Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བྷྱོ་གདབ།
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousབྷྱོ་གདབ།next

བྷྱོ་གདབ།


CMR047_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་གདབ་ཅེས་པ་ནི། རྣལ་འབྱོར་པ་བདག་དང་མཆེད་ལྕམ་རྣམས་ཀྱིས་ནས་ནག་ཐོགས་ནས་གཏོར། དར་ནག་གིས་གཡབ་ཐལ་མོ་བརྡབ་ཅིང་བཟློག་པ་འདི་སྐད་དོ། །ཧཱུྃ་བྷྱོ། དང་པོ་བློ་ཡིས་མི་གདབ་རྒྱུས། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐུལ། །བར་དུ་བློ་ཡིས་མི་གདབ་རྒྱུས། །ཆོས་སྐྱོང་སྲུང་མ་བྷྱོ་ཡིས་སྦྲན། །ཐ་མ་བློ་ཡིས་མི་གདབ་རྒྱུས། །བར་ཆད་དགྲ་བགེགས་སྦྱོ་ཡིས་བསྒྲལ། །ད་ལྟ་བློ་ཡིས་མི་གདབ་རྒྱུ། །ཆག་ཆེན་ཉམ་ང་བློ་ཡིས་ཟློག །ཧཱུྃ། ང་ནི་སྔགས་འཆང་རྒྱལ་པོ་ཡིན། །ང་ནི་ཟློག་བྱེད་ཆེན་པོ་ཡིན། །ང་ནི་སྟོང་གསུམ་བདག་པོ་ཡིན། །ང་ནི་སྲིད་གསུམ་རྗེ་བོ་ཡིན། །སྣང་སྲིད་ང་ཡིས་དབང་དུ་བསྡུས། །རང་བྱུང་བསྟན་པ་རིན་ཆེན་ལ། །བདག་ཅག་ཞུགས་དང་སྐྱོངས་ལགས་ཏེ། །འགྲོ་དྲུག་སེམས་ཅན་གྲངས་མང་བས། །ལོག་རྟོག་གདུག་པའི་སེམས་དཀྱིལ་དུ། །བསྟན་པའི་རུ་ཏྲ་བྱེད་པ་དང་། །དུག་ལྔ་རྒྱས་པའི་དབང་གིས་ནི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་འཆང་རྒྱལ་པོ་བདག་ཅག་ལ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །གདུག་རྩུབ་གཏུམ་པའི་སེམས་ཀྱིས་སུ། །ངན་སྔགས་དམོད་པ་གང་བྱེད་


CMR047_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྟོང་གསུམ་མ་མོ་བྷྱོ་ཡིས་ཐོབ། །སྟོང་གསུམ་བྷྱོ་སྒྲ་དི་རི་རི། །སྣང་སྲིད་ལྷ་འདྲེ་བློ་ཡིས་ཐོབ། །སྣང་སྲིད་ཕྱོགས་སྒྲ་དི་རི་རི། བྷྱོ༔ ནམ་མཁའ་ལྷ་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །བར་སྣང་གཉན་གྱི་བྱད་སྣ་ཡང་། །དམ་ཉམས་དགྲ་བགེགས་འདི་ལ་བྷྱོ། །ས་བདག་ཀླུ་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །སྣང་སྲིད་ལྷ་འདྲེའི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །གླིང་བཞི་མི་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །འགྲོ་དྲུག་ཡོངས་ཀྱི་དམོད་ཟོར་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །དེ་རིང་འཚོགས་པའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བོ་འདི་ལ་བྷྱོ། །སེམས་ཀྱི་བསམ་པའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བོ་འདི་ལ་བྷྱོ། །ལུས་ལ་འབྱུང་བའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བགེགས་འདི་ལ་བྷྱོ། །དུག་ལྔ་གཡོས་པའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བགེགས་ལ་འདི་ལ་བྷྱོ། །བྷྱོ་ཕྱོགས་སྡང་བའི་དགྲ་ལ་བྷྱོ། །བྷྱོ་ཕྱོགས་གནོད་པའི་བགེགས་ལ་བྷྱོ། །བྷྱོ་བྷྱོ་བར་ཆད་བདུད་ལ་བྱོན། །བྷྱོ་བྷྱོ་བྱད་མའི་སྲོག་ལ་བྷྱོ༔


CMR047_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་བྷྱོ་བྱད་མའི་ཤ་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་སྙིང་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཁྲག་ལ་སྦྱོ། །བྷྱོ་བྷྱོ་བྱད་མའི་རུས་ལ་བྱོཝ། །བྷྱོ་བྷྱོ་བྱད་མའི་ལྕེ་ལ་བློ། །བྷྱོ་བྷྱོ་བྱད་མའི་ལུས་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ངག་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཡིད་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ལྷ་ལ་བློ། །བྷྱོ་བྷྱོ་བྱད་མའི་སྔགས་ལ་སྦྱོ། །སྦྱོ་བྷྱོ་བྱད་མའི་ཐོག་ཏུ་བྷྱོ། །གང་དགོས་ཀྱང་འདི་དགྲ་ཆོས། དགྲ་ཟློག །དགྲ་བྲུབ། དགྲ་མནན་སྤྱི་ལྟར་བྱའོ། །ཨོཾ་སརྦ་དྷརྨ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཡ་དགྲ་བགེགགས་ཀྱི་སྲོག་རྩ་ལ་ཁཱ་ཧི། ཚྭ་ས་ལ་ཁཱ་ཧི། །རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བ་ལིཾ་ཏ་ཁཱ་ཧི། གཏོར་མ་འབྲུ་ནག་གི་ཟན་ལ་དུག་ཁྲག་གིས་སྦག་ལ་ཕུལ་ཏེ་ཕྲིན་ལས་བཅོལ། མཐར་གཏོར་མ་དུག་མཚོན་མེ་རླུང་སོགས་སུ་བསམ་ལ་དགྲ་ཕྱོགས་སུ་འཕང་། བྷྱོ་བཟློག་དམོད་བཅོལ་བྱའོ། །ཨ་རཱ་གས་སོ།། །།


previousབྷྱོ་གདབ།next