Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཁ་ཚར། དགྲ་མཁར་བཤིག་པའི་ལྷན་ཐབས་གུད་སྦས།
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཁ་ཚར། དགྲ་མཁར་བཤིག་པའི་ལྷན་ཐབས་གུད་སྦས།next

གཡག་རུ་དགྲ་ཆོས་ཁ་ཚར། དགྲ་མཁར་བཤིག་པའི་ལྷན་ཐབས་གུད་སྦས།


CMR047_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཁ་ཚར། དགྲ་མཁར་བཤིག་པའི་ལྷན་ཐབས་གུད་སྦས་བཞུགས་སོ། །དགྲ་མཁར། དགྲ་བོ་དཀོར་ནོར་བཅས་བཟོས་པ་ལག་ལེན་བཞིན་བཤིག་སྟེ། བསྭོ། ཧ་ཧཱུྃ། ཆོས་སྐྱོང་ཡེ་ཤེས་འཇིག་རྟེན་ཚོགས། །ལས་བྱེད་ཕོ་ཉའི་དམག་དཔུང་ཀུན། །བསྐུལ་ལོ་དགྲ་བོའི་ཡུལ་དུ་ཆོས། །རྦད་དོ་སོད་ཅིག་དགྲ་བོའི་ཚོགས། །རྐུ་ཇག་འཕྲོག་བཅོམ་བརྡུང་བརྡེག་མཁན། །བྱད་མ་རྦོད་གཏོང་བཟློག་མཁན་བཅས། །བསམ་ངན་སྦྱོར་རྩུབ་དགྲ་བོའི་དཔུང་། །གནས་ཤིག་ཡུལ་སྟོང་རྗེས་མེད་ཐོངས། །དགྲ་མཁར་ཏོག་ཆོད་བ་དན་བསྐྱེལ། །བ་གམ་ཤིགས་ལ་ཐོག་ཁེབ་ཤུས། །དགྲ་མཁར་ཤིག་ལ་དགྲ་གཞིས་འཕྲོག །བོང་བ་གཏོར་ལ་ནང་ཟོག་ཁྱེར། །ར་བ་ཤིག་ལ་ཕྱུགས་ནོར་དེད། །དཔའ་བོ་སོད་ལ་མགྱོགས་པ་སྐྱེལ། །གོ་ཁྲབ་ཤུས་ལ་འཐབ་མཚོན་འཕྲོག །དཔུང་པ་ཆོད་ལ་རྒྱུས་པ་ཆིངས། །མདུང་མོ་ཆོག་ལ་གཞུ་མོ་བརྡིབས། །རལ་གྲི་གཏུབས་ལ་ཞགས་པ་ཆོད། །ཡུལ་མཁར་རྗེས་མེད་རྡུལ་དུ་རློགས། །རྩྭ་ཕུང་མེས་བསྲེགས་རྗེས་མེད་ཐོངས། །ཐལ་བ་རླུང་ཁྱེར་བཞིན་དུ་ཐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀི་བསྭོ་


CMR047_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཆའོ་ལྷ་རྒྱལ་ལོ། །ཆད་བསད་སྔགས་བཅས་དགྲ་མཁར་བཤིག་པ་ཆུར་དོར་རོ། །ཞེས་གཡག་རུ་དགྲ་ཆོས་ཁ་ཚར་དུ། མགོན་ནག་གིས་ངོར། ཨ་རཱ་གས་གུད་དུ་བཀོད། གབ་རྒྱ་ས་མ་ཡ་ཁ་ཐཾ་རྒྱ། ༈ གཡག་རུ་དགྲ་ཆོས་ཁ་ཚར་དུ་ལྷ་གཡག་གནང་མཆོད་དང་། བདུད་གཡག་བསྒྲལ་བའི་མན་ངག་བཞུགས་སོ། ༈ དཀོར་ནོར་ལྷ་གཡག་སོགས་གནང་བཅད་བླང་ཞིང་བདུད་གཡག་མཚོན་གྱིས་བསྒྲལ་བར་བྱས་ལ། ཧོ༔ ང་ནི་སྟོབས་ལྡན་དཔའ་བོ་སྟེ། །དགྲ་བོ་ཕམ་ནས་དགྲ་གཞིས་འཕྲོག །ལྷ་གཡག་དཀར་པོ་གནང་དུ་ཆོད། །རྟ་དྲེལ་ནོར་ཕྱུགས་གནང་དུ་ཆོད། །བང་མཛོད་གསེར་གཡུ་གནང་དུ་ཚིཆོད། །འབྲུ་སྣ་དར་ཟབ་གནང་དུ་ཆོད། །གོ་མཚོན་འོག་རྟ་གནང་དུ་ཆོད། །གནང་གཅོད་མ་ཆུང་ལྷ་རྒྱལ་ལོ། །དགྲ་ལྷའི་དབུ་འཕང་དགུང་དུ་སྙེགས། །ཝེར་མའི་དབུ་འཕང་དགུང་བས་མཐོ། །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཧཱུྃ། བདུད་གཡག་ནག་པོ་ངར་བ་དེ། །དགྲ་བོའི་བླ་གཡས་ཡིན་པས་བསྒྲལ། །སོད་ཅིག་ཆོད་ཅིག་གཏུབ་ལ་གཏོར། །དགྲ་བོའི་བླ་སྲོག་ཐལ་བར་རློགས། །ཕྱིན་ཆད་དགྲ་བོ་ལྡང་མེད་ཤོག་།དགྲ་བོ་རྗེས་མེད་རླུང་ལ་བསྐུར། །དགྲ་བོ་མིང་མེད་རྩད་ནས་ཆོད། །དགྲ་བོའི་མཐའ་


CMR047_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སྐམ་པར་ཤོག །དགྲ་རྐུན་ཇག་གསུམ་ཐམས་ཅད་མཱ་ར་ཡ་ཧཱུྃ་བྷ་ཡ་ནན། ཞེས་ལྷ་གཡག་སོགས་གནང་དུ་བཅད་བདུད་གཡག་བསྒྲལ་བ་ཐེམ་འོག་ཏུ་མནན། གཡག་རུ་དག་ཆོས་ཁ་ཚར་དུ། སྔགས་འཆང་མགོན་ནག་གིས་བསྐུལ་ངོར། རཱ་ག་ཨ་སྱས་སྨྲས་པ། དགྲ་བོ་རྗེས་མེད་བསམ་པར་འགྲུབ་པར་ཤོག། །སྤྱི་ཟབ་པོ་གསང་རྒྱ། སརྦ་མངྒ་ལཾ།


previousགཡག་རུ་དགྲ་ཆོས་ཁ་ཚར། དགྲ་མཁར་བཤིག་པའི་ལྷན་ཐབས་གུད་སྦས།next