུ་དེ་ནི་རེ་འཐུག་ཅིག །བདག་པོ་དེ་ནི་རེད་ཅེས་སྐད། །དེ་སྐད་ཅེས་ནི་ཟེར་བ་ལ། །ཞིང་ནི་དེ་ལ་སྲིབ་འབུ་ཞུགས། །ལྗང་རྩེ་དེ་ནི་སེར་བས་ཁྱེར། །བདག་པོ་དེ་ནི་ནད་ཀྱིས་བཏབ། །དེར་ཡང་མི་ཁ་བྲ་མཆུ་སོང་། །མི་ཁ་དེ་ནི་མ་རུང་ངོ་། །མི་ཁ་འབྱུང་བ་གཏོ་ཡིས་སྒྱུར། །མི་ཁ་འབྱུང་བ་དགྲ་ལ་སྒྱུར། །ཁྲོལ་གྱི་དེ་ནི་སུམ་མདོར་སོང་། །མི་ཕོ་དེ་ནི་རེ་བཟང་ཅིག །རྟ་ཕོ་དེ་ནི་རེ་མགྱོགས་ཞོན། །དེ་སྐད་ཅེས་ནི་ཟེར་བ་ལ། །རྟ་ཕོ་རྐང་པ་བརྡབ་མཐིང་སོང་། །མི་ཕོ་དེ་ནི་རྟ་ཡི་བརྡབ། །དེ་ཡང་མི་ཁ་བྲ་མཆུ་སོང་། །མི་ཁ་དེ་ནི་མ་རུང་ངོ་། །མི་ཁ་འབྱུང་བ་དགྲ་ལ་སྒྱུར། །ཕྱུག་པོ་དེ་ཡི་སྒོ་རྩར་ཕྱིན། །བུ་མོ་དེ་ནི་རེ་བཟང་ཞིག །གསེར་གཡུ་དེ་ནི་བཀྲག་རེ་བཟང་། །དེ་སྐད་ཅེས་ནི་ཟེར་བ་ལ། །བུ་མོ་དེ་ནི་ནད་ཀྱིས་བཏབ། །གསེར་གཡུ་དེ་ནི་ཡོང་དང་བྲལ། །དེ་ཡང་མི་ཁ་བྲ་མཆུ་སོང་། །མི་ཁ་འབྱུང་བ་མ་རུང་ངོ་། །མི་ཁ་འབྱུང་བ་དགྲ་ལ་སྒྱུར། །ཡང་མི་མོ་དེ་ནི་གཞོན་ནུ་གཅིག །


CMR047_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་རྣམས་བཞོ་བའི་རྩ་རུ་ཕྱིན། །མི་མོ་དེ་ནི་རེ་བཟང་ཞིག །མཛོ་མོ་དེ་ནི་ཞོ་རེ་ཆེ། །དེ་སྐད་ཅེས་ནི་ཟེར་བ་ལ། །བུ་མོ་དེ་ནི་ནད་ཀྱིས་བཏབ། །མཛོ་མོ་དེ་ནི་རི་ལ་ཡར། །དེ་ཡང་མི་ཁ་བྲ་མཆུ་སོང་། །མི་ཁ་དེ་ནི་མ་རུང་ངོ་། །མི་ཁ་དེ་ནི་དགྲ་ལ་སྒྱུར། །དགྲ་ལ་བསྒྱུར་ནས་བཏང་བ་དང་། །ལ་ཁ་མཐོན་པོ་ཞིག་ཏུ་སོང་། །ཇག་པ་ཞིག་དང་ལ་ཁར་འཕྲད། །ཇག་པ་ལ་ནི་མི་ཁ་བབ། །ཆུ་གསུམ་དེ་ནི་མདོ་རུ་སོང་། །གླ་བ་དེ་ནི་མི་ཁས་ཁྱེར། །ལམ་གསུམ་དེ་ནི་རྒྱ་གྲམ་དུ། །ཚོང་ས་དེ་ནི་མི་ཁས་ཁྱེར། །འཕང་ར་དེ་ནི་འཚོགས་སར་ཕྱིན། །བུ་མོ་ཤར་མོ་མི་ཁས་ཁྱེར། །མི་ཁ་ཡི་ནི་ཡས་བསགས་པ། །འཕྲུ་ཚུང་ད་ནི་ལྡེམ་པ་བཙུགས། །ལམ་གྱི་རྒྱ་གྲམ་མདོ་དེར་བསྐྱལ། །དེ་ནས་མི་ཁའི་རྒྱལ་མོ་ཁྱོད། །འགལ་བ་ཁ་ནག་རྟ་ལ་སྐྱོན། །མི་ཁ་སྣ་ཚོགས་ཡས་སུ་བསགས། །མི་ཁའི་ཡས་ནི་རང་གཏོ་འདི། །ཁྱིམ་སྒོ་ལམ་སྲང་འདི་དག་ཏུ། །མ་ཉེས་ཁ་ཡོག་གྱོད་མ་ལྡང་། །མི་ཁ་དེ་ནི་བྲ་མཆུ་རྣམས། །སྡང་བ་དགྲ་ཡི་ཐོག་ཏུ་སྒྱུར། །གནོད་པའི་བགེགས་ཀྱི་སྟེང་དུ་སྒྱུར། །ཀོང་ཙེ་འཕྲུལ་རྒྱལ་བྱིན་བརླབས་


CMR047_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །མི་ཁའི་རྫས་དང་ཡས་བསགས་པ། །ཁྱོད་ཀྱི་ལག་ཏུ་རྫོངས་སུ་རྫོངས། །ཡས་དང་སྟགས་ལ་གཤེགས་སུ་གསོལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱིས། །མི་ཁ་ཡེ་འདྲོགས་དགྲ་ལ་བྷྱོ། །དང་པོ་མི་ཁ་གང་ནས་བྱུང་། །བར་དུ་མི་ཁ་གང་དུ་བཅས། །ཐ་མར་མི་ཁ་གང་དུ་གནས། །དེ་ནས་མི་ཁ་གང་དུ་བྷྱོ། །དེ་ནས་མི་ཁ་བྲ་མཆུ་ལ། །དེ་ནས་བློ་བ་གང་དུ་བྷྱོ། །སྔོན་གྱི་དེ་ནི་དུས་ཚོད་དུ། །རྒྱལ་པོ་དེ་ནི་དོན་འགྲུབ་ལ། །ལྷ་སྦྱིན་ལ་སོགས་བདུད་རྣམས་ཀྱིས། །མི་ཁ་བྲ་མཆུ་བསྡུས་པ་ལ། །ཐབ་ལ་མཁས་པ་འཇམ་དཔལ་གྱིས། །མི་ལོ་བརྒྱད་ལོན་པའི་རྒྱལ་པོར་སྤྲུལ། །མི་ཁ་སྣ་ཚོགས་ཡས་བསགས་ནས། །མི་ཁ་སྣ་ཚོགས་བོར་ནས་བཏང་། །རྒྱལ་བུ་དོན་འགྲུབ་འཁོར་བཅས་རྣམས། །མི་ཁ་དག་ལས་ཐར་བ་བཞིན། །དེ་བཞིན་མི་ཁ་དག་ལས་ཐར་གྱུར་ཅིག །དང་པོ་མི་ཁ་དེ་ལྟར་བྱུང་། །བར་དུ་མི་ཁ་དེ་ལྟར་བཅས། །རྒྱལ་པོ་བློན་པོ་དེ་ལ་བཅས། །སྐྱེ་བོ་ཡོངས་ཀྱི་མི་ཁ་འདུས། །རྨིས་ལྟས་མཚན་མ་ངན་པ་དང་། །རྒྱལ་པོ་ཆེན་པོ་ཐུགས་འཁྲུགས་ནས། །ཐབ་ལ་མཁས་པ་འཇམ་དཔལ་


CMR047_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །མི་ཁ་ཡི་ནི་ཡས་བསགས་ནས། །ལམ་གྱི་དེ་ནི་གཞི་མདོར་བསྐྱལ། །རྒྱལ་པོ་མི་ཁ་དག་ལས་ཐར། །དེ་བཞིན་རྒྱུ་སྦྱོར་ཡོན་བདག་རྣམས། །མི་ཁ་དག་ལས་ཐར་གྱུར་ཅིག །པ་གོར་བེ་རོ་ཙ་ན་ལ། །རྒྱ་གར་ཡོངས་ཀྱི་མི་ཁ་འདུས། །མཚན་ལྟས་ངན་པ་སྣ་ཚོགས་བྱུང་། །སློབ་དཔོན་ཤྲཱི་སིང་ཧ་ཡི། །མི་ཁ་བྲ་མཆུ་ཡས་བསགས་ནས། །ལམ་གྱི་དེ་ནི་གཞི་མདོར་བོར། །པ་གོར་བེ་རོ་ཙ་ན་ཡང་། །མི་ཁ་དག་ལས་ཐར་བ་བཞིན། །དེ་བཞིན་རྣལ་འབྱོར་བདག་ཅག་ཀྱང་། །མི་ཁ་དག་ལས་ཐར་གྱུར་ཅིག །དེ་ནས་མི་ཁ་གང་ནས་བྱུང་། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །བློན་པོ་ཡོངས་ཀྱི་མི་ཁ་འདུས། །མཚན་གསུམ་མི་ཁ་སྣ་ཚོགས་རྨིས། །ཉིན་གསུམ་རྒྱལ་པོ་ཐུག་འཁྲུགས་ནས། །ཡིད་ཀྱང་དེ་ནི་གྱེས་ཏེ་སོང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མི་ཁ་སྣ་ཚོགས་ཡས་བསགས་ནས། །ལམ་གྱི་དེ་ནི་གཞི་མདོར་བོར། །རྒྱལ་པོ་མི་ཁ་དག་ལས་ཐར་བ་བཞིན། །བདག་ཀྱང་མི་ཁ་དག་ལས་ཐར་གྱུར་ཅིག །དེ་བས་མི་ཁ་གང་དུ་བཅས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ཁ་བྲ་མཆུ་འདུས་སོ་ཟེར།


CMR047_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྔགས་འཆང་བདག་གིས་ཀྱང་། །མི་ཁ་སྣ་ཚོགས་ཡས་བསགས་ནས། །ལམ་གྱི་དེ་ནི་གཞི་མདོར་བོར། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །མི་ཁ་དག་ལས་ཐར་གྱུར་ཅིག །ཅི་བསམ་ཐམས་ཅད་འགྲུབ་གྱུར་ཅིག །ཐ་མ་མི་ཁ་གང་དུ་འདུས། །ཁྱད་མ་རྒུད་དང་བཀྲ་མི་ཤིས། །བསྒྲེན་ངན་ཡོད་པ་མི་ལ་གནས། །བྲ་མཆུ་བཀྲ་མི་ཤིས་པ་སྟེ། །ཡ་ཆ་བཏབ་བསྣོལ་སྣ་ཚོགས་གཏོང་། །མི་ཁ་བྲ་མཆུ་སྣ་ཚོགས་མཐུ་རྩལ་ཅན། །བྲག་ལ་ཐུག་ན་རྩད་ནས་ཉིལ། །མཚོ་དང་ཐུག་ན་གཏིང་ནས་སྐམ། །མི་དང་ཐུག་ན་ཡ་ཆ་བྱེད། །མི་ཁ་ཐབ་བསྣོལ་སྣ་ཚོགས་བྱེད། །སྐྱེ་བོའི་སྲོག་ལ་བསྒོལ་བར་བྱེད། །རྡོ་རྗེ་ལྟ་བུར་སྲ་མཁྲེགས་ཀྱང་། །མི་ཁས་མྱུར་དུ་འཇིགས་པར་བྱེད། །དེ་བས་མི་ཁ་ཡ་མཚན་ཅན། །དེ་བས་མ་འདུག་གཞན་དུ་སོང་། །དེ་ནས་ཁ་ཕྱིར་བསྒྱུར་ལ། ད་ནི་མི་ཁ་གང་དུ་བྷྱོ། །བྷྱོ་བྷྱོ་དགྲ་ཡི་སྟེང་དུ་བྷྱོ། །བཀྲ་མི་ཤིས་པའི་བྱད་ཁ་སྒྱུར། །མོ་ངན་རྨི་ལམ་ངན་པ་སྦྱོ། །མཁའ་ལྟར་འགྲིལ་ལ་རྦབ་ལྟར་སྒྲོལ། །སྔགས་འཆང་བདག་གིས་བཀའ་མ་བཅག །དཀོན་མཆོག་གསུམ་གྱི་དམ་མ་


CMR047_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲལ། །དེ་བས་མི་ཁ་གང་དུ་བྷྱོ། །ཁྱིམ་སྒོ་ལམ་སྲང་འདི་དག་ཏུ། །ཕ་དང་ཁུ་བོར་བདུད་ལང་སྟེ། །ཕ་ཚན་རྒྱབ་འདྲེ་བྱུང་བ་ན། །ཕ་ཚན་གཞན་ལ་བྷྱོ་སྟེ་བཏང་། །ཕ་ཚན་གཞན་ལ་མི་བློ་རྒྱུས། །དང་པོ་མཉེས་པོ་ཅིག་གི་ཆུད། །དེ་བས་ཁྱིམ་ཅིག་ཁྱིམ་དུ་འགྲོ། །བུ་ཅིག་བུ་ལ་བཟང་ངན་མེད། །དེ་བས་ཕ་ཚན་གཞན་དུ་བྷྱོ། །དེ་ནས་བྷྱོ་བ་གང་དུ་བྷྱོ། །ཁྱིམ་སྒོ་ལམ་སྲང་འདི་དག་ཏུ། །ཇོ་བོ་རྗེ་ཡི་བཀའ་བྱུང་ནས། །ཕུར་ཁྱིམ་ཡོད་ལ་གང་བྱུང་ནས། །ཕུ་ནུ་མི་ཡི་ནང་དུ་བྷྱོ་ཏེ་བཏང་། །ཕུ་ནུ་མི་དང་རུས་རིག་རྣམས། །དང་པོ་ཇོ་བོ་གཅིག་གི་འབངས། །ད་ལྟར་མཛའ་གྲོགས་ཅིག་གི་བྱེད། །ཇོ་འབངས་ཅིག་ལ་ཉེ་རིང་མེད། །དེ་བས་ཕུ་ནུའི་ནང་དུ་བྷྱོ། །སྲིད་སྡེའི་རྒྱབ་འདྲེ་བྱུང་བ་ན། །སྲིད་སྡེའི་རྒྱབ་འདྲེ་དགྲ་ལ་བྷྱོ། །སྲིད་སྡེ་ནང་དུ་མི་བྷྱོ་རྒྱུས། །དང་པོ་ཐ་ཚིག་ཅིག་ཏུ་བྱས། །ད་ལྟར་བླ་འདྲིལ་ཅིག་ཏུ་བྱས། །གྲོགས་ཅིག་མི་ལ་བཟང་ངན་མེད། །དེ་བས་སྲིད་སྡེ་ནང་དུ་བྷྱོ། །དེ་ནས་མི་ཁ་གང་དུ་བྷྱོ། །ཁྱིམ་སྒོ་ལམ་སྲང་འདི་དག་རུ། །གྲོང་པའི་ནང་ནས་ཤག་ཁ་བྱེད། །ཁྱིམ་ཚེས་ནང་དུ་བྱོལ་པོ་བྱུང་། །


CMR047_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ཚེས་ནང་དུ་བྱོལ་ཏེ་བཏང་། །ཁྱིམ་ཚེས་ནང་དུ་མི་བྷྱོ་རྒྱུས། །ཆུ་དང་རྫས་རྣམས་ལྷན་ཅིག་བཞིན་དུ་བྱེད། །དེ་བས་ཁྱིམ་ཚེས་མི་ལ་བྷྱོ། །ད་ནི་མི་ཁ་གང་དུ་བྷྱོ། །ན་མཉམ་ཚེ་མཉམ་བྱོལ་བྱུང་ན། །ན་མཉམ་ཚེ་མཉམ་སྟེང་དུ་བྷྱོ། །ན་མཉམ་ཚེ་མཉམ་ཐོག་ཏུ་མི་བྷྱོ་རྒྱུས། །མཐུན་པའི་མོ་ལས་ཅིག་ལས་ཀྱིས། །ཆུང་དུས་རྩེ་རོག་འདུས་སྟག་ཅིག །ཆོ་ཅིག་གི་མི་ལ་བཟང་ངན་མེད། །དེ་བས་ན་མཉམ་ཐོག་ཏུ་བྷྱོ། །ད་ནི་མི་ཁ་གང་དུ་བྷྱོ། །ས་བདག་རྭ་ཙ་དེ་ལ་བྷྱོ། །ཞང་བློན་འགྲོག་པ་དེ་ལ་བློ། །ཕུར་ཁྱིམ་སྲི་སྡེ་དེ་ལ་བྷྱོ། །བན་ཡར་ཁོལ་པོ་དེ་ལ་བློ། །ཡང་ན་འོག་གི་རྟ་ལ་བྷྱོ། །ཡང་ན་སྒོ་ཁྱི་བཤས་ལ་བྷྱོ། །ཡང་ན་ཞིང་གི་མུ་ལ་བྷྱོ། །དགྲ་དང་བགེགས་ཀྱི་ཐོག་ཏུ་བྷྱོ། །གནོད་བྱེད་འབྱུང་པོའི་ཐོག་ཏུ་བྷྱོ།། །ད་ནི་བྱོལ་རྣམས་བཏང་བའི་དུས་ལ་བབ། །མི་ཁ་བྲ་མཆུ་དགྲ་ལ་བྷྱོ། །སྡང་བའི་དགྲ་ལ་སྦྱོ་བའི་ཚེ། །ཡུལ་མཁར་ཁྱིམ་ཡང་བཤིག་པར་བྱེད། །ཞིང་ལ་ལོ་ནི་གཏན་མི་སྐྱེ། །བུ་ཚ་བདུན་རྒྱུད་རྩད་ནས་གཅོད། །གནོད་པའི་བགེགས་ལ་སྦྱོ་བའི་ཚེ། །གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག །བྱི་ན་ཡ་ཀ་


CMR047_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་ཞིང་འདར། །མི་མཐུན་རྐྱེན་ངན་དགྲ་ལ་བྷྱོ། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་སྦྱོ། །ཤ་ཕོ་རུ་འཛིང་བདུད་ལ་བྱོལ། །དེ་ཡང་སྡང་བའི་དགྲ་ལ་བློ། །བྱ་རོག་སྡེར་འཛིང་དམུ་ཡི་བྱོལ། །དེ་ཡང་སྡང་བའི་དགྲ་ལ་བྷྱོ། །གཡག་པོ་སྙིང་འཛིང་བཙན་གྱི་བྱོལ། །དེ་ཡང་སྡང་བའི་དགྲ་ལ་བྷྱོ། །གོད་ཀ་རྨིང་གཞི་ཀླུ་ཡི་བྱོལ། །དེ་ཡང་སྡང་བའི་དགྲ་ལ་སྦྱོ། །སྲིད་པའི་འདྲེ་དགུ་འུབ་ཆུད་ཟུག །བདུད་ཀྱི་རྒྱལ་པོས་མཚན་ལྟས་ཡིན། །དེ་ཡང་སྡང་བའི་དགྲ་ལ་བྷྱོ། །ཐོ་རས་འུག་པ་རྒད་མོ་བྱེད། །འགོང་པོ་ཀུན་གྱི་མཚན་ངན་ཡིན། །དེ་ཡང་སྡང་བའི་དགྲ་ལ་བྷྱོ། །དགོང་ཀ་གླ་བ་བསློས་སུ་བྱུང་། །རོག་པ་བཙན་གྱི་མཚན་ལྟས་ཡིན། །དེ་ཡང་སྡང་བའི་དགྲ་ལ་བྷྱོ། །ལྟས་ངན་བརྒྱད་ཅུ་རྩ་ཅིག་ཡང་། །དེ་ཡང་སྡང་བའི་དགྲ་ལ་བྷྱོ། །མི་ཁ་བྲ་མཆུ་དགྲ་ལ་བྷྱོ། །མི་ཁ་བྲ་མཆུ་མཱ་ར་ཡ་ནན། བྷྱོ་བྷྱོ་ཟློག་ཟློག །བྷྱོ་མི་ཁ་ཧུར་ཐུམ་མཱ་ར་ཡ་རྦད་རྦད་དྲིལ་དྲིལ་ཐུམ་ཐུམ་ཤིག་ཤིག་བྷྱོ་བྷྱོ་ཟློག་ཟློག །ལམ་རྒྱ་གྲམ་དགྲ་ཕྱོགས་སུ་བསྐྱལ། སུམ་བྷ་ནི་བརྗོད། བསྐྲད་སྔགས་དང་རྦད་སྔགས་བཟླས་སོ། །སརྦ་མངྒ་ལཾ།། །།


previousའཕགས་པ་འཇམ་དཔལ་གྱིས་མཛད་པའི་མི་ཁ་བྲུབ་པ་དང་བཀར་བ།next