Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ཐུན་བརྡེག
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ཐུན་བརྡེགnext

གཡག་རུ་དགྲ་ཆོས་ཀྱི་ཐུན་བརྡེག


CMR047_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ཐུན་བརྡེག་བཞུགས་སོ། །ལིངྒ་བླ་རྡོ། བླ་ཤིང་རྣམས་ལ་དགུག་གཞུག་བྱས་ལ། ཐུན་ཡུངས་ཀར། རྡོ་ཕྱེ་ལ་སོགས་པ་ལག་ཏུ་ཐོགས་ལ། ཐུན་རྣམས་ཤ་ཟ་སྲིན་པོ་དགྲ་བླ་ཝེར་མ་རྣམས་གསལ་གདབ། ཧཱུྃ། གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཐལ་བ་བཞི་ལ་ཡུངས་ཀར་བཏབ། །ཡེ་ཤེས་ཁྲོ་བོ་སྤྲིན་ཏུ་གཏིབས། །ཤེས་རབ་དབྱིངས་ནས་ཆར་དུ་ཕབ། །ཡུངས་ཀར་སྒང་བུ་བཅུ་རུ་སྐྱེ། །ཡུངས་ཀར་སྒང་བུ་རེ་རེ་ལ། །ཁྲོ་ཆུང་མཚོན་ཐོགས་རེ་རེ་སྤྲུལ། །དམ་ཉམས་སྤྱི་བོར་བརྒྱབ་པ་ཡིས། །རྐང་པའི་མཐིལ་དུ་ཀཱི་ལ་ཡ། །ཟཧཱུྃ། ཡུངས་ཀར་ཐུན་དང་ཡུངས་ནག་ཐུན། །ས་ཕྱེའི་ཐུན་དང་རྡོ་ཕྱེའི་ཐུན། །ལྕགས་ཕྱེའི་ཐུན་དང་ཟངས་ཕྱེའི་ཐུན། །ཁྲག་གི་འབའ་ཆུ་ཙ་ར་ར། །ཧེ་རུ་ཀ་ཡི་སྤྲུལ་པ་ཡིན། །འགུགས་བྱེད་རྣམས་ཀྱིས་ཉོས་པ་ཡིན། །དབང་ཞུགས་མི་ཡིས་སྔགས་པ་ཡིན། །གིང་བདུད་རྣམས་ཀྱི་ངོ་བོ་ཡིན། །ཕོ་ཉ་རྣམས་ཀྱི་དཔུང་པ་ཡིན། །ཆོས་ཀྱི་དབྱིངས་སུ་སྨིན་པ་ཡིན། །དམ་ཉམས་དགྲ་བགེགས་གསོད་པ་ཡིན། །ལྕགས་ཀྱི་རི་རབ་བཤིག་ནུས་ན། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཨོཾ་བྷི་ཤ་མུ་རུ་མུ་རུ་དགྲ་


CMR047_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་རབ་བརྒྱ། འབྲིང་ཉེར་གཅིག །ཐ་མ་བདུན་གསུམ་སྔགས་ལ་བྲབ། ནད་དང་དུག་གིས་དགྲ་བགེགས་དབང་མེད་མྱོས་ནས་བརྒྱལ་བར་བསམ་ལ་ཐུན་གདབ་བོ། །དགྲ་ཆོས་ཀྱི་ལས་ཚན་ཁོལ་བུར་ཕྱུང་བ་ཨོཾ་རཱ་གས་སྦྱར་བའོ།། ༈ རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས། ཐུན་རྫས་ལས་མཁན་གཤིན་རྗེའི་དམག་ཚོགས་དཔག་ཏུ་མེད་པས་གསོད་བྱེད་ཀྱི་མཚོན་ཆ། མྱོ་བྱེད་རྫས། རླག་བྱེད་ཀྱི་ཐུན་སོགས་ཆར་ཕབས་ནས། ལུས་བརྒྱལ་ཤིང་རེངས། ངག་ལྐུགས་ཤིང་དིག །ཡིད་མྱོས་ཤིང་འཐིབས། དབང་པོ་ཡན་ལག་ཕྱེ་མར་གཏུབས་ནས། རྣམ་ཤེས་མར་མེ་ལྟ་བུ་དེ། ནག་ཀེམ་ཀེམ་སོང་བར་བསྒོམ་་་་མཆན། ༈ དེ་ནས་གཡག་རུ་བྲན་ནས། ཕཊ། སྟོང་པའི་ངང་ལས་ཕུདུ་ཡ་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་གཡག་རུ་གཡོན་པ་འཆི་བདག་ལས་ཀྱི་གཤིན་རྗེ་ཀླུ་བདུད་ནག་པོ་ཆུ་སྲིན་གྱི་མགོ་ཅན། གཡས་སྦྲུལ་ཞགས་དང་། གཡོན་ཁྲམ་ཤིང་འཛིན་པ། སྤྱན་ཉི་ཟླ་ལྟར་ཉིན་མཚན་མེད་པར་གསལ་བ། ཁ་གནམ་ས་ཙམ་གདངས་ནས་མཆེ་བ་གཙིགས་པ་མེ་རི་དུག་རླངས་འབར་བའི་དབུས་ན་ཡར་ལངས་པ། དེའི་ཁ་ནང་དུ་དགྲ་བོ་མི་ནོར་འཁོར་དང་བཅས་པ་གཟུགས་ལིངྒ། མིང་བྱང་བུ། བླ་རྡོ་རྡེལ་དགུ། བླ་ཤིང་ལིང་དགུ་དང་བཅས་


CMR047_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཚུད་ནས་སྐལ་པ་མ་སྟོངས་ཀྱི་བར་དུ་འཆོར་བ་མེད་པའི་རང་བཞིན་དུ་གྱུར། ཀིང་ཀང་ལྟར་དགུགས་གཞུག་བྱ། དེ་ནས་གཡག་རུའི་ནང་དུ་ཐུབ་ལ། ཡི་དམ་དང་། སྲུང་མའི་དྲག་སྔགས་ཀྱི་མཐར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་རེ་མ་ཏི་མ་བྷྱོ་ཛཨ་ཡ་མ་དུ་རུ་ཙ་ཤ་ན་བྷུ་མི་པ་ཏི་དམ་ཉམས་པའི་དགྲ་བོ། དགྲ་རྐུན་ཇག་གསུམ་གྱོད་བྱུར་མི་ཁ་གླེང་གཞི་གཏོང་མཁན་ཕ་ཚན་ཉེ་འབྲེལ་དང་བཅས་པ་ཐམས་ཅད་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ་མཱ་ར་ཡ་ནན། ཙཱ་བྷ་ཡ་ནན། བྲུབ་ཅིག །མ་འཕར་ཅིག །མ་ལྡང་ཞིག་ཧཱུྃ་ཕཊ། ཅེས་བརྗོད་པས་ཆུ་སྲིན་ཁ་བསྡམས་ནས་རིམ་པ་དགུའི་འོག་ནས་ན་རཀ་དམྱལ་ཁམས་གཤིན་རྗེའི་ཡུལ་དུ་སོང་བར་བསམ་ལ་བྲུབ་བོ། །གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་གབ་པ་མངོན་དུ་ཕྱུང་བ་ཨ་རཱ་གའོ།།


previousགཡག་རུ་དགྲ་ཆོས་ཀྱི་ཐུན་བརྡེགnext