Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། དགྲ་བླའི་གནང་བགོས་རྟེན་འབྲེལ་ལེགས་ཚོགས་ངོ་མཚར་ཆེ་བའི་དགའ་སྟོན་གྱི་ཨུ་པ་དེ་ཤ
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། དགྲ་བླའི་གནང་བགོས་རྟེན་འབྲེལ་ལེགས་ཚོགས་ངོ་མཚར་ཆེ་བའི་དགའ་སྟོན་གྱི་ཨུ་པ་དེ་ཤnext

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། དགྲ་བླའི་གནང་བགོས་རྟེན་འབྲེལ་ལེགས་ཚོགས་ངོ་མཚར་ཆེ་བའི་དགའ་སྟོན་གྱི་ཨུ་པ་དེ་ཤ


CMR047_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། དགྲ་བླའི་གནང་བགོས་རྟེན་འབྲེལ་ལེགས་ཚོགས་ངོ་མཚར་ཆེ་བའི་དགའ་སྟོན་གྱི་ཨུ་པ་དེ་ཤ་བཞུགས་སོ།།


CMR047_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཟུགས་འགྲོས་རྣམས་ཚིག་རིས་ལྟར་བགོ་བའི་ཚུལ་བྱས་ལ། ལྷ་མི་ཐམས་ཅད་ཀྱིས་གནང་བགོས་པར་བསམས་ལ། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །གནང་བགོས་བྱེད་པ་གར་སྲིད་ན། །སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །ངམ་གྱི་ཡུལ་དུ་དམག་དྲངས་པས། །ངམ་རྗེ་རྩོལ་པོའི་ཆོས་བློན་ནས། །ཝེར་མ་བུ་ཆེན་གར་མཁན་དེས། །ཡུལ་གསེར་གླིང་གོང་ནས་གནང་བགོས་བྱས། །གནང་བགོས་བྱེད་པ་དེ་ནས་སྲིད། །བསྐལ་པ་དེ་ཡི་འོག་ཤེད་ན། །གནང་བགོས་བྱ་བ་གར་སྲིད་ན། །ཐུགས་ཀར་བུ་དགུ་ཕ་བཅུ་དེས། །ཐུགས་དམར་བུ་དགུ་ཆམ་ལ་ཕབ། །དཀར་ལ་


CMR047_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་དྲག་དང་པོ་དེས། །ཡུལ་དཀར་མོ་གླིང་ནས་གནང་བགོས་བྱས། །གནང་བགོས་བྱེད་པ་དེ་ནས་སྲིད། །བསྐལ་པ་དེ་ཡི་འོག་མ་ལ། །གནང་བགོས་བྱེད་པ་གར་སྲིད་ན། །ལྷ་ཚ་བུ་དགུ་བྱ་བ་དེས། །སྲིན་ཚ་བུ་དགུ་ཆམ་ལ་ཕབ། །དཔའ་ཁས་དྲག་ནོར་བུ་དབང་རྒྱལ་དེས། །ཡུལ་གཡུ་འོད་གོང་ནས་གནང་བགོས་བྱས། །གནང་བགོས་བྱེད་པ་དེ་ནས་སྲིད། །བསྐལ་པ་དེ་ཡི་ཐ་མ་ལ། །གནང་བགོས་བྱེད་པ་གར་སྲིད་ན། །བོད་མིའུ་གདུང་དྲུག་བྱ་བ་དེས། །གཉེན་བདུད་གཉིས་ཀྱི་ཆོས་ལོན་ནས། །གདོང་གི་རྒྱལ་བུ་མཐིང་གེ་དེས། །བོད་


CMR047_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བཞིའི་ཡུལ་དུ་གནང་བགོས་བྱས། །གནང་བགོས་བྱེད་པ་དེ་ནས་སྲིད། །སྲིད་པ་དེ་ལ་དཔེ་བླང་ནས། །བདག་ལྷ་མི་འཁོར་དང་བཅས་པ་ཡི། །དེ་རིང་སྐྱིད་པའི་ཉི་མ་ཡི། །དགྲ་སོད་གནང་བགོས་གྲོ་མ་ཡག །ཆོས་ལོན་བསམ་པའི་དོན་དང་ལྡན། །དགྲ་བླའི་གནང་བགོས་བྱེད་རེ་རན། །དཔའ་ཁས་གྲགས་བསེ་རུ་ར་གཅིག་དང་། །མགྱོགས་བྱེད་རླུང་གི་གཤོག་ཆེན་གཉིས། །ད་ནི་དགྲ་བླའི་གནང་བགོས་གྱིས། །དམ་ཉམས་དགྲ་བོ་བསད་པ་ཡི། །ཁྲབ་རྨོག་ཉ་མོ་སྟོང་རྫོང་དེ། །རྒྱལ་བུ་མཐིང་གེས་གནང་སྐལ་གྱིས། །བསེ་ཕུབ་འཁོར་མོ་གླིང་ཆེན་དེ། །ཡབ་ལྷ་བརྡལ་དྲུག་གནང་སྐལ་གྱིས། །སྟག་རས་གཟིག་ཤུབས་འཁོར་གསུམ་དེ། །ཡེ་སྨོན་རྒྱལ་པོའི་གནང་སྐལ་གྱིས། །འོག་རྟ་སྒ་སྲབ་བལ་སྟན་བཅས། །ཡེ་བཤེས་དབང་རྫོགས་གནང་སྐལ་གྱིས། །དམག་རྔ་སྟོང་གསུམ་སྒྲ་སྒྲོག་དེ། །ཐུགས་ཀར་སློབ་དཔོན་གནང་སྐལ་གྱིས། །དམག་དར་ཁྲ་མོ་ལིང་དགུ་དེ། །མཐུ་ཆེན་ཝེར་མའི་གནང་སྐལ་གྱིས། །དམག་དུང་དཀར་མོ་རྒྱང་གྲགས་དེ། །ཐུགས་ཀར་བུ་དགུའི་གནང་སྐལ་གྱིས། །དམག་གླིང་སྙན་པའི་རྒྱ་གླིང་


CMR047_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །ལྷ་ཚ་བུ་དགུའི་གནང་སྐལ་གྱིས། །དམག་གི་རྔ་ཐུག་དར་མདུང་དེ། །མཐུ་ཆེན་ཝེར་མའི་གནང་སྐལ་གྱིས། །འགྲོས་མཁན་བཅུ་གསུམ་འོག་རྟ་དེ། །མགྲོན་ཡག་བཅུ་གསུམ་གནང་སྐལ་གྱིས། །དགྲ་སོ་ཕ་མི་དགུའི་ཀ་ཆ་དེ། །བྱོས་དེ་ཐུབ་སྤུན་དགུའི་གནང་སྐལ་གྱིས། །གནང་མ་ཐོབ་པ་ལ་གཅིག་ཀྱང་མེད། །གསེར་ཉི་མ་ཙམ་ལ་བཅུ་གསུམ་དང་། །ཤེལ་སྐར་མ་ཙམ་ལ་བཅུ་གསུམ་དང་། །དངུལ་ཟླ་བ་ཙམ་ལ་བཅུ་གསུམ་དང་། །གཡུ་ཕུག་རོན་ཙམ་ལ་བཅུ་གསུམ་དང་། །དུང་ལུ་གུ་ཙམ་ལ་བཅུ་གསུམ་དང་། །དར་ཐང་ཆེན་ཙམ་ལ་བཅུ་གསུམ་དང་། །སྡེ་གཡས་རུ་སྟོང་དང་ཉིས་བརྒྱ་དང་། །གཡོན་རུ་སྟོང་དང་ཉིས་བརྒྱ་དང་། །སྡེ་དབུས་རུ་སྟོང་དང་སུམ་བརྒྱ་དང་། །བུ་ཕོ་རྒྱུད་རྟ་ནོར་ལུག་དང་བཅས། །མོ་རྒྱུད་ཁང་ཞིང་བང་མཛོད་བཅས། །གདུང་དྲུག་ལྷ་མིའི་དགྲ་བླ་ཡིས། །མ་བགོས་སྤྱི་ཡི་གནང་སྐལ་གྱིས། །རྟ་ཁྱུ་ཆེན་ཉི་ཤུ་རྩ་ལྔ་དང་། །དྲེའུ་ཁྱུ་ཆེན་ལྔ་གསུམ་བཅོ་ལྔ་དང་། །མཛོ་ཁྱུ་ཆེན་དྲུག་གསུམ་བཅོ་བརྒྱད་དང་། །ནོར་ཁྱུ་ཆེན་སུམ་ཅུ་སོ་ལྔ་དང་། །ལུག་ཁྱུ་ཆེན་བཞི་བཅུ་ཞེ་ལྔ་


CMR047_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ར་ཚེ་རེ་བཞི་བརྒྱ་རྩ་བཞི་དང་། །བ་བོང་བུ་ཉིས་བརྒྱ་ལྔ་བཅུ་དང་། །རྔ་མོང་མ་ཧེ་སུམ་བརྒྱ་ཐམ། །ལྷ་རྟ་ངང་པ་གསེར་ལྡན་དེ། །ས་མཁན་ལྷའུ་ལོད་པོའི་་གྱིས། །ས་མ་ནོར་བ་ཡི་དགའ་སྟོན་གྱིས། །ལྷ་གཡག་དཀར་པོ་ཞུར་ཅན་དེ། །སྣ་ཁྲིད་སྤྲེལ་དཀར་གསེར་མགོའི་གྱིས། །ལམ་འགགས་པ་མ་འོངས་དགའ་སྟོན་གྱིས། །ལྷ་ལུག་དཀར་པོ་བོང་མིག་དེ། །ཁས་དྲག་བསེ་རུ་རྒྱལ་པོའི་གྱིས། །གྲོས་འདུན་མ་ལེགས་པའི་དགའ་སྟོན་གྱིས། །དགྲ་གསོད་རྣམས་ལ་དཔའ་དར་སྦྱིན། །རྟ་མགྱོགས་པ་རྣམས་ལ་མགྱོགས་དར་སྦྱིན། །རྟ་ནོར་ཕྱུགས་ལུག་ཡོ་བྱད་རྣམས། །བགོས་ལ་ལེགས་ཉེས་མེད་པར་གྱིས། །གྲངས་ལ་མང་ཉུང་མེད་པར་གྱིས། །གདུང་དྲུག་ལྷ་མི་ཐམས་ཅད་ལ། །ཐོབ་ཐང་གྲངས་ཀ་མ་ནོར་ཅིག །གཞི་བྱེས་ལམ་གསུམ་ཐམས་ཅད་དུ། །བགོས་པའི་གྲངས་ཁ་མ་ནོར་ཅིག །གཡས་ཕ་སྤུན་གྱི་གནང་སྐལ་རྟ་ལ་གྱིས། གཡོན་མཉེས་སྤུན་གནང་སྐལ་ནོར་ལ་གྱིས། །འོག་སྡེ་སྲིད་གནང་སྐལ་ལུག་ལ་གྱིས། །དྲེའུ་མཛོ་རྔ་མོང་བ་ར་སོགས། །དགྲ་ནོར་ལྷག་ལུས་མེད་པར་བགོས། །དེ་ལྟར་


CMR047_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བགོས་བྱས་ནས་ཀྱང་། །དགྲ་བླ་ངོ་སོ་མཐོ་བ་ཡིན། །ཝེར་མ་དཔའ་རྟགས་གྲགས་པ་ཡིན། །མི་ངོ་དུང་བས་དཀར་བ་ཡིན། །ལྷ་ཞལ་ཟླ་བས་གསལ་བ་ཡིན། །དགྲ་བླས་གང་བ་ལོན་པ་ཡིན། །བཀའ་སངས་རྒྱས་བསྟན་པ་དར་བ་ཡིན། །འགྲོ་ཀུན་བདེ་ལ་བཀོད་པ་ཡིན། །བསམ་པ་ཡིད་བཞིན་འགྲུབ་པ་ཡིན། །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཞེས་བརྗོད་གཡག་རུ་དགྲ་ཆོས་ཁ་ཚར་ལས། །དགྲ་བླའི་གནང་བགོས་ཆེན་མོ་འདི། །རྟེན་འབྲེལ་ལེགས་ཚོགས་དགའ་སྟོན་ཆེ། །བོད་ཁམས་ལྷ་མི་ཐམས་ཅད་ཀྱིས། །ལར་རྟེན་འབྲེལ་ལེགས་ཚོགས་ཆེ་བའི་ཕྱིར། །དམག་ཇག་ལིང་གསུམ་དགྲ་བྲུབ་སོགས། །ཤག་འདེབས་ཆོས་རྩོད་མཐུ་བྱེད་སོགས། །དྲག་པོའི་བྱ་བ་ཐམས་ཅད་ལ། །རྟེན་འབྲེལ་གལ་དུ་ཆེ་བའི་ཕྱིར། །གནང་བགོས་མེད་ན་དགྲ་བླ་སྐྱེངས། །གནང་བགོས་བྱས་ན་དགྲ་བླ་དགྱེས། །འདི་ནི་ངེས་པར་གཙོ་ཆེ་བས། །ལེགས་ལྡན་དགྲ་བྲུབ་ཐུགས་ཀར་དགྲ་ཆོས་དང་། །སྲིད་པའི་དགྲ་བྲུབ་ཆེན་མོ་རྣམས་ཀྱི་ནི། །དོན་བསྡུས་རཱ་ག་ཨ་སྱ་ཞེས་བྱས་བསྒྲིགས། །དགྲ་བླའི་དབུ་འཕང་མཐོ་བར་ཤོག །ཡོན་མཆོད་བཀྲ་ཤིས་ཕུན་ཚོགས་གྱུར། །སརྦ་མངྒ་ལཾ།། ༈ སྔགས་གནང་བཅད་ཀྱི་གོ་མཚོན་དཀོར་ནོར། ཕྱུགས་རིགས་ཐམས་ཅད་ཚིག་རིས་ལྟར་མཆོད་གཡོག་པས་སོ་སོར་བགོས་ལ་ཕུགས་གཏོར་དྲུང་དུ་ཕུལ་


CMR047_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་པ་ཕྱག་ལེན་ཡང་དག་པའོ། །ཟབ་རྒྱ༔ ཨྠྀི། ༈ ལེགས་ལྡན་མགོན་པོའི་དགྲ་ཆོས་ལས་གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། དཔའ་ཟས་དཔའ་འཆང་གབ་སྤྲོད་མངོན་གསོལ་བཞུགས་སོ། །ཨོཾ་སྭ་སྟི། དང་པོ་དཔའ་ཆང་ཐོགས་ལ། ཀྱཻ། དེ་རིང་གནམ་གང་ཉི་མ་ལ། །དུས་ཚོད་བཟང་ཞིང་གཟའ་སྐར་དགེ །སངས་རྒྱས་མཐུ་ཆེ་དགྲ་བཅོམ་རྣམས། །ཟག་པ་ཟད་ཅིང་སྨོན་ལམ་བཙན། །དེ་བཞིན་ལྷ་ཡི་སྨོན་ལམ་འགྲུབ། །རིན་ཆེན་གསེར་གྱི་ས་གཞི་ལ། །གནམ་ལྕགས་ཐོགས་ཆེན་ངར་བས་རྨོས། །སྔོན་མོ་ནས་ཀྱི་ས་བོན་བཏབ། །གཡུ་ལྗང་དགེ་བའི་འབྲས་བུ་འཁྲུངས། །འཁོར་བ་རྩད་བཅད་ཟོར་བས་བརྔས། །དགེ་བྱེད་ཆེན་པོར་བརྡུང་ལ་འཕྱར། །ཤེས་རབ་ཆེན་པོས་བྲེ་ལ་འཇལ། །འགྱུར་བ་མེད་པའི་སྒྱེད་པུ་བཙུགས། །སྙིང་རྗེ་ཆེན་པོའི་མེ་གཅིག་བུས། །ཚད་མེད་བདུད་རྩིའི་ཆུ་བླུགས་ནས། །རིན་ཆེན་ཟངས་དཀར་ནང་དུ་བཙོས། །དར་དཀར་ཕྱར་བའི་སྟེང་དུ་བརྡལ། །ཡེ་ཤེས་ལྔ་ཡི་ཕབས་རྩི་བཏབ། །ཐབས་ཤེས་གཉིས་ཀྱི་དྲོ་སར་བསྙལ། །བྱང་ཆུབ་ཐེམ་བུའི་རྒྱུད་ནས་བཙག །བཏུང་བས་དུག་གསུམ་ནད་རྣམས་སེལ། །ཡི་དམ་ལྷ་ཡི་ཚོགས་


CMR047_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ཡིན། །མཁའ་འགྲོ་ཆོས་སྐྱོང་མཉེས་ཆང་ཡིན། །དགྲ་ལྷ་ཝེར་མའི་དཔའ་ཆང་ཡིན། །སྐུ་རྒྱལ་བོད་ཀྱི་དགའ་ཆང་ཡིན། །དགྲ་དཔུང་བཤིགས་པའི་རྩལ་ཆང་ཡིན། །དགྲ་བགེགས་འདུལ་བའི་མཐུ་ཆང་ཡིན། །འདྲེ་སྲིན་ཟིལ་གནོན་སྟོབས་ཆང་ཡིན། །འབྲུ་བཅུད་ལྡན་པའི་དཔའ་ཆང་འདི། །དྲི་མེད་དཀར་ཡོལ་ནང་དུ་ཀ །བླུགས་།སེང་གེ་དཀར་མོའི་འོ་མ་འདྲེས། །དཔའ་བོ་ཁྱོད་ཉིད་མ་གཏོགས་པའི། །ཕལ་པ་མི་ཡི་འཐུང་མི་སྲིད། །དཔའ་བོ་རྣམས་ཀྱིས་འདི་བཞེས་ལ། །ལྷ་མི་མཚུན་གསུམ་ངོ་སོ་བསྟོད། །ལྷ་སྲུང་དབུ་འཕང་དགུང་བས་མཐོ། །འགྲོ་དོན་བསྟན་པ་རྒྱས་པར་ཤོག །ཅེས་ཆང་དྲོང་། ཕྱེ་མར་ཐོགས་ལ། ཀྱཻ། སྔོན་གྱི་ངོ་མཚར་རྨད་བྱུང་བས། །ཕྱེ་བའི་ཕུད་གངས་རི་དཀར་པོ་ལ། །འབྲི་མར་རྩི་མར་རྒྱན་གྱིས་སྤྲས། །ཟས་མཆོག་རོ་མངར་བརྒྱ་དང་ལྡན། །དྲི་མེད་རིན་ཆེན་སྣོད་དུ་བླུགས། །ལྷ་ཡི་ཞལ་ཟས་རོ་བརྒྱ་ལྡན། །ལྷ་མི་ཀུན་གྱི་ཞལ་ཟས་ཡིན། །དགའ་སྐྱིད་འཛོམ་པའི་ཕྱེ་མར་འདི། །བཞེས་ནས་དངོས་གྲུབ་རྣམ་གཉིས་ཐོབ། །དཔའ་ཟས་ཕྱེ་མར་དཀར་གསུམ་འདིས། །དགྲ་ལྷ་མཆོད་


CMR047_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྡང་དགྲ་ཐུལ། །ཝེར་མས་བཞེས་ལ་གནོད་བྱེད་ཐུལ། །མི་ཡིས་བཞེས་པས་ཅི་བསམ་འགྲུབ། །རོ་མཆོག་བརྒྱ་ལྡན་ཞལ་ཟས་འདིས། །བཀྲེས་པ་འགྲངས་ཤིང་སྐོམ་པ་སེལ། །ལུས་བདེ་རིག་པ་གསལ་བྱེད་པ། །ནུས་པ་སྟོབས་ལྡན་ཟས་མཆོག་འདི། །དགྲ་འདུལ་དམག་དཔོན་ཁྱེད་རྣམས་ལ། །རྣལ་འབྱོར་བདག་གིས་འདི་འབུལ་བས། །བདག་གི་གྲགས་པས་ཁྱབ་པ་དང་། །དགྲ་རྣམས་མ་ལུས་འདུལ་བ་དང་། །ཅི་བསམ་དོན་རྣམས་འགྲུབ་པ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཀི་བསྲོ་ཆའོ་ལྷ་རྒྱལ་ལོ། །ཞེས་དཔའ་ཆང་དང་། ཕྱེ་མར་ལྷ་སྲུང་ལ་ཕུལ། ལྷག་མ་བདག་གཞན་གྱིས་རོལ་ལ་སྨོན་ལམ་བཏབ་བོ། །སྔགས་འཆང་རཱ་ག་སྱས་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས། དགྲ་བླའི་གནང་བགོས་རྟེན་འབྲེལ་ལེགས་ཚོགས་ངོ་མཚར་ཆེ་བའི་དགའ་སྟོན་གྱི་ཨུ་པ་དེ་ཤnext