Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བསད་པ་གནམ་ལྕགས་ཐོག་མདའ།
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousབསད་པ་གནམ་ལྕགས་ཐོག་མདའ།next

བསད་པ་གནམ་ལྕགས་ཐོག་མདའ།


CMR047_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་གནམ་ལྕགས་ཐོག་མདའ་སྐབས་སུ། གྲི་ཡས་ཀྱི་འོག་ཏུ། དུག་ཤོག་ལ་ལིངྒ་སྤྱི་ལྟར་དུག་ཁྲག་གིས་བྲིས་ལ་བྲུབ་ཁུང་དུ་བཅུག བཙག་དང་གྲི་ཁྲག་བྱུགས། ལིངྒ་བསྐྱེད། འགུགས་གཞུག་ཉེར་གཅིག་བྱ། །བླ་འགུགས་སྔགས་སྲུང་མའི་སྔགས་ཤམ་དུ་བརྒྱ་རྩ་རེ་བཟླས། བསད་དམིགས་བྱས་ལ་སྲུང་མའི་སྔགས་ཤམ་དུ། ཏདྱ་ཐཱ། དུ་ཤན་དུ་ཤན་རཀཱ་རཀཱ་དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབ་འཇིབ་དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད། ཛྲ་མཱ་ར་ཡ་སོད། བཏགས་པ་བརྒྱ་རྩ་ལྔ་ཡན་ཆད་བཟླས། དེ་ནས་ཐུན་གཏོར་དང་ལྷན་ཅིག་ཞལ་བསྟབ་བགྱིས་ལ། དགྲ་ཆོས་སྤྱི་ལྟར། དགྲ་བོ་རང་མཚོན་རང་ལ་རྒྱོབ། ཞེས་པའི་མཚམས་སུ། དགྲ་བོ་རང་ཤ་རང་གིས་ཟོ། །དགྲ་བོ་རང་ཁྲག་རང་གིས་འཐུང་། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །དགྲ་བོ་མི་ནོར་ཕྱགས་མས་ཐོབ། །རིགས་རྒྱུད་ཉེ་འབྲེལ་རྩོད་ནས་ཆོད། །བརྒྱལ་ནད་སྨྱོ་འབོག་ཕུང་དུ་ཆུག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐོངས། །དམ་ཉམས་དགྲ་བོ་ལས་ངན་འདི། །


CMR047_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་དཔོན་ཁྲག་ཏུ་སྐྱུག་ཏུ་ཆུག །འོག་གི་ཆུང་མ་སྨྱོ་རུ་ཆུག །བྲན་ཕོ་བྲན་མོ་བརྒྱལ་དུ་ཆུག །བུ་ཚ་རིགས་རྒྱུད་རྩད་ནས་ཆོད། །དགྲ་མཁར་ཤིགས་ལ་དགྲ་སྲོག་ཆོད། །ལོ་དང་ཟླ་བར་མ་འགྱང་བར། །ཞག་དང་ཟ་མར་མྱུར་དུ་སྒྲོལ། །བཀའ་དང་དམ་ལ་མ་འདའ་བར། །བཀའ་སྲུང་ལས་ལ་མ་གཡེལ་ཅིག །ཕོ་ཉ་གསོད་ལ་མ་གཡེལ་ཅིག། གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །དུས་ལ་བབ་བོ་ས་མ་ཡཱ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ཅིང་དམ་ཅན་སྲུང་མའི་སྔགས་ཀྱི་མཐར། མཱ་ར་ཡ་དགྲ་བོའི་སྲོག་ལ་རྦད་རྦད། དགྲ་སྲོག་ལ་རྒྱུག་རྒྱུག །དགྲ་སྲོག་ལ་ཧབ་ཤ་མཱ་ར་ཡ་སོད་སོད། ཅེས་བཏགས་ལ་བཟླས། དམ་ཅན་སྲུང་མ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་གི་དགྲ་བོའི་ཤ་ཟོས་ཁྲག་འཐུང་། སེང་གེ་ཤ་ལ་རོལ་པ་བཞིན་དུ་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་རྡུལ་དུ་བརླག་བདུན་རྒྱུད་རྩད་ནས་བཅད་པར་བསམ། ཚར་དགུ་སོགས་དང་བློ་གདབ། མཐར་གྲི་ཡས་དགྲ་ཕྱོགས་སུ་ཟོར་དུ་འཕོང་། ལིངྒ་སྐྱེར་ནག་གི་མེ་གྲུ་གསུམ་དུ་དམ་ཅན་སྲུང་མ་བསྐྱེད་ལ། ཞལ་བསྟབ་ཀྱི་སྔགས་མཐར། དམ་ཉམས་དགྲ་བོའི་བླ་ཚེ་སྲོག་


CMR047_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་བཅས་པ་ཛྭ་ལ་རཾ་ཁཱ་ཧི། ཞེས་བརྗོད་ཅིང་ཐལ་བ་མནན་གནས་སུ་མནན་ནོ། །དེ་ནི་བསད་པའོ།། ༈ དགྲ་ཟློག་བྱེད་ཚེ་ཐུན་གཏོར། དགྲ་ཆོས་སྤྱི་ལྟར་བྱས་མཐར། བྷྱོ་མདོས་ཟོར་ཤ་ཁྲག་གཏོར་མ་འདི། སོགས། ཀིང་ཀང་བཟློག་ཐུང་སྦྱར། བློ་གདབ་ཚར་དགུ་སོགས་བྱ་ཞིང་གྲི་ཡས་བསྐྱལ་བ་སོགས་དཀྱུས་ལྟར་བྱའོ། ཞེས་པའི་མན་ངག་ཟབ་མོ་གུད་དུ་གབ་པའི་གནད་ལ་ཨ་རཱ་གའི་ཐུགས་སྙིང་དམ་པ་འདི་གཅིག་བརྒྱུད་མ་གཏོགས་མི་སྤེལ་བའི་བཀའ་རྒྱས་བཏབ་བོ། །། འདིའི་ལས་སྒྲུབ་པ་ལ། མ་མགོན་སོགས། དམ་ཅན་སྲུང་མ་གང་གི་སྒྲུབ་པ་རྟགས་ཐོན་བྱུང་བ་དེའི་གཏོར་ཆོག་གཙོ་བོར་བྱ། སྲུང་མ་སྤྱི་ཐམས་ཅད་ཀྱི་བསྐང་གསོ་ཀྱང་བཏང་། འབོད་རྦད་བསད་གསུམ་གྱི་སྔགས་ཐམས་ཅད་སྲུང་མ་རྟགས་ཐོན་དེ་ཉིད་ཀྱི་རྦད་བསད་ཀྱི་སྔགས་དེ་བྱ། ཆོས་སྐྱོང་གཞན་ཐམས་ཅད་ཀྱི་མཚན་སྔགས་དང་། ལྷ་སྲིན་སྡེ་བརྒྱད། ཡུལ་ལྷ་སྤྱི་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན། སརྦ་བྷུ་མི་པ་ཏི། ཞེས་བྱ་བ་དེའི་མཐར་ཤམ་གང་དགོས་བཏགས་པ་ཡིན། དགྲ་ཆོས་རྒྱས་པ་དང་སྦྲེལ་ན་བླ་མའི་ཕྱག་བཞེས་ལས་རྟོགས་དགོས་སོ། ཐན་ལྟས་ཁྲ་འགྱེད། བསད་པ་གནམ་ལྕགས་ཐོག་མདའ། དགྲ་བཟློག་དང་བོཅས་པའི་ཞལ་ཤེས་སོ། །བཀྲ་ཤིས། གབ་རྒྱ།ཨྠྀི།


previousབསད་པ་གནམ་ལྕགས་ཐོག་མདའ།next