Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ལས་མཐའ་མནན་པ་ལྡོག་མེད་གཏད་ཁྲོམ་ནག་པོ།
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ལས་མཐའ་མནན་པ་ལྡོག་མེད་གཏད་ཁྲོམ་ནག་པོ།next

གཡག་རུ་དགྲ་ཆོས་ཀྱི་ལས་མཐའ་མནན་པ་ལྡོག་མེད་གཏད་ཁྲོམ་ནག་པོ།


CMR047_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ལས་མཐའ་མནན་པ་ལྡོག་མེད་གཏད་ཁྲོམ་ནག་པོ་ཞེས་བྱ་བ་བཞུགས་སོ། །བཀའ་རྒྱ་དམ་པའོ།། ན་མོ་མ་ཧཱ་ཀཱ་ལ་ཡེ། གཡག་རུ་ནག་པོའི་ལས་ཀྱི་མཐར། དགྲ་བོ་གཏད་ཁྲོམ་བྱ་བ་ནི། །རི་ཟུར་མཚོ་གཉན་ཆུ་བྲག་སྟེ། །དགྲ་དང་ལེན་པའི་ས་བྲག་ཆུར། །རྒྱ་ལམ་མགོ་བསྟན་ལྷ་ཁང་གང་རུང་ཞབས། །གྲུ་གསུམ་བྲུས་ལ་རྩང་དང་རེ་ཚལ་སྐྱེར་ཕུར་གདབ། །གཡག་རུ་དགྲ་རྫས་བཅས་པ་རྣམས། །མནན་ལ་བཀུག་གཞུག་དྲག་ཏུ་བྱས། །ཧཱུྃ། ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས། །རྣལ་འབྱོར་བདག་ལ་དགོངས་སུ་གསོལ། །དང་པོ་བདེ་གཤེགས་རྣམས་ཀྱི་ཟབཀའ། །དེ་ནས་བྲམ་ཟེ་མཆོག་གི་བཀའ། །ནག་པོ་ཆེན་པོ་འཁོར་བཅས་རྣམས། །ད་ལྟ་རྣལ་འབྱོར་བདག་གི་བཀའ། །དེ་བས་བསྟན་སྲུང་ཆེན་པོ་ཁྱོད། །འཁོར་དང་བཅས་ལ་གཏད་པ་ནི། །བསྟན་པ་བཤིག་པའི་སྡིག་ཅན་འདི། །ཉོན་མོངས་དུག་ལྔ་སྐྱེས་པ་ཡི། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །ཐེག་ཆེན་ཆོས་ལ་ཆོས་མིན་ཟེར། །སྔགས་དང་ཆོས་ལ་རབ་སྨད་ཅིང་། །དགོན་སྡེ་ཆེན་པོ་འདི་ཡིས་བཅོམ། །བནྡེ་རྣམས་ལ་སྐུར་པ་བཏབ། །རྣལ་འབྱོར་བདག་


CMR047_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྙས་ཤིང་སྨད། །འདི་ནི་བསྒྲལ་བའི་ཞིང་ཡིན་ཏེ། །ནག་པོ་ཆེན་པོས་བསྒྲལ་དུ་གསོལ། །སྲོག་ཆོད་ཚེ་སྟུངས་སྙིང་ནས་དྲོངས། །རྣམ་པར་ཤེས་པ་རྟེན་དང་ཕྲོལ། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུང་། །ནང་རོལ་རུས་འཆའ་རྐང་ལ་འཇིབ། །རྩ་དང་ཆུ་རྒྱུས་ཡན་ལག་རྣམས། །སོ་སོར་ཕྱེས་ཤིང་ཞལ་དུ་གསོལ། །སྤྱི་བོའི་གཙུག་ནས་གསང་གནས་བར། །རྐང་པའི་མཐིལ་ལ་མ་ཐུག་བར། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། ཧཱུྃ། ཆོས་སྐྱོང་མགོན་པོའི་ལས་མཛོད་ཅིག །ལས་ངན་སྡིག་ཅན་དགྲ་བོ་འདི། །བཀའ་སྲུང་མགོན་པོའི་ལག་ཏུ་གཏད། །དམ་ཉམས་དགྲ་བོ་ལས་ངན་འདི། །ནག་པོ་ཆེན་པོའི་ལག་ཏུ་གཏད། །བསྟན་པ་བཤིག་པའི་དགྲ་བོ་འདི། །ཆོས་སྐྱོང་སྲུང་མའི་ལག་ཏུ་གཏད། །ཉེས་བྱེད་སྡིག་ཅན་དགྲ་བོ་འདི། །ཚོགས་ཀྱི་བདག་པོའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །དཔལ་ལྡན་ལྷ་མོའི་ལག་ཏུ་གཏད། །ཁྲག་དང་སོལ་རོག་བྲིས་པ་འདི། །དུར་ཁྲོད་བདག་པོའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །སྲིན་པོའི་གཟུགས་ཅན་ལག་ཏུ་གཏད། །དགྲ་བོའི་མིང་


CMR047_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བྲིས་པ་འདི། །ལྷ་ཡི་དམག་ཚོགས་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །རྣལ་འབྱོར་དགྲ་བླའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །དུས་མཐའ་སྟོང་བྱེད་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཤི་བདུད་ནག་པོའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཚེ་ལན་ནག་པོའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །སྲོག་གཅོད་ནག་པོའི་ལག་ཏུ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །དབུགས་ལེན་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཤ་ཟ་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །ཁྲག་འཐུང་ནག་པོ་ཁྱོད་ལ་གཏད། །དགྲ་བོའི་མིང་གཟུགས་བྲིས་པ་འདི། །རུས་འཆའ་ནག་པོ་ཁྱོད་ལ་གཏད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དགོངས་སུ་གསོལ། །ཁྱོད་གྱི་མིང་གཟུགས་གང་ཡང་མེད། །ལས་ངན་སྡིག་ཅན་དགྲ་བོ་འདི། །ཕོ་ཉ་ལས་མཁན་ལག་ཏུ་གཏད། །གནོད་བྱེད་དགྲ་བོ་ལས་ངན་འདི། །ཕྱོགས་བཅུ་མགོན་པོའི་ལག་ཏུ་གཏད། །ཉེས་བྱེད་སྡིག་ཅན་དགྲ་བོ་


CMR047_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཕྱོགས་སྐྱོང་བཅུ་ཡི་ལག་ཏུ་གཏད། །རྣལ་འབྱོར་བདག་ལ་སྡང་བའི་དགྲ། །ཕོ་ཉ་ལས་མཁན་ལག་ཏུ་གཏད། །སྡང་བའི་དགྲ་བོ་འདི་དག་རྣམས། །ལས་ཀྱི་གཤིན་རྗེའི་ལག་ཏུ་གཏད། །ལིངྒ་འདི་ལ་བྲིས་པ་རྣམས། །འཆི་བདག་ནག་པོའི་ལག་ཏུ་གཏད། །ཡིད་ལ་དམིགས་པའི་དགྲ་བོ་རྣམས། །འཆི་བདག་ནག་པོའི་ལག་ཏུ་གཏད། །སྔ་དགྲ་ལག་ལ་བརྡར་བ་རྣམས། །འཆི་བདག་ནག་པོའི་ལག་ཏུ་གཏད། །ཕྱི་དགྲ་ཡིད་ལ་བསམ་པ་རྣམས། །འཆི་བདག་ནག་པོའི་ལག་ཏུ་གཏད། །ད་དགྲ་ཐད་དུ་སྣང་བ་རྣམས། །འཆི་བདག་ནག་པོའི་ལག་ཏུ་གཏད། །ཡིད་ལ་དམིགས་པའི་དགྲ་བོ་རྣམས། །འཆི་བདག་ནག་པོའི་ལག་ཏུ་གཏད། །གཏད་པ་ཐམས་ཅད་མ་ཤོར་ཅིག །དགྲ་བགེགས་མ་ལུས་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་ཧཱ་ཀཱ་ལ་དགྲ་བོ་མཱ་ར་ཡ་ཧཱུྃ་བྷ་ཡ་ནན། དེ་ནས་གཡག་རུ་རྣམས་དོང་དུ་བཅུག་ལ་མི་མངོན་པར་བྱའོ། །བྲོ་བརྡུང་བྱ་བ་ནི་རྐང་པ་རྡོ་རྗེའི་འགྲོས་ཀྱིས་འདི་སྐད་དོ། །ཧཱུྃ། ང་ནི་རྟ་མགྲིན་རྒྱལ་པོ་ཡི། །ང་ཡིས་མི་འདུལ་གང་ཡང་མེད། །སྟེང་གི་ལྷ་ཡང་ང་ཡིས་འདུལ། །བར་སྣང་ལྷ་སྲིན་ང་ཡིས་


CMR047_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ། །ང་ཡི་རྐང་གཡས་བྲོ་བརྡུང་པས། །རྣལ་འབྱོར་ཕོ་བདུད་རྡུལ་དུ་རློགས། །ང་ཡི་རྐང་གཡོན་བྲོ་བརྡུང་བས། །རྣལ་འབྱོར་མོ་བདུད་རྡུལ་དུ་རློགས། །གཡས་གཡོན་ཐབས་ཤེས་མཉམ་བྲོ་བརྡུང་། །དགྲ་བོ་ཐམས་ཅད་རྡུལ་དུ་རློགས། །ཧྲཱི༔ རྟ་བྲོ་ཐང་གཅིག་བརྡུང་བ་ཡིས། །དགྲ་བོའི་སྒལ་ཚིགས་གཅོད་པའི་བྲོ། །ཧྲཱི༔ རྟ་བྲོ་ཐང་གཉིས་བརྡུང་བ་ཡིས། །འབྱུང་པོ་ཐལ་བ་རྡུལ་དུ་བརླག །ཧྲཱི༔ རྟ་བྲོ་ཐང་གསུམ་བརྡུང་བ་ཡིས། །བདུད་རྣམས་ཐལ་བར་བརླག་པའི་བྲོ། །ང་ཡི་བདེན་ཚིག་འདི་སྐད་སྒྲོགས། །ཧོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོ་འདི་ཡི་དམ་སྲི་དང་། །གནོད་བྱེད་ཐམས་ཅད་སུཾ་བྷ་ཡ་ནན། ཨོཾ་ལཾ་ཨ་ལཾ་ཧཱུྃ་ལཾ་སུཾ་ཀཾ་ལཾ་ཏཱཾ་བྷ་ཡ་ནན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ནཱ་ག་རཀྵ་དགྲ་བོ་ཨ་མུ་ཀ་ཧཱུྃ་བྷ་ཡ་ནན། ཞེས་མནན་ལ་འབྱུང་བ་རིམ་བཞིས་རྒྱས་གདབ་བོ། །གཡག་རུ་དགྲ་ཆོས་ཀྱི་ཁ་ཚར་ལས་མཐའགབ་པ་མངོན་དུ་ཕྱུང་བ་མནན་པ་ལྡོག་མེད་གཏད་ཁྲོམ་ནག་པོ་ཞེས་བྱ་བ་སྔགས་འཆང་མགོན་ནག་གིས་བསྐུལ་ལྟར། སྔགས་ནག་ཨ་རྭགས་བྲིས་པའོ། །བཀའ་རྒྱ། གྷུ་ཧྱ།


previousགཡག་རུ་དགྲ་ཆོས་ཀྱི་ལས་མཐའ་མནན་པ་ལྡོག་མེད་གཏད་ཁྲོམ་ནག་པོ།next