Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ལས་མཐའི་དགྲ་དཔུང་གཅོག་པ་མཚོན་ཆའི་སྒྱོགས་ཆེན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ལས་མཐའི་དགྲ་དཔུང་གཅོག་པ་མཚོན་ཆའི་སྒྱོགས་ཆེན།next

གཡག་རུ་དགྲ་ཆོས་ཀྱི་ལས་མཐའི་དགྲ་དཔུང་གཅོག་པ་མཚོན་ཆའི་སྒྱོགས་ཆེན།


CMR047_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ལས་མཐའི་དགྲ་དཔུང་གཅོག་པ་མཚོན་ཆའི་སྒྱོགས་ཆེན་བཞུགས་སོ།


CMR047_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་རྩེ་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་དང་། ངོམ་རྗེ་རྩོལ་པོ་གཉིས་པོ་དགྲ་མ་མཐུན་ཇག་རྐུན་རྟ་གནག་འདེད་འཕྲོག་བྱས་པ་ལ། ཕར་ཆས་པའི་དུས་སུ་དགྲ་བྲུབ་བྱས། ཚུར་ལོན་པའི་དུས་སུ་དགྲ་དཔུང་བཅག རང་གི་རྟ་ནོར་ཇག་པའི་ལག་ནས་ལེན་པའི་དུས་སུ་དགྲ་དཔུང་བཅག་པ་དང་། །བསང་ཁྲུས་བྱེད་པ་གལ་ཆེ། དེ་ལྟར་མ་བྱས་ན་རྟ་གནག་ལ་སོགས་པ་ལ་དགྲ་སྲི་དང་མནོལ་ཆགས་ལ་སོགས་ཡོད་པས། གཡང་ཉམས། གོད་ཀ་དང་དགྲ་རྐུན་རྒྱུན་མི་འཆད་པར་འོང་། དེ་ལ་ཕན་པའི་གཏོ་འདི་ཀོང་ཙེ་རྒྱལ་པོའི་མཛད་པའོ། །དེའི་བཅས་ནི་ལུག་ཕོ་ཐོང་གིས་ལག་པ་གཡས་པའི་དཔུང་པ་དེ། ཡུགས་ས་སྟག་ལོ་མ་ཡི་སྐྲ་ཤད་དང་རྔ་ཤད་རྔོག་ཤད་དཀར་ནག་གིས་


CMR047_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲིས། འཇག་མའི་རྩྭ་མི་ལ་མི་ཁའི་ཡས་བཀལ། ཁྲུད་མ་དང་ཆང་སྐྱུར་བྲན། རུས་པ་བཙའ་ཅན་དང་དུག་རྫས་སྣ་ཚོགས་རྡེལ་ནག་དགུ་དང་རྫས་དེ་རྣམས་བསགས། རྟ་གནག་ལ་སྲབ་མདའ་དཀར་ནག་འཐེན། སྔོན་དུ་བསང་མཆོད་སོང་བའི་རྗེས་སུ་འདི་སྐད་དོ། །ཧྲཱིཿ ད་ནི་ལྷ་ལ་བསང་མཆོད་འབུལ། །ད་ནི་ལྷ་ལ་དཔའ་ཟས་མཆོད། །སྲུང་མ་རྣམས་ལ་གཏང་རག་བཏང་། །དགྲ་བླ་རྣམས་ལ་དབུ་འཕང་བསྟོད། །དེ་རིང་དུས་བཟང་ཉི་མ་ལ། །ལྷ་དང་སྲུང་མ་ཁྱེད་རྣམས་ལ། །དཔའ་ཟས་ངར་སྐྱེམས་འདི་བཞེས་ལ། །དགྲ་བོའི་ལག་ནས་ནོར་གཡང་ལོངས། །དགྲ་བོའི་ལག་ནས་རྟ་གཡང་ལོངས། །


CMR047_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྣ་དགུ་ཡི་གནང་ཆོད་ཅིག །བསང་མཆོད་ལྷ་ལ་མཆོད་པ་འབུལ། །ལྷ་ཡི་ཁ་འཛིན་མ་ཆུང་ཞིག །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཧཱུྃ། ང་ནི་འཇམ་དཔལ་ཁྲོས་པའི་སྐུ། །ཁྲོ་བོའི་ནང་ནས་གཤིན་རྗེ་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ལག་ཆ་ཤོར་ནས་འདར་གྱུར་ན། །དགྲ་བོ་ཙམ་ལ་སྨོས་ཅི་དགོས། །དེ་རིང་དགྲ་དཔུང་འཕྲད་དུ་གཅོག །དེ་རིང་དགྲ་སྲི་ཐུར་དུ་མནན། །རང་རྟ་དགྲ་ལ་ཤོར་བ་ན། །དེ་རིང་སྲབ་མདའ་དཀར་ནག་བརྗེ། །དེ་རིང་ཉི་མ་ཕྱིན་ཆད་ནས། །སྲབ་མདའ་གཞན་ལ་མ་བཏད་ཅིག །དོ་མ་བརྐྱལ་ནོར་དགྲ་ལ་ཆོས། །མཐུ་ཆེན་ཝེར་མའི་སོ་པ་ཞོག །འཇག་མའི་མི་རྟ་སྒབ་འདྲེ་ལ། །དགྲ་སྲི་མི་ཁ་བྲ་མཆུ་སྒྱུར། །གནང་ལ་ཆོད་པའི་རྟ་ནོར་ལ། །རྒྱུད་ལ་འཁྲི་བའི་དགྲ་དཔུང་ཆོག ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །སྲིད་པ་ཡེ་སྨོན་རྒྱལ་པོ་ལ། །ངོམ་རྗེ་རྩོལ་པོ་དགྲ་རུ་ལང་། །བོང་བུ་ནག་པོ་རྟ་རུ་ཞོན། །ཁྱི་ནག་ལྤགས་མགོ་རྗེས་སུ་ཁྲིད། །འཛམ་གླིང་མི་ལ་དམག་སྣ་དྲངས། །རང་རྟ་དགྲ་ལ་ཤོར་བའི་ཚེ། །འཛམ་གླིང་རྒྱལ་པོའི་དམག་བསྡུས་པས། །ངོམ་རྗེའི་ལག་ནས་གནང་དུ་


CMR047_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། །རྒྱུད་དུ་འཁྲིལ་བའི་འཁྲིལ་ཐག་བཅད། །སྲབ་མདའ་དཀར་པོ་ནག་པོ་བརྗེ། །རྩྭ་སྐྱའི་མི་ལ་འཇག་མའི་རྟ། །མི་ཁའི་ཡས་དང་དུག་ཡས་བཀར། །དགྲ་བོའི་བླ་རྡོ་ནག་པོ་དགུ། །དགྲ་ཁམས་གཤེད་ཤ་ལག་པ་ལས། །དགྲ་དཔུང་ཡུགས་སའི་སྐྲ་ཤད་དང་། །རྔ་ཤད་རྔོག་ཤད་རྣམས་ཀྱིས་དཀྲིས། །དགྲ་དཔུང་བཅག་ནས་དགྲ་བསྒྱུར་བྱས། །གནང་ནོར་ཁྲུས་ཆབ་དག་པས་བཀྲུ། །དགྲ་བླ་ཝེར་མའི་གཡང་རྟེན་བྱས། །དེ་ཕྱིར་དགྲ་སྲི་རྒྱུན་ཆད་ནས། །མི་ནོར་ཐམས་ཅད་བཀྲ་ཤིས་སོ། ཀྱཻ། སྔོན་གྱི་སྲིད་པའི་དཔེ་བཞིན་དུ། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །མགོན་ཞིང་སྐྱབས་པའི་ལྷ་སྲུང་དང་། །ཕོ་ལྷ་དགྲ་བླ་ཝེར་མ་དང་། །ཡུལ་ལྷ་ཟོ་དོར་གཉེན་པོ་རྣམས། །དབུ་འཕང་དགུང་དང་མཉམ་པར་བསྟོད། །ད་ནི་དགྲ་སྲི་ཐུར་དུ་བཀར། །ད་ནི་སྒབ་འདྲེ་རྐུན་ངོ་སྒྱུར། །ད་ནི་དགྲ་དཔུང་ཐུར་དུ་གཅོག །ད་ནི་སྲབ་མདའ་དཀར་ནག་བརྗེ། །མི་ཁ་སྙིང་སྟོང་དགྲ་ལ་སྒྱུར། །དགྲ་བོའི་བླ་རྡོ་ཐུར་དུ་བྲུབ། ཀྱཻ། དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཡི་དམ་ཆོས་སྐྱོང་བྱིན་རླབས་


CMR047_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕོ་ལྷ་དགྲ་བླའི་མཐུ་རྩལ་དང་། །སྔགས་འཆང་བདག་གི་བདེན་པའི་མཐུས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་དང་། །སྟེང་འོག་གཉིས་ནས་བཅས་པ་ནས། །དོ་བསྡོས་ཕོད་བཙུགས་བསམ་ངན་བྱེད། །དམག་སྣ་དགྲ་སྣ་སྟོན་མི་དང་། །རྐུན་སྣ་ཇག་སྣ་སྟོན་པ་ཡི། །སྡང་བའི་དགྲ་བོ་ཐམས་ཅད་ཀྱི། །བླ་སྲོག་རྣམ་པར་ཤེས་པ་རྣམས། །སྟེང་འོག་ཕྱོགས་མཚམས་གར་གནས་ཀྱང་། །དགྲ་དཔུང་ཅག་པའི་ཤ་འདིར་ཁུག །ཅེས་བཀུག་གཞུག་ལན་གསུམ་བྱས། དེ་ནས་སོག་པ་དེ་བཅད་ལ། ཀྱཻ། ཕོ་ལྷ་དགྲ་བླ་གཉན་པོ་རྣམས། །ད་ནི་དཔའ་ཟས་འབུལ་བ་ནི། །དགྲ་ཤ་ལག་པ་གཡས་སུ་བཀོག །འདི་དགྲ་བོ་འགུགས་པའི་གཡབ་མོ་ཡིན། །ལག་པ་མ་ཡིན་ལག་གཡུག་ཡིན། །སོག་པ་མ་ཡིན་འཚོགས་པ་ཡིན། །ཕུན་སུམ་ཚོགས་པའི་འཚོགས་པ་ཡིན། །སོག་པ་མ་ཡིན་བསོག་པ་ཡིན། །གནང་ནོར་བསོག་པའི་བསོག་པ་ཡིན། །སོག་འགུལ་ཨེན་ཙམ་ཕྲ་བ་དེ། །མི་ཁ་དགྲ་ཁ་ཕྲ་བ་ཡིན། །སོག་ཞིང་ཨེན་ཙམ་ཆེ་བ་ལ། །ཟས་ནོར་བསོག་འཇོག་ཆེ་བ་ཡིན། །སོག་པའི་མེ་ལོང་དཀར་བ་


CMR047_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །མི་ངོ་ལྷ་ངོ་དཀར་བ་ཡིན། །ལྷ་དཀོན་མཆོག་གསུམ་གྱི་རྟེན་དུ་བཙུགས། །ཕུན་སུམ་ཚོགས་པའི་འཚོགས་པ་འདི། །ཕོ་ལྷ་དགྲ་བླ་འཁོར་བའི་རྟེན། །དཔའ་ཟས་ངར་སྐྱེམས་ལྷ་ལ་འབུལ། །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །ཞེས་ཇ་ཕུད་མཆོད། སོག་པ་དེ་མཛོད་ཕུག་ཏུ་ཉ་ར་བྱེད། དེ་ནས་ལག་ངར་དེ་བཅད་ལ་འདི་སྐད་དོ། ཀྱཻ། ད་ནི་ལྷ་སྲུང་གཉན་པོ་རྣམས། །དབུ་འཕང་བསྟོད་ལ་སྡོང་གྲོགས་མཛོད། །དེ་རིང་དགྲ་སྲི་ཐུར་དུ་བཀར། །ལག་ངར་མ་ཡིན་དགྲ་ངར་ཡིན། །དགྲ་ལ་ངར་བའི་དགྲ་ངར་ཡིན། །ལག་ངར་མ་ཡིན་འདྲེ་ངར་ཡིན། །ལག་ངར་མ་ཡིན་གྱོད་ངར་ཡིན། །གྱོད་ལ་ངར་བའི་གྱོད་ངར་ཡིན། །ལག་ངར་མ་ཡིན་ཐན་ངར་ཡིན། །ཐན་ལ་ངར་བའི་ཐན་ངར་ཡིན། །ལག་ངར་མ་ཡིན་སྲི་ངར་ཡིན། །དགྲ་སྲི་བཀར་བའི་སྲི་ངར་ཡིན། །འདྲེ་སྲི་བཀར་བའི་སྲི་ངར་ཡིན། །གོད་སྲི་བཀར་བའི་སྲི་ངར་ཡིན། །མཚོན་སྲི་བཀར་བའི་སྲི་ངར་ཡིན། །ནད་སྲི་བཀར་བའི་སྲི་ངར་ཡིན། །ཇག་སྲི་བཀར་བའི་སྲི་ངར་ཡིན། །རྐུན་སྲེ་བཀར་བའི་སྲི་ངར་ཡིན། །དམངས་སྲི་བཀར་བའི་སྲི་ངར་ཡིན། །མུག་སྲི་བཀར་


CMR047_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲི་ངར་ཡིན། །སྒབ་སྲི་བཀར་བའི་ལག་ངར་ཡིན། །སྲི་དེ་རྣམས་དེ་རིང་ཐུར་དུ་བཀར། །བཀར་རོ་བྲུབ་བོ་མ་ལྡང་ཞིག །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཞེས་ལག་ངར་དེ་ཐུར་དུ་དགྲ་ཕྱོགས་སུ་འཕང་ངོ་། །དེ་ནས་དཔུང་པ་དེ་ཡུགས་ས་སྟག་ལོ་མའམ། མ་རྙེད་ན་སྐྱེས་པ་སྟག་ལོ་པ་དང་རྨ་ཆེན་སོགས་ཀྱི་རྐང་པ་གཡོན་པས་མནན། ལག་པ་གཡས་ཀྱིས་རལ་གྲི་དང་དུར་རྡོ་ཆེན་པོ་བཟུང་། གཞན་ཡང་མི་དུ་ཡོད་ཀྱིས་གོ་མཚོན་ཐོགས་ལ་འདི་སྐད་དོ། ཀྱཻ། ལྷ་སྲུང་གཉན་པོ་གཟུ་དང་དཔང་། །དེ་རིང་དགྲ་རྐུན་ཇག་པ་ཡི། །དགྲ་དཔུང་གཅོག་པའི་དུས་ལ་བབ། །བགེགས་དཔུང་བཤིག་པའི་དུས་ལ་བབ། །འདི་ཕུང་ས་མ་ཡིན་སྤུང་པ་ཡིན། །ཐད་དུ་ལང་བའི་བླ་དང་སྲོག །པཾ་པཾ་སྤོ་སྤོ་དཔུང་པ་ཡིན། །དགྲ་རྐུན་ཇག་པའི་མདངས་དང་སྟོབས། །པཾ་པཾ་སྤོ་སྤོ་དཔུང་པ་ཡིན། །མཚམས་བཞི་ལོ་པའི་གཤེད་དང་བདུད། །པཾ་པཾ་སྤོ་སྤོ་དཔུང་པ་ཡིན། །ཕུ་ཟེར་མདའ་ཟེར་མི་ཁའི་སྣ། །པཾ་པཾ་སྤོ་སྤོ་དཔུང་པ་ཡིན། །ཇག་རྐུན་ཁ་ཤོམ་འཇབ་ཤོམ་བྱེད། །པི་པཾ་སྤོ་སྤོ་དཔུང་པ་ཡིན། །ད་ནི་དགྲ་དཔུང་གཅོག་པའི་དུས་ལ་བབ། །ཧཱུྃ། བླ་མ་ཡི་དམ་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་མཐུ་རྩལ་དང་། །དགྲ་


CMR047_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཝེར་མའི་དཔལ་རྩལ་གྱིས། །དེ་རིང་དགྲ་དཔུང་འཕྲད་དུ་གཅོག །དེ་རིང་བགེགས་དཔུང་ཐུར་དུ་རློགས། །རལ་ནག་སྙིགས་པའི་མུན་མོ་ཡིས། །དེ་རིང་དགྲ་དཔུང་འཕྲད་དུ་ཆོག །སྡུག་ཡུས་ཅན་གྱི་ཡུགས་ས་ཡིས། །དེ་རིང་དགྲ་དཔུང་འཕྲད་དུ་ཆོག །དཔའ་རྩལ་ཅན་གྱི་དཔའ་བོ་འདིས། །དེ་རིང་དགྲ་དཔུང་འཕྲད་དུ་ཆོག །དྲག་རྩལ་ལྡན་པའི་རྨེ་ཕོ་ཡིས། །དེ་རིང་དགྲ་དཔུང་དཀྱིལ་ནས་ཆོག །གྱོད་ཀྱི་རྟ་རྔ་དཀར་ནག་གིས། །དེ་རིང་དགྲ་དཔུང་དཀྱིལ་ནས་ཆོག །དུར་རྡོ་ནག་པོའི་རྦབ་རྒོད་ཀྱིས། །ཐད་དུ་ལངས་བའི་དགྲ་དཔུང་ཆོག །གོ་མཚོན་སྣ་དགུའི་དཔའ་ཆས་ཀྱིས། །ཐད་དུ་ལངས་བའི་དགྲ་དཔུང་ཆོག །ལྷ་དང་སྲུང་མའི་མཐུ་རྩལ་གྱིས། །ཐད་དུ་ག་ལངས་བའི་དགྲ་དཔུང་ཆོག །དགྲ་བླ་ཝེར་མའི་དྲག་རྩལ་གྱིས། །ཐད་དུ་ལངས་བའི་དགྲ་དཔུང་ཆོག །ཡུལ་ལྷ་ཟོ་དོར་གཉན་པོ་ཡིས། །ཐད་དུ་ལངས་བའི་དགྲ་དཔུང་ཆོག །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །ཧཱུྃ། ད་ནི་དགྲ་དཔུང་གཅོག་པའི་དུས་ལ་བབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཉི་མ་ཕྱོགས་བཞི་མཚམས་


CMR047_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ནས། །རྐུན་ཤོམ་ཁ་ཤོམ་བྱེད་པའི་དཔུང་པ་ཆོག །འཇབ་ལག་ཤོམ་བྱེད་པའི་དཔུང་པ་ཆོག །གཡོག་དཔོན་ལ་བསྡོས་པའི་དཔུང་པ་ཆོག །བྲན་གཡོག་ངོ་ལོག་བྱེད་པའི་དཔུང་པ་ཆོག །ལེ་དགུ་ལྷ་ལོག་བྱེད་པའི་དཔུང་པ་ཆོག །སློབ་མ་དམ་ལོག་བྱེད་པའི་དཔུང་པ་ཆོག །ཤག་རོགས་མནའ་ཟིན་བྱེད་པའི་དཔུང་པ་ཆོག །ཡོན་མཆོད་ཕྲག་དོག་བྱེད་པའི་དཔུང་པ་ཆོག །ཆུང་མ་གནས་བསྡམས་བྱེད་པའི་དཔུང་པ་ཆོག །དགྲ་ཡ་གྱོད་ཡ་བྱེད་པའི་དཔུང་པ་ཆོག །འཛིངས་ཡ་འཁོན་ཡ་བྱེད་པའི་དཔུང་པ་ཆོག །དགྲ་སྣ་དམག་སྣ་སྟོན་པའི་དཔུང་པ་ཆོག །རྐུན་སྣ་ཇག་སྣ་སྟོན་པའི་དཔུང་པ་ཆོག །བྱད་ཁ་ཕུར་ཁ་སྟོན་པའི་དཔུང་པ་ཆོག །མི་ཁ་བྲ་མཆུ་སྟོང་བའི་དཔུང་པ་ཆོག །དམ་ཉམས་དགྲ་བོ་ལས་ངན་གྱིས། །དཔུང་པ་མྱུར་དུ་ད་ཆོག་ཅིག །ཅེས་ཐམས་ཅད་ཀྱི་དམོད་མོ་བོར། དུར་རྡོའི་སྟེང་དུ་རལ་གྲིའི་སྤུངས་པ་དེ་བཅག །ཐམས་ཅད་ཀྱིས་མདའ་རུབ་གྲི་རུབ་བྱས་ལ་འཇག་རྟ་ལ་བཀལ། ཁ་ལོས་ལག་ལོས་བྱ་ཐལ་མོ་བརྡབ། དུག་ཡས་དང་རྡོ་ནག་སྲབ་མདའ་ནག་པོ་དང་རུས་པ་བཙའ་ཅན་དེ་ཐམས་ཅད་འཇག་རྟ་ལ་བཀལ་ལ་ཁ་ཕྱིར་བསྟན་ཏེ་ཐལ་མོ་བརྡབ་ལ་འདི་སྐད་དོ།། ཧཱུྃ། བླ་མ་ཡི་དམ་ཆོས་སྐྱོང་


CMR047_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཁའ་འགྲོ་དམ་ཅན་མཐུ་རྩལ་དང་། །དགྲ་བླ་ཝེར་མའི་ནུས་མཐུ་ཡིས། །གནོད་པར་བྱེད་པའི་བགེགས་དཔུང་བཅག །དགྲ་སྲི་ལངས་བ་ཐུར་དུ་བཀར། །དགྲ་དཔུང་བཅག་པའི་ཡས་སྟགས་འདི། །དགྲ་རྐུན་ཇག་པའི་མགོ་ལ་སྒྱུར། །མི་ཁ་དུག་ཡས་སྣ་ཚོགས་འདི། །དགྲ་རྐུན་ཇག་པའི་མགོ་ལ་སྒྱུར། །ངོམ་རྟའི་སྲབ་མདའ་ནག་པོ་འདི། །དགྲ་རྐུན་ཇག་པའི་མགོ་ལ་སྒྱུར། །གྱོད་ཀྱི་དགྲ་བར་ཚུད་པ་དེ། །དགྲ་རྐུན་ཇག་པའི་མགོ་ལ་སྒྱུར། །གྱུར་གྱི་ཐག་པས་བཅིངས་བ་དེ། །དགྲ་རྐུན་ཇག་པའི་མགོ་ལ་སྒྱུར། །ཡུགས་སའི་སྐུ་ཤེད་བཅིངས་བ་དེ། །དགྲ་རྐུན་ཇག་པའི་མགོ་ལ་སྒྱུར། །དགྲ་རྐུན་རྐུ་ཤོམ་ལག་རིང་དེ། འཇག་རྟ་གར་མཁན་འདི་ལ་སྒྱུར། །ཐད་ནས་དགྲ་ཆེན་ལངས་བ་དེ། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །དགྲ་ངོ་རྐུན་ངོ་ཇག་ངོ་དེ། །རྡོ་ནག་རྡེལ་བུ་དགུ་ཡིས་སྒྱུར། །དགྲ་དཔུང་བཅག་པའི་ཡས་སྟགས་འདི། །དེ་རིང་དགྲ་སྲི་ཐུར་དུ་བཀར། །བྲུབ་བོ་མནན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་སྐྱེད་ཅིག །གནོད་བྱེད་དགྲ་བགེགས་སྟེང་དུ་སྒྱུར། །བཟློག་ཅིག་བསྒྱུར་ཅིག་ཨུ་ཙ་ཏ་ཡ་


CMR047_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། དེ་ནས་སྐྱེས་པ་དང་རྨེ་ཆེན་དང་ཡུགས་ས་མ་སྟག་ལོ་མ་གཉིས་ཀྱི་ཐག་པ་ཁྲ་ཁྲིས་ཀྱིས་བཅིངས་ལ། ཕར་འཐེན་ཚུལ་འཐེན་བྱ་ཞིང་དྲུད་ནས་འབབ་ཆུ་ཆེན་པོའི་ནང་ན་འཕང་སྟེ། ཡོན་མཆོད་ཐམས་ཅད་ཀྱིས་བསྒྱུར་ཆོས་དང་དམོད་མོ་བཏབ། ཐལ་མོ་བརྡབ། དེ་ནས་ཀུན་གྱི་ལྷ་རྒྱལ་ལོ་ཡག་ཁ་བརྗོད། རྟ་ཕྱུགས་རྣམས་ལ་མཚམས་བཅད་ཁྲུས་ཆུ་འདེབས། དེ་ནས་ཡར་ལ་འཚོགས། ཡུགས་ས་མ་རྙེད་ན་མི་རུས་ཆེ་ཆུང་གཉིས་ཀྱི་ཆོག །དགྲ་ཆོས་དང་དགྲ་བྲུབ་བྱེད་དུས་འདི་བྱས་ན་ལེགས། དགྲ་རྐུན་ཇག་གསུམ་བཅིངས་བ་དང་། གནང་ནོར་ཚུལ་ལེན་དུས་འདི་བྱ་བ་གལ་ཆེ། ཞེས་པ་རང་གི་རྟ་དྲེལ་དགྲ་ལག་ནས་ལོན་པ་ལ་རྐྱེན་བྱས་ཏེ། སྔར་གྱི་དཔེ་རྙིང་རྣམས་ལ་གཞི་བྱས་ནས། །རཱ་ག་ཨ་སྱས་སྦྱར་བའོ། །དགེའོ། ལེགས་སོ། བྷ་ཝནྟུ། ཤུ་བྷཾ། སརྦ་མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡག་རུ་དགྲ་ཆོས་ཀྱི་ལས་མཐའི་དགྲ་དཔུང་གཅོག་པ་མཚོན་ཆའི་སྒྱོགས་ཆེན།next